མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧུའུ་ཅིན་ཐའོ་དང་ཞིས་ཅིན་ཕེན་གཉིས་ཀྱི་གནས་སྟངས་ཁ་ཁ་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་སྐབས་བཅོ་བརྒྱད་པའི་ཚོཊ་ཆེན་ནི་རྒྱ་དམར་དཔོན་ཤོག་བར་དབང་ཆ་འཐབ་རྩོད་ཀྱི་གར་སྟེཊ་ཤིག་ཆཊ་ཡོད་སྟབས། སྐབས་རྗེས་མའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་གྲས་སུ་གང་དག་བསླེབ་མིན་དང་། དེ་དག་གི་ཆབ་སྲིད་རྒྱབ་ལྗོངས་ག་འདྲ་ཡོད་མེད། དེ་བཞིན། རྒྱ་གཞུང་སྲིད་འཛིན་ལ་གཏན་ཁེལ་ཟིན་པའི་ཞི་ཅིན་ཕེན་ལ། མ་འོངས་པར་རྒྱ་ནག་ཆབ་སྲིད་ལ་འགྱུར་བ་གཏོང་རྒྱུའི་ཕུཊ་འདུན་ཡོད་མེད་བཅས་ནི། རྒྱ་ནག་གནད་དོན་དབྱེ་ཞིབ་པ་དག་གིས་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཆཊ་ཡོད། དེར་བརྟེན། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལཊ་སུ། རྒྱ་གཞུང་གི་མཐོ་རིམ་དཔོན་རིཊ་གསར་པའི་རྒྱབ་ལྗོངས་སྐོར་ནས་བཅར་འདྲི་ཞུས་ཡོད།

     དྲི་བ། སྐབས་རྗེས་མའི་རྒྱ་ནག་གི་དཔོན་རིཊ་གསར་པ་ཆཊ་བཞིན་པ་ཚོའི་འཚར་ལོངས་ཀྱི་བརྒྱུད་རིམ་དང་། ཆབ་སྲིད་རྒྱབ་ལྗོངས་གནས་སྟངས་དེ་ག་འདྲ་ཞིག་ཆཊཡོད་པ་རེད། 

     ལན། མ་འོངས་པའི་རྒྱ་ནག་གི་མགོ་ཁྲིད་གསར་པའི་ནང་ལ་ཞི་ཅིན་ཕེན་དང་ལི་ཁི་ཆང་གཉིས་སྲིད་འཛིན་དང་སྲིད་བློན་ཆཊ་རྒྱུ་ཡིན་པ་དེ་བརྒྱ་ཆ་བརྒྱ་གཏན་ཁེལ་ཡོད་པ་རེད། དེ་བཞིན། མ་འོངས་པའི་རྒྱ་ནག་དཔོན་རིཊ་གསར་པའི་ནང་ལ་བསླེབ་མཁན་གྲས་སུ་ཚོད་དཔག་བྱེད་བཞིན་པ་མང་ཆེ་བ་ནི། རིག་གནས་གསར་བརྗེའི་སྐབས་སུ་འཚར་ལོངས་བྱུང་མཁན་ཡིན་པ་མ་ཟད། སྔོན་ཆད་ཁོ་ཚོའི་ཕ་མ་སྤུན་མཆེད་རྣམས་རྒྱ་ནག་གི་མགོ་ཁྲིད་ཆེན་པོའི་རིཊཡིན་ལ། རྗེས་སུ་རིག་གསར་སྐབས་དགག་རྒྱག་ཕོག་པར་བརྟེན་ནས། ཁོ་ཚོ་ཚང་མ་གྲོང་གསེབ་ཁུལ་དུ་བཏང་སྟེ་དཀའ་ངལ་མང་པོ་མྱང་ཡོད་མཁན་དང་། རིག་གསར་རྗེས་སུ་ཕ་མ་རྣམས་བསྐྱར་དུ་མགོ་ཁྲིད་ཆཊ་རྗེས་གྲོང་ཁྱེར་དུ་ཡོང་སྟེ་སློབ་སྦྱོང་ཐོབ་མཁན་གྱི་གྲས་རེད། སྤྱི་ཡོངས་ཀྱི་ཐོག་ནས་རྒྱ་ནག་གི་དཀའ་ངལ་མང་པོ་ཞིག་གི་ཉམས་མྱོང་བསཊ་ཡོད་མཁན་མི་རབས་གསར་པ་དེ་ཚོ་ཡརབསླེབས་ཡོང་གི་ཡོད་པ་རེད། ལྷག་པར་དུ་ཞིས་ཅིན་ཕེན་ཁོ་རང་གི་རྒྱབ་ལྗོངས་ལ་བལྟས་པ་ཡིན་ན། ཁོ་རང་མ་འོངས་པའི་རྒྱ་ནག་གི་མགོ་ཁྲིད་ཆཊ་པའི་གནད་འགག་གཙོ་བོ་དེ། སྤྱིར་བཏང་རྒྱ་ནག་ནང་ཤོག་ཁག་མང་པོ་ཡོད་ཀྱང་། དེའི་ནང་དུ་ཁྱིམ་རྒྱུད་དཔུང་ཤུཊ་ཏེ་གཙོ་བོ་ཞིག་ཆཊ་བསྡད་ཡོད་སྟབས། ཞི་ཅིན་ཕེན་གྱི་ཕ་རྒན་ནི་རྒྱ་ནག་དམར་ཤོག་སྐབས་དང་པོའི་དུས་སྐབས་ནས་དཀའ་ལས་རྒྱག་མྱོང་མཁན་གྱི་གྲས་ཤིག་ཡིན་པ་མ་ཟད། སྐབས་དེའི་མགོ་ཁྲིད་ཚོའི་ནང་ནས་བསམ་བློ་གུ་ཡངས་དང་ལྟ་བ་ཡག་པོ་ཡོད་མཁན་ཞིག་ཡིན་པ་དེ་ཡོངས་གྲཊ་ཆཊ་བསྡད་ཡོད་པ་རེད། ཧུའུ་ཡའོ་པང་གི་གནད་དོན་སྐབས་སུའང་ཞི་ཅིན་ཕེན་གྱི་ཕ་རྒན་དེ་བསམ་བློ་གུ་ཡངས་ཀྱི་ལྟ་བ་འཛིན་མཁན་ཞིག་ཆཊ་བསྡད་ཡོད་པ་རེད། 

     དྲི་བ། རྒྱ་གཞུང་མཐོ་རིམ་དཔོན་རིཊ་ཀྱི་དབང་ཤུགས་འཐབ་རྩོད་ཁྲོད། ཞི་ཅིན་ཕེན་སྲིད་འཛིན་ཆཊ་བྱེད་ཀྱི་ཤུཊ་རྐྱེན་གཙོ་བོ་གང་རེད། འབྱུང་འགྱུར་གྱི་རྒྱ་གཞུང་མགོ་ཁྲིད་གསར་པའི་སྐབས་རྒྱ་ནག་ནང་འགྱུར་བ་བསླེབ་ཐུབ་མིན་ཐད་གཟིཊ་ཚུལ་ག་རེད་ཡོད་དམ།

     ལན། ཞི་ཅིན་ཕེན་མགོ་ཁྲིད་ཆཊ་དགོས་དོན་དེ་ནི། རྩ་བའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་ཀྱང་། སྤྱི་ཚོཊ་ནང་དཀའ་ངལ་མང་པོ་ཞིག་བསཊ་བསྡད་པ་རེད། ད་ལྟ་མུ་མཐུད་དུ་གཡོན་ཐལ་གྱི་ངོ་བོར་བསྐྱོད་པ་ཡིན་ན། མ་འོངས་པར་རྒྱ་ནག་དམར་ཤོག་རྐུབ་རྡིབ་རྒྱུ་ཡིན་པ་མ་ཟད། ད་ལྟའི་རྒྱ་ནག་དམར་ཤོག་མགོ་ཁྲིད་ཚོའི་ལག་ནས་རྒྱལ་ཁབ་རྐུབ་རྡིབ་རྒྱུའི་ཉེན་ཁ་ཡོད་པ་དེ་ཁོ་ཚོས་ཀྱང་མཐོང་གི་ཡོད་པ་རེད། དེར་བརྟེན། ནང་ཁུལ་ཤོག་ཁ་མང་པོ་ཡོད་ཀྱང་ཡོངས་རྫོགས་རྡོག་སྒྲིག་པའི་ཐོག་ནས་ཞི་ཅིན་ཕེན་ཡར་བསླེབས་པ་ཞིག་ཡིན་པར་མཐོང་གི་འདུག མ་འོངས་པའི་ལོ་ ༡༠ ནང་ཞི་ཅིན་ཕེན་དང་ལི་ཁི་ཆང་གཉིས་རྒྱ་ནག་གི་མགོ་ཁྲིད་ཆཊ་པ་ཡིན་ན། ད་ལྟའི་ཆར་ང་ཚོས་གནས་ཚུལ་མང་པོ་ཞིག་ག་རེ་མཐོང་ཐུབ་ཀྱི་འདུག་ཟེར་ན། རྒྱ་ནག་སྲིད་བློན་ཝུན་ཇ་པའོ་དང་། ཀུང་ཏུང་མངའ་སྡེ་ཝང་ཡཱང་གཉིས་ཀྱི་སྐད་ཆ་བཤད་སྟངས། ཁོ་ཚོས་ས་ཆ་མང་པོ་ཞིག་གི་ནང་ལ་ཚོད་ལྟ་བྱེད་སྟངས་ལ་བལྟས་ཡོང་ན། རྒྱ་ནག་གི་ཆབ་སྲིད་ལམ་ལུཊ་ལ་འགྱུར་བ་གཏོང་རྒྱུའི་འཆར་གཞི་ཞིག་བཏང་བསྡད་ཡོད་པར་མཐོང་གི་འདུག 

     དྲི་བ། ཞི་དང་ཧུའུ་གཉིས་ལ་ཁྱད་པར་ག་རེ་མཐོང་གི་འདུག ཁྱེད་ཀྱིས་ཞི་ཅིན་ཕེན་ལ་རྒྱ་གཞུང་གི་ཆབ་སྲིད་ལ་འགྱུར་བ་གཏོང་རྒྱུའི་འཆར་སྣང་ཡོད་པར་ངོས་འཛིན་གནང་གི་ཡོད་དམ།  

     ལན། ངས་ནི་ཧུའུ་ཅིན་ཐའོ་དང་ཞིས་ཅིན་ཕེན་གཉིས་ཀྱི་གནས་སྟངས་དེ་ཁ་ཁར་མཐོང་གི་ཡོད། ཧུའུ་ཅིན་ཐའོ་ནི་ཏུན་ཞའོ་ཕེན་གྱི་སྐབས་ནས་ཚང་མས་ཁ་ལ་ཉན་མཁན་ཞིག་གསོ་སྐྱོང་བྱས་ནས་བསླེབས་པ་ཡིན་དུས། ཁོ་རང་ངོས་ནས་འགྱུར་བ་གང་ཡང་གཏོང་མ་ཐུབ་པར་ལྷག་བསྡད་པ་རེད། ཞི་ཅིན་ཕེན་ནི་གཅིག་ནས་ཁྱིམ་རྒྱུད་ཀྱི་ངོས་ཐད་ནས། རྒྱ་ནག་གི་དམག་སྲིད་ཏང་གསུམ་ཕྱོཊ་གང་ནས་ཧུའུ་ཐའོ་དང་མ་འདྲ་བར་སྟོབས་ཤུཊ་ཆེན་པོ་ཡོད་པ་རེད། སྐབས་རེར་ཞི་ཅིན་ཕེན་གྱི་སྐད་ཆ་མཁྲེཊ་པོ་དེ་འདྲ་བཤད་ཡོང་གི་ཡོད་ཀྱང་། ཉེ་སྔོན་ཧུའུ་ཡའོ་པང་གི་བུ་ཧུའུ་ཏིག་ཕེན་དང་ཐུག་འཕྲད་བྱས་པ་སོཊ་ཀྱི་ཐོག་ནས་ཀྱང་རྣམ་འགྱུར་ཅིག་སྟོན་གྱིན་ཡོད་པ་རེད་སྙམ། ཧུའུ་ཏིག་ཕེན་ནི་རྒྱ་ནག་ནང་རང་དབང་དམངས་གཙོའི་ཚབ་མཚོན་དཔོན་རིཊ་ཤིག་ལ་ངོས་འཛིན་བཞིན་ཡོད་པ་རེད། ད་ལྟའི་ཆར་རྒྱ་གཞུང་གི་མགོ་ཁྲིད་མང་པོ་ཞིག་ཧུའུ་ཏིག་ཕེན་ལ་ཐུག་ཕོད་ཀྱི་མེད་པའི་སྐབས་འདིར་ཞི་ཅིན་ཕེན་ཐུག་ཕོད་པ་དེས་ཀྱང་། ཁོ་རང་གི་སེམས་ནང་ལ་བློ་སྤོབས་ཤིག་དང་འཆར་གཞི་ཞིག་ཡོད་པ་སྟོན་གྱི་ཡོད་པ་རེད། དེར་བརྟེན། ཞི་ཅིན་ཕེན་མི་སྒེར་གྱི་ངོས་ནས་ཀྱང་ཕུཊ་བསམ་ཡོད་མཁན་ཞིག་ལ་ངོས་འཛིན་བྱས་ཆོག་པ་ཞིག་འདུག་བསམ་གྱིན་ཡོད།

     དྲི་བ། རྒྱ་གཞུང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་དང་སྟབས་བསྟུན་ནས། རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་ཚོས་ཡིད་གཟབ་དང་དམ་འཛིན་བྱེད་དགོས་པའི་ག་རེ་འདུག

     ལན། རྒྱ་གཞུང་གིས་ནམ་རྒྱུན་ཚོགས་ཆེན་ཚོཊ་པ་དང་དུས་ཆེན་སྐབས་གནས་ཚུལ་མི་འབྱུང་བའི་ཆེད། བརྟན་ལྷིང་སྲུང་སྐྱོབ་ཟེར་ནས་བོད་ནང་གཙོས། རྒྱ་ནག་རྒྱལ་ཡོངས་ནང་དམ་དྲག་བྱེད་དྲག་བྱེད་བཞིན་པ་དེ་ནི་ཁོ་ཚོའི་ནམ་རྒྱུན་གྱི་བྱེད་སྟངས་ཤིག་རེད། དེ་ཡིན་དུས། ད་ལྟ་བོད་ནང་བོད་མི་ཚོས་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེཊ་གཏོང་བཞིན་པ་དེ་མུ་མཐུད་ཡོང་ངེས་པ་རེད། དེ་མ་གཏོཊ་རྒྱ་ནག་གི་ཚོཊ་ཆེན་གྱི་སྐབས་དང་བསྟུན་ནས་དམིཊ་བསལ་འདྲ་མིན་བྱས་པ་དེས་ཕན་ཐོཊ་མེད་པར་གནོད་འགྲོ་གི་འདུག དཔེར་ན། ༢༠༠༨ ལོར་རྒྱ་ནག་ཨོ་རྩེད་འགྲན་ཚོཊ་སྐབས། ཁོ་ཚོའི་རྒྱལ་ཁབ་ཅིག་གི་ལ་རྒྱ་དང་གཟི་བརྗིད་ལྟ་བུར་བརྩིས་ཡོང་གི་ཡོད་དུས། རྒྱ་གཞུང་མགོ་ཁྲིད་ཚོས་དེ་བེད་སྤྱོད་བྱས་ཏེ་ང་ཚོ་ནི་རྒྱ་ནག་གི་ཨོ་རྩེད་ལ་འགོག་རྐྱེན་བཟོ་མཁན་ཞིག་ཏུ་བརྗོད་ཡོང་དུས། རྒྱ་ནག་གི་དཔོན་རིགས་ཚོའི་ཁྲོད་ཀྱི་གཡོན་ཐལ་དང་མཁྲེགས་འཛིན་བྱེད་མཁན་ཚོར་གོ་སྐབས་མང་པོ་རག་སྟེ། ཁོ་ཚོར་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱོཊ་ཐལ་དབང་ཆ་ཆེན་པོ་ཆཊ་པ་དང་། རྒྱ་ནག་གི་མགོ་ཁྲིད་དེ་ཚོར་རྒྱ་ནག་མི་མང་གི་རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་ཡོད་པ་རེད། དེས་ང་ཚོའི་ལས་དོན་ལ་གང་ཡང་ཕན་གྱི་མི་འདུག དེ་བཞིན། སྐབས་བཅོ་བརྒྱད་པ་འཚོགས་རྒྱུ་དེ་རྒྱ་ནག་གི་ཆབ་སྲིད་ཀྱི་ལས་དོན་གལ་ཆེ་ཤོས་ཤིག་ལ་བརྩི་བཞིན་ཡོད་ལ། རྒྱ་ནག་གི་མགོ་ཁྲིད་འགྱུར་བ་གཏོང་རྒྱུ་དེའང་རིམ་པས་ཡག་ཏུ་འགྲོ་བཞིན་ཡོད་པ་རེད། རྒྱ་ནག་གི་སྤྱི་ཚོགས་དེ་བཟང་ཕྱོགས་ལ་འགྱུར་འགྲོ་ཐུབ་པ་ཡིན་ན། དེ་ལ་བརྟེན་ནས་ང་ཚོ་བོད་ཀྱི་གནད་དོན་སེལ་རྒྱུ་ལས་སླ་རུ་འགྲོ་བ་དང་། ད་ལྟའི་མགོ་ཁྲིད་ཚོར་མ་འོངས་པའི་ལོ་བཅུའི་ནང་ལོགས་ལ་བོད་ཀྱི་གནད་དོན་དེ་སེལ་དགོས་པའི་བསམ་བློ་ཡོད་པ་རེད་བསམ་གྱི་འདུག དེ་ཚོའི་ཐོག་ལ་ང་ཚོས་དོ་སྣང་བྱེད་དགོས་པ་རེད་དྲན་གྱི་འདུག

 

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༥༧༠ ལས་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༥ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 3

  1. ཁྲི་སྲོང་བཙན། says:
    ལོ་ 13 སྔོན།

    དྲྭ་གྲོགས་ཚོ། བོད་རེ་བས་ཕུང་ཟེར་བ་གོ་མ་མྱོང་ངམ།

    Reply
  2. བཛྲ་སུ་མ་ཏི། says:
    ལོ་ 13 སྔོན།

    བྱ་མེད་ས་ནས་བོང་བུས་ནམ་ཚོད་ཟིན་ཀྱི་འདུག

    Reply
  3. སྐར་མདའ། says:
    ལོ་ 13 སྔོན།

    མུ་མཐུད་ནས་རྒྱ་ནག་ལ་རེ་སྐམ་བརྒྱབ་ནས་སྡོད། རྒྱ་གཞུང་གི་དཔོན་རབས་ལྔ་པ་སླེབས་རག་བར་དུ་དེ་འདྲ་རྐྱང་རྐྱང་བཤད་བསྡད་པ་རེད། ཞིས་ཅིན་ཕེན་གྱི་རྗེས་ལ་རྒྱ་དཔོན་སུ་ཞིག་སླེབས་ཀྱི་རེད་དམ་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese