མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསང་ཆུ་རྫོང་དུ་ཡང་བསྐྱར་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་མདོ་སྨད་བླ་བྲང་ཟ་ཡུས་ནང་ནས་ཡིན་པའི་བོད་མི་ཞིག་གིས་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རང་ལུས་མེར་བསྲེགས་བཏང་འདུག

དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༤ ་ཙམ་ལ། མདོ་སྨད་བླ་བྲང་ཟ་ཡུས་ནང་གི་རང་ལོ་ ༥༧ ཡིན་པའི་རྡོ་རྗེ་རིན་ཆེན་ལགས་ཀྱིས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་སྲང་ལམ་དུ་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་འདུག

འདི་གར་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རྡོ་རྗེ་རིན་ཆེན་ལགས་ཀྱིས་བསང་ཆུ་རྫོང་འོད་ལྡན་ཚོང་རའི་ཉེ་འདབས་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་སྲང་ལམ་དུ་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག  ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་ཕྱིར་སྡེ་བའི་ནང་གདན་འདྲེན་ཞུ་སྐབས་རྒྱ་གཞུང་ཉེན་རྟོག་བཙན་འཕྲོག་བྱ་རྩིས་བྱས་པར་བརྟེན། མི་མང་དང་ཉེན་རྟོག་པའི་བར་འཁྲུག་རྩོད་ཤོར་ཡོད་ཀྱང་།  མཐའ་མར་རྒྱ་གཞུང་གི་ལག་ཏུ་ཤོར་མ་བཅུག་པར་ཕྱིར་སྡེ་བའི་ནང་སྐུ་ཕུང་གདན་འདྲེན་ཞུས་ཡོད་འདུག

སྐུ་གཤེགས་དཔའ་བོ་རྡོ་རྗེ་རིན་ཆེན་ལགས་ཀྱི་སྐྱེས་ཡུལ་ཟ་ཡུས་སྡེ་བ་གོང་མ་ཡིན་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་ཀླུ་ཐར་འཚོ་ཟེར་ལ། ཁོང་ལ་བུ་བུ་མོ་གཉིས་ཡོད་པ་ལས། བུའི་མིང་ལ་རྟ་བྷོའུ་དང་། བུ་མོའི་མིང་ལ་རིག་འཛིན་འཚོ་ཟེར་བ་དང་། ཁོང་ཚང་ལ་སྡོམ་པའི་བཟའ་མི་བརྒྱད་ལས་གྲུབ་པའི་མི་ཚང་ཞིག་ཡིན་འདུག 

འདས་པོ་ཁོང་ད་ནངས་ཞོགས་པ་སྔ་མོ་ནས་ཡར་ལངས་ཏེ་དང་ཐོག་བླ་བྲང་དགོན་པར་སོང་ནས་མཆོད་མཇལ་དང་སྐོར་བ་གང་ཐུབ་ཅིག་སོང་རྗེས། དགོན་པ་དང་རང་ཁྱིམ་བར་ཕར་འགྲོ་ཚུལ་འོང་ཐེངས་གསུམ་བྱས་ཏེ། མཐའ་མར་དེར་རང་ཁྱིམ་གྱི་ཕྱི་ནང་གང་སར་གཙང་སྦྲ་ཧ་ལས་པའི་ལེགས་པོ་ཞིག་བྱས་ནས་ཡར་རྒྱ་སྲང་གི་ཉེན་རྟོག་སྒོ་འགྲམ་དུ་སོང་སྟེ་རང་བསྲེགས་ཀྱིས་སྐུ་གྲོངས་ཡོད་འདུག 

གཞན་ཡང་། བླ་བྲང་དགོན་པའི་དགེ་འདུན་པ་རྣམས་དཔའ་བོ་ཁོང་མེར་བསྲེགས་གཏོང་ས་དེར་སྨོན་ལམ་གསུངས་ཏུ་བསྐྱོད་སྐབས།  རྒྱ་གཞུང་ཉེན་རྟོག་པས་བླ་བྲང་དགོན་པ་ནས་བསང་རྫོང་ཐོག་ཏུ་བསྐྱོད་སའི་ལམ་བར་གྱི་ཟམ་ཁ་ནས་བཀག་འགོག་བྱས་པར་བརྟེན།  དགེ་འདུན་པ་རྣམས་ནས་ཟ་ཁ་དེ་ནས་སྨོན་ལམ་གསུངས་རྗེས་ཕྱིར་ལོག་ཡོད་འདུག

 ད་ལྟའི་ཆར་ས་གནས་བོད་མི་མང་པོ་ཞིག་ཟ་ཡུས་སྡེ་བའི་ཕྱོགས་སུ་བསྐྱོད་བཞིན་ཡོད་ཅིང་། རྒྱ་གཞུང་གིས་ཉེན་རྟོག་དམག་མི་འགྲེམས་འཇོག་གིས་སྲང་ལམ་ཁག་ཏུ་བཀག་སྡོམ་ནན་མོ་བྱེད་བཞིན་པ་མ་ཟད། ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཆ་ཚང་བཀག་འགོག་བྱས་ཡོད་འདུག 

 

 

གསར་འགོད་པ། ཚེ་རིང་རྒྱལ

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༣ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༥ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 3

  1. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    དཔའ་བོ་ཡོད་ཚད་རང་ལུས་མེ་ལ་བསྲེགས། །རྗེས་ལུས་སྤུན་ཟླ་མིག་ཆུས་ཁོག་པ་བརྣངས། །གཞིས་བྱེས་རང་རེའི་བོད་ཀྱི་སྐལ་བ་འདི། །བསམ་ཞིང་བསམ་ཚེ་སྙིང་ཡང་ཚལ་པར་གས། །ཀྱེ་ཀྱེ་རིགས་ཀྱི་སྤུན་ཟླ་གཞོན་ནུ་ཚོགས། །ཕ་མ་བསད་པའི་དགྲ་ཤ་སྙིང་ལ་བཟུང་། །དུས་དང་ནུས་པ་སྨིན་པའི་སྐབས་ཤིག་ལ། །ལུད་པ་ཙམ་ལས་མེད་རུང་རྒྱ་ལ་འདེབས། །ལོ་སྟོང་འགོར་རུང་སྙིང་ནད་མ་བརྗེད་མ་དགོས། །མནར་གཅོད་སྟོང་གིས་སྤུན་ཟླ་བསད་པ་དེ། །ང་ཚོའིོ་སྙིང་ལ་རི་མོ་བྲིས་བཞིན་དགོས། །ནམ་ཞིག་ང་ཚོས་རྒྱ་སྙིང་གསོན་སྲེག་བྱེད། །
    ༸གོང་ས་མཆོག་རྒྱལ་གྱུར་ཅིག བོད་རྒྱལ་གྱུར་ཅིག དཔའ་བོ་ཁོང་རྣམས་རྒྱལ་གྱུར་ཅིག སྤུན་ཟླ་ཚོ། དགྲ་བོ་རྒྱ་དམར་ང་ཚོས་ནམ་ཡང་བརྗེད་མི་རུང་། ང་ཚོའི་སྣོད་བཅུད་གཉིས་རྩ་མེད་བཟོ་མཁན་དགྲ་བོ་རྒྱ་དམར་ཡིན་པ་ནམ་ཡང་མ་བརྗེད། རྒྱ་རྒན་ནག་པོ་སྡུག་ཤི་རྒྱག་པར་ཤོག

    Reply
  2. མི་རྒོད། says:
    ལོ་ 14 སྔོན།

    ཡ་ད་ང་ཚོ་ཕྱི་སྡོད་བོད་མི་ཅི་བྱས་ན་ལེགས་སམ།
    ཨ་རིར་དངུལ་ལོར། ཡོ་རོབ་དངུལ་ལོར། ནང་ཁུལ་འཐབ་རྩོད།
    མི་རིགས་ཤ་ཞན། དབྱེན་དཀྲུག་རིགས། མེད་པ་གཅིག་གི་ཆིག་སྒྲིལ། དེ་རྣམས་བྱེད་སླ་བ་རེད།་་་་་་་་་་་་་་་འོ་ན་་་་་་གང་བྱེད་དམ་་་་་་གོང་གསལ་རྣམས་བརྒྱབ་སྐྱུར་བྱས་ན་་་་་་་མེད་པ་ལས་ཡོད་ཙམ་བྱུང་བ་་་་་་་་་་

    Reply
  3. ཤག་སྒང་པ། says:
    ལོ་ 14 སྔོན།

    མེ་ཕུང་དེ་ཚ་ཚ་འུར་གྱིས་འབར་གྱིན་རེད།།

    འཛམ་གླིང་དེ་བདེ་བདེ་ལྷིང་དུ་འཇགས་ཀྱིས་ཉལ།

    དྲང་བདེན་གྱི་བདེན་གྲོགས་ཟེར་བ་མེད་སོང་ཉིན།།

    མཉམ་འབྲེལ་གྱི་བདེ་སྡུག་ཟེར་བ་མེ་རུ་བསྐྱུརད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese