མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མེའོ་དང་ཏེ་ཛུ་གཉིས་སུ་མི་འགྲོ་ ༥༤༡ འདེམས་སྒྲུག་བྱས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རུ་ཎ་ཅལ་མངའ་སྡེའི་མེའོ་དང་ཏེ་ཛུ་གཞིཊ་ཆཊ་གཉིས་སུ་མཐའ་མའི་མི་འགྲོ་ ༥༤༡ གཏན་ཁེལ་དང་། མ་འོངས་པའི་བདུན་ཕྲག་གཉིས་ནང་ཀྲི་ཀྲང་དང་འབུམ་ལ་བསྟན་སྒང་ལའང་མི་འགྲོ་འདེམས་སྒྲུག་གིས་འཆར་ལོའི་ལོ་མགོར་བོད་མི་དེ་དག་ཁེ་ཎ་ཌའི་གྲོང་ཁྱེར་ ༥ ནང་གཞིས་སྤོ་བྱ་རྒྱུ་རེད།

ད་ཆར་ཨ་རུ་ཎ་ཅལ་མངའ་སྡེའི་བོད་མིའི་གཞིས་ཆཊ་ཁག་ཏུ་ཁྱོན་བོད་མི་ ༧༡༣༤ ཙམ་ཡོད་པའི་ནང་། ཐེངས་འདིའི་ཁེ་ཎ་ཌའི་གཞིས་སྤོ་ལས་གཞིའི་ཁྲོད་ཕྱིར་འཐེན་བྱེད་མཁན་མི་ ༡༠༠༠ ཙམ་བྱུང་འདུག ད་ལྟ་ལས་གཞི་དེའི་ཁྲོད་མེའོ་ཆོས་འཕེལ་གླིང་དང་ཏེ་ཛུ་དར་རྒྱས་གླིང་གཞིས་ཆཊ་གཉིས་ལ་མཐའ་མའི་མི་འགྲོ་ ༥༤༡ ཙམ་འདེམས་སྒྲུག་ཟིན་པ་དང་། དེ་མིན་ཀྲི་ཀྲང་དང་འབུམ་ལ་བསྟན་སྒང་ཁ་འཐོར་གཞིས་ཆཊ་ལའང་མ་འོངས་པའི་བདུན་ཕྲག་གཉིས་ནང་མཐའ་མའི་མི་འགྲོ་འདེམས་སྒྲུག་བྱ་རྒྱུ་དང་། འཆར་ལོའི་ལོ་མགོ་ནས་བོད་མི་དེ་དག་ཁེ་ཎ་ཌའི་གྲོང་ཁྱེར་ལྔའི་ནང་དངོས་སུ་གཞིས་སྤོ་མགོ་འཛུཊ་བྱ་རྒྱུ་ཡིན་འདུག ཐེངས་འདིའི་གཞིས་སྤོ་ལས་གཞིའི་ཁྲོད་ཐོངས་ཆེན་ (visa) ༡༠༠༠ ཡོད་པའི་ཁྲོད་མི་ ༩༠༠ སྔོན་ལ་རྒྱན་རྒྱག་རྒྱུ་དང་། དེའི་འཕྲོས་ཀྱི་ས་མིག་ ༡༠༠ མ་འོངས་པར་སྐྱེ་སྲིད་པའི་ཕྲུ་གུ་དང་། བཟའ་ཟླ་མི་རིཊ་གཞན་ཡིན་པ། བོད་རིཊ་དམག་མིའི་གནས་སྟངས་ལ་དམིགས་ཏེ་གནས་སྐབས་རིང་ཟུར་འཇོག་བྱས་ཡོད་འདུག

ཉེ་ལམ་དབུས་བོད་མིའི་སྒྲིག་འཛུཊ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཨ་རུ་ཎ་ཅལ་བོད་མིའི་གཞིས་ཆཊ་སུ་གཟིཊ་སྐོར་གནང་སྟེ་ཕྱིར་ངྷ་སར་འབྱོར་མཚམས། འདི་གའི་གསར་འགོད་པས་ནང་སྲིད་བཀའ་བློན་མཆོག་ལ་ད་ལྟའི་ཨ་རུ་ཎ་ཅལ་བོད་མིའི་གཞིས་སྤོ་ལས་གཞིའི་གནས་སྟངས་གང་འདྲ་ཆཊ་ཡོད་མེད་སྐོར་བཀའ་འདྲི་ཞུས་པར། ད་བར་གྱི་བོད་མི་གཞིས་སྤོ་ལས་གཞི་ཡོངས་རྫོཊ་གང་དུ་གཞིས་སྤོ་བྱ་སའི་རྒྱལ་ཁབ་དེས་སྦྱིན་བདག་བྱས་པའི་ཐོག་གཞུང་འབྲེལ་གྱི་ངོ་བོའི་ཐོག་གཏོང་བཞིན་ཡོད་ཀྱང་། ད་ཐེངས་ཀྱི་ཁེ་ཎ་ཌའི་གཞིས་སྤོ་ལས་གཞི་ནི་དེ་སྔའི་ཨ་རིའི་བོད་མི་ཆིག་སྟོང་གི་ལས་གཞི་དང་། ཨོ་སི་ཊོ་ལི་ཡའི་ཆབ་སྲིད་བཙོན་ཟུར་གཞིས་སྤོ་ལས་གཞི་དང་ཅུང་མི་འདྲ་བར། ལས་གཞི་དེར་ཁེ་ཎ་ཌའི་བོད་དོན་ལས་འཆར་ཚོཊ་པས་ (Tibet Project Society) གཙོ་འགན་འཁུར་བཞིན་ཡོད་པ་ལས་ཁེ་ཎ་ཌའི་གཞུང་ངོས་ནས་སྦྱིན་བདག་གནང་གི་མེད་པ་དང་། ལས་གཞི་དེ་ཐོག་མར་མགོ་འཛུཊ་སྐབས་ཁེ་ཎ་ཌའི་ཕྱོཊ་ནས་ཡུལ་དེར་གནས་སྡོད་བོད་རིཊ་ཉི་མ་རྡོ་རྗེ་ལཊ་དམིཊ་བསལ་འབྲེལ་མཐུད་པར་བསྐོ་བཞག་དང་། བོད་མིའི་སྒྲིག་འཛུཊ་ཕྱོཊ་ནས་ནང་སྲིད་དྲུང་འཕར་དོན་གྲུབ་རྡོ་རྗེ་ལཊ་ལས་གཞིའི་སྐུ་ཚབ་ཏུ་བསྐོ་བཞག་བྱས་ཏེ། ཁེ་ཎ་ཌའི་དམིཊ་བསལ་འབྲེལ་མཐུད་པ་དང་ནང་སྲིད་ལས་ཁུངས་གཉིས་ཐུན་མོང་ཐོག ལས་གཞིའི་ཆ་རྐྱེན་དོན་ཚན་ ༡༠ ཅན་གྱི་གན་རྒྱར་མཚན་རྟཊ་བཀོད་རྗེས་བཀའ་ཤག་ལ་ཆོག་མཆན་ཞུས་ཏེ་བཀའ་འཁྲོལ་ཐོབ་ཡོད་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ངོ་སྤྲོད་གནང་དོན་ལྟར་ན། མ་གཞི་རྒྱ་གར་ནི་བོད་མི་ཚོར་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་སོཊ་ཕྱོཊ་གང་ཐད་ནས་བཀའ་དྲིན་ཆེན་པོ་ཡིན་རུང་། རྒྱལ་ཁབ་ཆེན་པོ་འདིའི་ས་གནས་ཁག་ཅིག་ནང་། བོད་མི་ཚོར་རང་བཞིན་གྱིས་གདོང་ལེན་བྱ་དགོས་པའི་དཀའ་ངལ་ཁག་ཅིག་འཕྲད་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་གར་ཨ་རུ་ཎ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་མི་ཚོར་དམིཊ་བསལ་དཀའ་ངལ་ཞིག་འཕྲད་བཞིན་པའི་རྐྱེན་གྱིས། ༸གོང་ས་མཆོག་གིས་ཁེ་ཎ་ཌའི་སྲིད་བློན་མཆོག་ལ་བོད་མི་གང་འཚམ་ཞིག་ཁེ་ཎ་ཌར་གཞིས་སྤོ་ཡོང་བའི་འབོད་སྐུལ་དང་། རྒྱ་གར་དབུས་གཞུང་ལའང་ས་གནས་བོད་མིའི་དཀའ་ངལ་རྣམས་གསལ་བཤད་གནང་སྟེ་མོས་མཐུན་བྱུང་ཡོད་པ་ལྟར། ལོ་སྔོན་མའི་ལོ་མཇུག་ཙམ་ལ་ཁེ་ཎ་ཌའི་སྲིད་གཞུང་གིས། རྒྱ་གར་ཨ་རུ་ཎ་ཅལ་མངའ་སྡེའི་ནང་གི་བོད་མི་ ༡༠༠༠ ཙམ་ཁེ་ཎ་ཌར་སྐྱབས་བཅོལ་དུ་ལེན་རྒྱུའི་ཁས་ལེན་གནང་ཡོད་ཅིང་། མི་འགྲོའི་འདེམས་སྒྲུག་ལས་གཞི་དེ་ད་ལོའི་ལོ་མགོ་ནས་མགོ་འཛུཊ་ཀྱིས་ཟླ་རྗེས་མའི་ཕྱི་ཚེས་ ༡༥ ཉིན་བར་ཡོངས་སུ་འགྲུབ་པར་བྱས་ཏེ། ནང་སྲིད་ལས་ཁུངས་ཀྱིས་མི་འགྲོའི་ཐོ་གཞུང་རྣམས་ཁེ་ཎ་ཌའི་བོད་དོན་ལས་འཆར་ཚོཊ་ཆུང་ལ་རྩིས་སྤྲོད་གནང་རྒྱུ་དང་། མི་འགྲོའི་ཐོ་གཞུང་རྩིས་སྤྲོད་བྱས་རྗེས་ཚོཊ་ཆུང་དེས་གཞིས་སྤོ་བྱེད་མཁན་བོད་མི་ཚོའི་གནས་སྟངས་ལ་ཞིབ་འཇུག་གིས་སྦྱིན་བདག་འཚོལ་དགོས་རྒྱུ་དང་། ཕར་ཕྱོཊ་སུ་བསླེབས་རྗེས་ཀྱང་གཞིས་སྤོ་བྱེད་མཁན་ཚོ་འཚོ་བ་རང་མགོ་མ་ཐོན་བར་ཚོཊ་པ་དེས་རོཊ་སྐྱོར་གནང་དགོས་ཀྱི་ཡོད་ཅིང་། གནས་སྤོའི་ལས་གཞི་དེ་ ༢༠༡༣ ནས་ ༢༠༡༥ ལོ་བར་ངེས་པར་དུ་མཇུག་བསྡུ་དགོས་ཀྱི་ཡོད་འདུག

ནང་སྲིད་ལས་ཁུངས་ཀྱིས་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་བའི་རྩིས་ཐོ་ལྟར་ན། ད་ཆར་ཨ་རུ་ཎ་ཅལ་བོད་མིའི་གཞིས་ཆགས་ཁག་ཏུ་ཁྱོན་བོད་མི་ ༧༡༣༤ ཙམ་ཡོད་པའི་ཁྲོད། མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་མི་ ༢༨༩༤ དང་། ཏེ་ཛུ་དར་རྒྱས་གླིང་གཞིས་ཆགས་སུ་མི་ ༡༣༧༢ ། ཀྲི་ཀྲང་གཞིས་ཆཊ་སུ་ ༡༢༣༨ ། འབུམ་ལ་བསྟན་སྒང་ཁ་འཐོར་གཞིས་ཆགས་སུ་ ༡༦༣༠ ཙམ་ཡོད་འདུག་ལ། དེ་དག་ལས་ཏེ་ཛུ་དང་ཀྲི་ཀྲང་གཉིས་ལ་ཁེ་ཎ་ཌར་གནས་སྤོར་གྱི་མི་འགྲོའི་ས་མིག་ ༣༦༨ ཙམ་ཐོབ་ཡོད་པ་དང་། མེའོ་ལ་ས་མིག་ ༤༠༣ ། འབུམ་ལ་བསྟན་སྒང་ཁ་འཐོར་གཞིས་ཆཊ་ལ་ས་མིག་ ༢༢༩ བཅས་ཐོབ་ཀྱི་ཡོད་འདུག

ཐེངས་འདིའི་ཏེ་ཛུ་གཞིས་ཆགས་སུ་སྔོན་འགྲོའི་མི་འགྲོ་འདེམས་སྒྲུག་སྐབས་མི་ཧྲང་ ༢༡༡ དང་། ཁྱིམ་ཚང་ ༡༩༦ ལ་ཁྱིམ་མི་ ༥༨༦ བཅས་ཁྱོན་མི་ ༧༩༦ འདེམས་སྒྲུག་ཟིན་པ་དང་། མཐའ་མའི་མི་འགྲོ་འདེམས་སྒྲུག་སྐབས་རྒྱན་བརྒྱབ་སྟེ། མི་ཧྲང་ ༥༦ དང་། ཁྱིམ་ཚང་ ༣༣ གྱི་ཁྱིམ་མི་ ༡༡༣ བཅས་ཁྱོན་མི་ ༡༧༡ ལ་འོས་ཤོག་ཐོབ་ཡོད་པ་དང་། མེའོ་གཞིས་ཆགས་སུ་སྔོན་འགྲོའི་མི་འགྲོའི་འདེམས་སྒྲུག་སྐབས་མི་ཧྲང་ ༤༨༣ དང་། ཁྱིམ་ཚང་ ༤༡༥ ལ་ཁྱིམ་མི་ ༡༥༤༡ བཅས་ཁྱོན་མི་ ༡༩༥༦ འདེམས་སྒྲུག་དང་། མཐའ་མའི་མི་འགྲོའི་འདེམས་སྒྲུག་སྐབས་རྒྱན་བརྒྱབ་སྟེ། མི་ཧྲང་ ༢༠༡ དང་། ཁྱིམ་ཚང་ ༤༧ ལ་ཁྱིམ་མི་ ༡༦༩ བཅས་ཁྱོན་མི་ ༣༧༠ འོས་ཤོག་ཐོབ་ཡོད་འདུག

གཞན། ཐེངས་འདིའི་གཞིས་སྤོ་ལས་གཞིའི་ཁྲོད་ཏེ་ཛུ་གཞིས་ཆཊ་སུ་མི་ ༥༧༥ གཙོས་ཁྱོན་གཞིས་ཆགས་ཁག་ཚང་མའི་ནང་ཕྱིར་འཐེན་བྱེད་མཁན་མི་ ༡༠༠༠ ཙམ་བྱུང་ཡོད་འདུག་ལ། ཁོང་ཚོ་ཕྱིར་འཐེན་བྱེད་དོན་གཙོ་བོ་ནི། ལོ་ན་ཆེན་པོ་ཡིན་པ་དང་གཟུགས་གཞི་ཐང་པོ་མེད་པ། འགྲོ་འདོད་མེད་པ། འགྲོ་འདོད་ཡོད་ཀྱང་ཆ་རྐྱེན་མི་ཚང་བའི་རིཊ་བཅས་ཡིན་འདུག མི་འགྲོའི་མཐའ་མའི་རྒྱན་ཤོག་ཐོབ་ཀྱང་ཐོངས་ཆེན་དང་གནམ་གྲུའི་གླ་ཆ། འཕྲོད་བསྟེན་བརྟག་དཔྱད་བཅས་ཀྱི་འགྲོ་སོང་གཏོང་མི་ཐུབ་མཁན་དག་ལ། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་སྐབས་བསྟུན་ཞིབ་འཇུག་གིས་ལམ་གྲོན་བོགས་མར་གཏོང་རྒྱུར་དགོངས་བཞེས་གནང་གི་ཡོད་འདུག

ནང་སྲིད་བཀའ་བློན་མཆོག་གིས་གསུངས་པ་ལྟར་ན།  གཞིས་སྤོའི་ལས་གཞི་དེ་ནི་སྤྱིར་སྔ་ས་ནས་ཚར་དགོས་པ་ཞིག་ཡིན་རུང་། བཀའ་ཤག་གསར་རྙིང་འཕོ་འགྱུར་ཕྱིན་པ་དང་ཕྱོཊ་གཉིས་ཀའི་ངོས་ནས་ལས་གཞིའི་འགྲོ་སྟངས་གསལ་པོ་མ་ཆཊ་པ། སྦྱིན་བདག་འཚོལ་སྟངས་ཐོག་ཕན་ཚུན་བར་གོ་བརྡ་མ་འཕྲོད་པ་བཅས་ཀྱིས་ཡུན་རིང་འགོར་འགྱངས་ཕྱིན་ཡོད་ལུཊ་གསལ་བཤད་དང་སྦྲགས། ད་ཆར་མེའོ་ཆོས་འཕེལ་གླིང་གཞིས་ཆགས་དང་ཏེ་ཛུ་དར་རྒྱས་གླིང་གཉིས་ལ་སྔོན་འགྲོའི་མི་འགྲོ་འདེམས་སྒྲུག་གནང་ཕྱོཊ་དང་། མཐའ་མའི་མི་འགྲོ་འདེམས་སྒྲུག་སྐབས་རྒྱན་བརྒྱབ་སྟེ་ལས་གཞི་ཧ་ཅང་ལེཊ་གྲུབ་བྱུང་ཡོད་ཚུལ་དང་། མ་འོངས་པའི་བདུན་ཕྲག་གཉིས་ནང་ཀྲི་ཀྲང་གཞིས་ཆཊ་དང་འབུམ་ལ་བསྟན་སྒང་བཅས་ལའང་མཐའ་མའི་རྒྱན་བརྒྱབ་སྟེ། མི་འགྲོའི་ཐོ་གཞུང་ཁེ་ཎ་ཌའི་བོད་དོན་ལས་འཆར་ཚོཊ་པར་སྤྲོད་འཆར་ཡོད་ཚུལ། དེ་བཞིན། བོད་དོན་ལས་འཆར་ཚོཊ་པའི་བཀོད་འདོམས་འོག ཐེངས་འདིའི་གཞིས་སྤོ་ལས་གཞིའི་ཁྲོད་ཐོངས་ཆེན་ (visa) ༡༠༠༠ ཡོད་པའི་ནང་ནས་མི་ ༩༠༠ སྔོན་ལ་རྒྱན་རྒྱག་རྒྱུ་དང་། དེའི་འཕྲོས་ཀྱི་ས་མིག་ ༡༠༠ ཙམ་མ་འོངས་པར་སྐྱེ་སྲིད་པའི་ཕྲུ་གུ་དང་། བཟའ་ཟླ་མི་རིཊ་གཞན་ཡིན་པ། བོད་རིཊ་དམག་མིའི་གནས་སྟངས་ལ་བལྟས་ཏེ་སྐབས་བསྟུན་མཁོ་སྤྲོད་གནང་རྒྱུ་ཡིན་འདུག

ཨ་རུ་ཎ་ཅལ་བོད་མི་གཞིས་སྤོ་བྱེད་མཁན་དེ་དག་ཁེ་ཎ་ཌའི་བོད་རིཊ་འདུས་སྡོད་ཆེ་ཤོས་ཀྱི་ས་གནས་ཁག་ ༥ ནང་གཏོང་འཆར་ཡོད་འདུག་ལ། ཁེ་ན་ཌའི་ས་གནས་དེ་དག་ནི་གྲོང་ཁྱེར་ཊོ་རོན་ཊོ དང་། ཝན་ཁོ་ཝར། ཨོ་ཊ་ཝ། མོན་ཊི་རིལ། ཁེལ་གྷ་རི་བཅས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

མཆན། 3

  1. ཡུལ་གྱར་བའི་མི་ཚེ། says:
    ལོ་ 10 སྔོན།

    བརྒྱ་བཤད་སྟོང་བཤད་བྱས་ཀྱང་ཕན་པ་གང་ཡང་མེད་
    དེ་ལས་དྲང་པོ་དྲང་ཤག་བྱེད་རོག་གནང་།
    ཉམ་ཆུང་རྣམས་ཀྱི་རེ་བ་ཡིན།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ང་ཡང་ཕྱི་རྒྱལ་ལ་ཐར་རོགས་བྱས་ན་ཨང་།

    Reply
  3. སེང་གེ says:
    ལོ་ 10 སྔོན།

    སྐུ་ངོ་མཆོག་གིས་མཛད་འཕྲིན་ཞེ་དྲག་བསྐྱངས་འདུག

    དེ་རིང་སྐུ་པར་མཐོང་བས་སྐུ་ངོ་མཛེས་མ་ཡིན་པ་གཞི་ནས་ཤེས་སོང། ལོ་ཅིག་ཆུང་རྒྱུ་ན་ཁ་པར་བཏང་ནས་ཚོད་ལྟ་ཐེངས་གཅིག་བྱེད་ས་རེད། སྐུ་ངོ་འདི་ཚོ་མཛེས་མ་རྐྱང་རྐྱང་ཡིན་ན་སྐྱིད་པ་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist