རྒྱ་གཞུང་གིས་དེ་རིང་ནས་བཟུང་མེ་འཁོར་ལ་བསྡད་དེ་བོད་དང་ཤིན་ཅང་། པེ་ཅིན་བཅས་སུ་བསྐྱོད་མཁན་འགྲུལ་བ་རྣམས་ལ་ཞིབ་བཤེར་དམ་དྲགས་བྱ་རྒྱུའི་སྒྲིག་གཞི་ལག་བསྟར་དགོས་པ་བསྒྲགས་འདུག
ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ནས་བཟུང་། རྒྱ་གཞུང་གིས་མེ་འཁོར་ལ་བསྡད་དེ་བོད་རང་སྐྱོང་ལྗོངས་སུ་འབོད་པའི་དབུས་གཙང་ཁུལ་དང་། ཡུ་གུར་རང་སྐྱོང་ལྗོངས། རྒྱ་ནག་རྒྱལ་ས་པེ་ཅིན་བཅས་སུ་བསྐྱོད་མཁན་འགྲུལ་བ་རྣམས་མེ་འཁོར་ནང་འཛུལ་སྐབས། རྒྱ་ནག་གི་ས་ཁུལ་གཞན་དག་དང་མ་འདྲ་བར་དམིགས་བསལ་གྱི་ཐོག་ནས་ཞིབ་བཤེར་དམ་དྲགས་བྱ་དགོས་པའི་ལམ་ལུགས་བཟོས་ཏེ། འགྲུལ་བ་མི་སྒེར་དང་། སོ་སོའི་ཐོབ་ཐང་ལག་འཁྱེར། མེ་འཁོར་འཛིན་བྱང་གསུམ་མཉམ་དུ་གཤིབ་བསྡུར་གྱིས་ཞིབ་བཤེར་བརྒྱུད་མེ་འཁོར་ནང་འཛུལ་དགོས་སྐོར་བསྒྲགས་འདུག
རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ས་ཁུལ་དེ་དག་ནང་བསྐྱོད་པའི་མེ་འཁོར་ནང་། འགྲུལ་བའི་ཐོབ་ཐང་ལག་ཁྱེར་དང་མེ་འཁོར་འཛིན་བྱང་། མི་སྒེར་བཅས་གཤིབ་བསྡུར་གྱིས་དཔང་འཕེར་བཟོ་དགོས་པའི་སྒྲིག་གཞི་ལག་བསྟར་བྱ་དགོས་པ་དང་། དེ་རིང་ནས་བཟུང་ལྕགས་ལམ་སྡེ་ཁག་དག་གིས་འགྲུལ་བ་རྣམས་མེ་འཁོར་ས་ཚིགས་དང་མེ་འཁོར་ནང་འཛུལ་སྐབས། བརྒྱ་ཆ་ ༡༠༠ མི་དཔང་དངོས་དཔང་ལྡན་པའི་ཞིབ་བཤེར་བྱེད་དགོས་པ་དང་། ཞིབ་བཤེར་གྱི་འགན་ཁུར་ལྕགས་ལམ་སྡེ་ཁག་དང་ཉེན་རྟོག་སྡེ་ཁག་མཉམ་འབྲེལ་ཐོག་འཁྱེར་དགོས་སྐོར་བརྗོད་འདུག
་་་་་་བོད་དང་ཤིན་ཅང་། པེ་ཅིན་བཅས་སུ་བསྐྱོད་མཁན་འགྲུལ་བ་རྣམས་ལ་ཞིབ་བཤེར་དམ་དྲགས་་་་་་་ཨེ། ག་རེ་བྱས་ནས།