མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀན་ལྷོ་ཉེན་རྟོག་ཁང་གི་བརྡ་ཁྱབ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༡ ཉིན་ཀན་ལྷོ་ཁུལ་ཉེན་རྟོག་སྡེ་ཁག་གིས་བརྡ་ཁྱབ་ཅིག་སྤེལ་ཏེ། མེར་བསྲེགས་དང་འབྲེལ་ཡོད་མི་སྣ་རྩིས་སྤྲོད་བྱེད་མཁན་གྱི་བོད་མི་ནང་རུལ་བར་རྒྱ་སྒོར་ཁྲི་ ༥ ནས་ ༢༠ བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པ་བསྒྲགས་འདུག

དེ་རིང་ཕྱི་ཚེས་ ༢༤ ཉིན་དྷ་སར་གནས་སྡོད་བུད་མེད་རྩོམ་པ་པོ་གཟུངས་ཕྱུག་སྐྱིད་ཀྱིས། འདི་ག་གསར་ཁང་ལ་ཀན་ལྷོ་ཁུལ་ཉེན་རྟོག་སྡེ་ཁག་གིས་ས་གནས་ཁག་ཏུ་བཀྲམས་པའི་བརྡ་ཁྱབ་ཡི་གེའི་པར་རིས་ཤིག་བཏང་འབྱོར་བྱུང་བའི་ནང་། ཉེ་ཆར་བོད་མདོ་སྨད་གཙོས་དང་བླ་བྲང་ཁུལ་དུ་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས། སྔ་ཕྱིར་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱུང་བའི་གནས་ཚུལ་ཐད། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཀན་ལྷོ་ཁུལ་ཉེན་རྟོག་སྡེ་ཁག་གི་ངོས་ནས། མང་ཚོགས་ཀྱིས་མ་སྐུལ་དང་ལེན་གྱིས་ཁྲིམས་འགལ་ཉེས་སྤྱོད་འདི་རིགས་ལ་འཐབ་རྩོད་བྱེད་དགོས་པ་དང་། དུས་ཐོག་དང་འཕྱུགས་པ་མེད་པར་ལྐོག་ཇུས་འགོད་མཁན་མངོན་གསལ་དུ་ཐེར་འདོན་བྱེད་ཆེད། ཁྲིམས་ལྟར་ཁྲིམས་འགལ་ཉེས་སྤྱོད་ལ་དྲག་རྡུང་བྱས་ནས་སྟོབས་ཤུགས་ཡོད་རྒུས་རང་ཁུལ་གྱི་འཆམ་མཐུན་གཏན་འཇགས་སྲུང་སྐྱོང་བྱ་དགོས་པའི་བཀའ་རྒྱ་བཏང་སྟེ།  རང་ལུས་མེར་བསྲེགས་དང་འབྲེལ་ཡོད་མི་སྣ་རྒྱ་གཞུང་ལ་རྩིས་སྤྲོད་བྱེད་མཁན་ལ་དངུལ་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་སྐོར་གྱི་བརྡ་ཁྱབ་དོན་ཚན་བཞི་ཅན་ཞིག་འགྲེམས་བསྒྲགས་བྱས་ཡོད་འདུག 

ཀན་ལྷོ་ཁུལ་ཉེན་རྟོག་ལས་ཁུངས་ཀྱི་བརྡ་ཁྱབ་དེའི་ནང་། གཅིག སྤྱི་བདེ་ལས་ཁུངས་ལ་རང་བསྲེགས་དོན་རྐྱེན་བཟོ་བ་དང་འབྲེལ་བའི་ཇུས་འགོད་དང་ངན་སྐུལ། ལྐོག་ཇུས་འགོད་པ་དང་མི་སེམས་སླུ་བ་བཅས་ཀྱི་ཁུངས་སྣེ་ཉེས་མཚང་ཐེར་འདོན་དང་། གོང་ཞུ་བཅས་བྱེད་པའི་མི་སྣ་ལ་མི་དམངས་ཤོག་སྒོར་ཁྲི་ ༥ ཡི་བྱ་དགའ་གནང་རྒྱུ།  གཉིས། ཉེ་ཆར་བྱུང་བའི་རང་བསྲེགས་དོན་རྐྱེན་བཞིའི་ལྐོག་ཇུས་འགོད་མཁན་དེ་འཕྱུགས་པ་མེད་པར་ཐེར་འདོན་བྱེད་པའི་མི་སྣ་ལ་མི་དམངས་ཤོག་སྒོར་ཁྲི་ ༢༠ ཡི་བྱ་དགའ་གནང་རྒྱུ།  གསུམ། སྤྱི་བདེ་ལས་ཁུངས་ཀྱིས་ཁུངས་སྣེ་ཐེར་འདོན་བྱེད་པའི་མི་གཏན་ནས་གསང་སྲུང་བྱ་རྒྱུ་དང་། མི་ལུས་བདེ་འཇགས་ཀྱི་འགན་འཁུར་རྒྱུ་ཡིན།  བཞི། བྱ་དགའ་འདི་དམིགས་བསལ་གྱི་ཐབས་ལམ་དང་བྱེད་སྟངས་བརྒྱུད་ནས་སྤྲོད་རྒྱུ་ཡིན། ཅེས་བཀོད་འདུག

གཞན་ཡང་བརྡ་ཁྱབ་ཡི་གེ་དེའི་ནང་ཉེན་རྟོག་སྡེ་ཁག་ལ་འབྲེལ་བ་བྱ་སའི་གཏན་འཇགས་ཁ་པར་གཉིས་དང་། ལག་འཁྱེར་ཁ་པར་གཉིས་བཅས་མཁོ་སྤྲོད་བྱས་ཡོད་པ་མ་ཟད། ཉེ་ཆར་བསྟུད་མར་རང་བསྲེགས་གཏོང་བའི་དོན་རྐྱེན་བཞི་བྱུང་སྟེ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་དང་མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་གྱི་རྣམ་པར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་སྐོར་བརྗོད་འདུག 

 

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༥ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༨ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 4

  1. ཁམས་པ། says:
    ལོ་ 14 སྔོན།

    ཕྱི་ལོགས་སུ་ཡོད་པའི་བོད་པ་ཚང་མས་རྒྱ་གཞུང་ཀན་ལྷོ་ཁུལ་ཉེན་རྟོག་ལས་ཁུངས་ཀྱིས་སྤྲད་པའི་ཨང་གྲངས་དེ་དག་གི་ཐོག་གཅིག་རྗེས་གཉིས་མཐུད་ཀྱིས་ཁ་པར་གཏོང་རོགས། ཚང་མས་མགྲིན་དབྱངས་གཅིག་གྱུར་གྱིས་བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཅེས་གསུང་། གལ་སྲིད་རྒྱ་སྐད་ཤེས་མཁན་ཡོད་ན་西藏要自由དང་迎请达赖喇嘛返回西藏ཅེས་གསུང་རོགས། ཁོ་ཚོ་སུན་སྣང་གིས་ཁ་པར་དེ་དག་གི་སྒོ་རྒྱག་རག་པར་ཏུ་གཏོང་རོགས། ཁ་པར་ཨང་གྲངས་དེ་དག་འདི་ལྟར་རེད།
    008615293669011
    008615293669012
    00869416696271
    00869416696272
    འདི་བློ་ཐབས་ཤིག་མིན་རྒྱུ་མི་འདུག གལ་ཏེ་ཁ་པར་ཨང་གྲངས་བརྗེས་རྗེས་ཤེས་མཁན་ཡོད་ན་ཡང་བསྐྱར་འཇོག་རོགས། ཧ་ཧ།

    Reply
  2. བློ་བཟང་ཕུན་ཚོགས། says:
    ལོ་ 14 སྔོན།

    བཙན་བྱོལ་ན་གནས་པའི་བོད་མི་ཀུན་ལ་ཞུ་རྒྱུ།དེ་རིང་གི་བརྡ་ཁྱབ་འདི་ནི་ང་ཚོ་ལ་མཚོན་ན་གོ་སྐབས་ཤིག་རེད། གོ་སྐབས་འདི་བཟུང་ནས་ང་ཚོ་རིན་མེད་ཐོག་ནས་ཇུས་འགོད་དང་ངན་སྐུལ་བྱེད་མཁན་དེ་སུ་ཡིན་མིན་གསལ་བཤད་བྱེད་དགོས་ཀྱི་རེད།རང་མི་རིགས་ཀྱི་གཅེས་ཕྲུག་དག་གི་རིན་ཆེ་ཚེ་སྲེག་ཕྲོག་མཁན་དེ་ནི་འཛམ་གླིང་འདིའི་མི་མང་ཀུན་གྱིས་རྒྱ་ནག་ཀོང་ཁྲན་སྲིད་གཞུང་ཡིན་པ་ངེས་ལེན་བྱེད་བཞིན་པ་དེ་གསལ་བཤད་བྱེད་དགོས་ཀྱི་མ་རེད་དམ།འདི་ནི་ང་ཚ་འགྲུབ་ཐུབ་པ་ཞིག་ཡིན་ན།གོང་གི་བརྡ་ཁྱབ་ནང་གི་ཁ་པར་ཨང་གྲངས་རྣམས་འདི་ནས་བགོད་རྒྱུ་མཁྱེན་མཁྱེན་ཞུ།

    Reply
  3. ནོར། says:
    ལོ་ 14 སྔོན།

    ཕྱི་ལོགས་སུ་ཡོད་པའི་བོད་པ་ཚང་མས་རྒྱ་གཞུང་ཀན་ལྷོ་ཁུལ་ཉེན་རྟོག་ལས་ཁུངས་ཀྱིས་སྤྲད་པའི་ཨང་གྲངས་དེ་དག་གི་ཐོག་གཅིག་རྗེས་གཉིས་མཐུད་ཀྱིས་ཁ་པར་གཏོང་རོགས། ཚང་མས་མགྲིན་དབྱངས་གཅིག་གྱུར་གྱིས་བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཅེས་གསུང་། གལ་སྲིད་རྒྱ་སྐད་ཤེས་མཁན་ཡོད་ན་西藏要自由དང་迎请达赖喇嘛返回西藏ཅེས་གསུང་རོགས། ཁོ་ཚོ་སུན་སྣང་གིས་ཁ་པར་དེ་དག་གི་སྒོ་རྒྱག་རགས་པར་ཏུ་གཏོང་རོགས། ཁ་པར་ཨང་གྲངས་དེ་དག་འདི་ལྟར་རེད།
    008615293669011
    008615293669012
    00869416696271
    00869416696272

    Reply
  4. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    ཡར་ཞུ། ཀན་ལྷོ་ཁུལ་ཉེན་རྟོག་སྡེ་ཁག་གི་མགོ་གཙོ་ཧུའུ་སྐུ་ཞབས་རེད། བརྒྱུད་སྐུལ་བྱེད་མཁན་ཞིང་ཆེན་ཏང་གི་རྒྱུན་ལས་ཀྲུའུ་ཞི་ཝུན་སྐུ་ཞབས་རེད། ཇུས་འགོད་མཁན་ཀྲུང་དབྱང་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཀྲུའུ་ཞི་སྲིད་འཛིན་ལས་ཐོགས་དང་ཝུན་ཇ་པའོ་སོགས་རེད། ཁོང་ཚོར་ཤ་ཉེའི་འབྲེལ་བ་ཡོད་པ་རེད། མི་དམངས་ཤོག་སྒོར་ཁྲི་ ༢༠ དེ་མགྱོགས་པོར་འཕྲོད་པའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese