མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་སར་གཞོན་སྐྱེས་ལས་མེད་ཆེད་ལས་ཁུངས་གསར་འཛུཊ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་ཊེ་ནཱེ་སོའུ་སྦྱོང་བརྡར་བསྟི་གནས་ཁང་གཉིས་ཀྱིས། བོད་པའི་གཞོན་སྐྱེས་ལས་མེད་ཚོར་དམིགས་ཏེ། ༼བོད་མིའི་མདུན་ལམ་སློབ་སྟོན་ལྟེ་གནས་ཁང་༽ དང་གློག་ཀླད་སྦྱོང་བརྡར་ལྟེ་གནས་ཁང་གཉིས་གསར་འཛུཊ་གནང་སོང་།

དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠།༣༠ ཐོག བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་རྒྱ་གར་གྱི་གྲོང་ཁྱེར་བྷེང་བྷེར་རྟེན་གཞི་བྱེད་པའི་ཊེ་ནཱེ་སཱོ་སྦྱོར་བརྡར་བསྟི་གནས་ཁང་ (TechnoServe India) གཉིས་ཟུང་འབྲེལ་ཐོག ངྷ་རམ་ས་ལར་བོད་མིའི་མདུན་ལམ་སློབ་སྟོན་ལྟེ་གནས་ཁང་ ( Tibetan Career Center) དང་། གློག་ཀླད་སྦྱོང་བརྡར་ལྟེ་གནས་ཁང་བཅས་ལས་ཁུངས་གཉིས་དབུ་འབྱེད་གནང་སོང་ལ། མཛད་སྒོའི་ཐོག་ངྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལཊ་གཙོས། བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་། བྷེང་ལོར་ཊེ་ནཱེ་སོའུ་སྦྱོང་བརྡར་བསྟི་གནས་ཁང་གི་སྐུ་ཚབ་སྐུ་ཞབས་ཨ་ཤི་ཝ་ཐུ་མཱོའུ་ལེ་ངྷ་རམ་ལགས། དེ་བཞིན། བཞུགས་སྒར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་བཅས་ཆེད་ཕེབས་གནང་འདུག

བོད་མིའི་མདུན་ལམ་སློབ་སྟོན་ལྟེ་གནས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ༼བོད་མིའི་མདུན་ལམ་སློབ་སྟོན་ལྟེ་གནས་ཁང་༽ དེ་ནི། སྐབས་བཅུ་བཞི་པའི་བཀའ་ཤག་གིས་བཙན་བྱོལ་བོད་མིའི་གཞོན་སྐྱེས་ཚོར་དམིགས་བསལ་ཐུགས་འཁུར་དང་དགོངས་པ་ཆེར་བཞེས་གནང་བ་ཞིག་དང་། ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༨ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདས་པའི་ལོ་གཅིག་གི་ལས་བསྡོམས་ནང་། འབྱུང་འགྱུར་བཙན་བྱོལ་བོད་མིའི་གནས་སྟངས་ཁ་གང་དུ་ཕྱོགས་མིན་གཞོན་སྐྱེས་ཚོར་རག་ལུས་ཡོད་པའི་གསུང་བཤད་གནང་བ་དང་། ༢༠༡༠ ལོར་བྷེང་ལོར་རྟེན་གཞི་བྱས་པའི་ཊེ་ནཱེ་སོའུ་སྦྱོང་བརྡར་ཁང་གིས་བོད་མིའི་གཞིས་ཆགས་ཁུལ་དུ་ཉམས་ཞིབ་བརྒྱུད། ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་དུ་བོད་པའི་སྤྱི་ཚོགས་ནང་གཞོན་སྐྱེས་ལས་མེད་བརྒྱ་ཆ་ ༦༡% ཡོད་པའི་ལས་བསྡོམས་ཕུལ་ཡོད་པ་བཅས་ལ་གཞིགས་ཏེ། བོད་པའི་གཞོན་སྐྱེས་ལས་མེད་ཀྱི་གནས་སྟངས་བསྒྱུར་ཐབས་སུ་མགོ་འཛུགས་གནང་བ་ཞིག་ཡིན་འདུག 

ད་ལྟའི་ཆར་བཀའ་ཤག་གི་ལམ་སྟོན་འོག་ངྷ་རམ་ས་ལ་གཙོས། ལྡི་ལི་དང་བདེ་སྐྱིད་གླིང་། ཨོ་རི་ས་ཕུན་ཚོགས་གླིང་། བྷེང་ལོ་ལྷོ་སྤྱི་ལས་ཁུངས། མོན་གྷོ་འདོད་རྒུ་གླིང་། བྷེལ་ཀོལ་ལུགས་བསམ་གླིང་། བལ་ཡུལ་སྤོག་ར་བཅས་ས་གནས་ཁག་ ༨ དུ་ལས་ཁུངས་གསར་འཛུགས་གནང་ཡོད་ལ། དམིགས་ཡུལ་གཙོ་བོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སློབ་གྲྭ་ཁུངས་མ་འཁྱོལ་བ་དང་། མཐོ་སློབ་དུ་ཕྱིན་སྟེ་སློབ་སྦྱོང་མུ་མཐུད་གནང་མ་ཐུབ་པའི་རིཊ་འཚོལ་ཞིབ་དང་འབྲེལ་ལམ་བཙུགས་ཏེ་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་དང་། བོད་པའི་གཞིས་ཆགས་ཁུལ་དུ་ཡོད་པའི་གཞོན་སྐྱེས་ཚོ་མུ་མཐུད་ས་གནས་རང་དུ་གནས་ཐུབ་ཆེད་ལས་རིགས་འདྲ་མིན་ཐོག་སློབ་སྟོན་གནང་རྒྱུ་བཅས་ཡིན་ལ། གློག་ཀླད་སྦྱོང་བརྡར་ཁང་ནི་དམིགས་བསལ་གློག་ཀླད་ལ་དོ་སྣང་ཡོད་མཁན་དང་སྦྱང་འདོད་མཁན་གྱི་རིགས་ལ་དམིགས་པ་ཞིག་ཡིན་འདུག

ལྟེ་གནས་ཁང་དེ་གཉིས་ནི། ༢༠༡༣ ལོའི་ཕྱི་ཟླ་ ༧ ཚེས་ ༣༡ བར་ས་གནས་ཁག་ཏུ་གསར་འཛུགས་གནང་ཡོད་ཅིང་། དུས་ཡུན་དེའི་ནང་བོད་ནས་ཕེབས་མཁན་དང་རྒྱ་གར་ནང་སྡོད་མཁན་བཅས་དབྱེ་བ་གང་ཡང་མེད་པའི་ཐོག་བསྡུ་རུབ་གནང་རྒྱུ་ཡིན་པ་མ་ཟད། ལྟེ་གནས་ཁང་དེའི་ལས་བྱེད་རྣམ་པ་ལས་ཁུངས་རང་དུ་མི་སྡོད་པར་ས་གནས་ཁག་ནང་ཕྱིན་སྟེ། ཕ་མ་དང་ཕྲུ་གུ་ལྟ་བ་མི་མཐུན་པའི་རིགས་ཡོང་གི་ཡོད་ཚེ་ཕ་མ་དང་མཉམ་དུ་གོ་བསྡུར་གནང་རྒྱུ་དང་། དེ་མིན་གཞིས་ཆགས་ཁུལ་གྱི་སྤྱི་ཁང་དུ་འདུ་འཛོམས་ཀྱི་གོ་བསྡུར་ཐག་གཅོད་གནང་རྒྱུ་དང་། གཞོན་སྐྱེས་ལས་མེད་ཀྱི་རིགས་ལ་ཆེད་དུ་ཐུག་འཕྲད་ཀྱིས་ལས་གཞི་ངོ་སྤྲོད་དང་དམིགས་ཡུལ་འགྲེལ་བཤད་བརྒྱུད་བསྡུ་རུབ་དང་། རིམ་གྱིས་ལས་ཀའི་གོ་སྐབས་བཅས་ཕུལ་རྒྱུ་ཡིན་འདུག གལ་སྲིད། ས་གནས་གཞན་དུ་ཞུགས་འདོད་ཡོད་ཚེ་ས་གནས་བརྗེ་སྤོར་བྱེད་ཆོག་གི་ཡོད་འདུག  

མདུན་ལམ་སློབ་སྟོན་ཁང་དུ་བོད་མི་ཞིག་ཡིན་ཚེ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཞུགས་ཆོག་གི་ཡོད་ཀྱང་། ལས་མེད་དངོས་དང་འགྱུར་ལྡོག་ལས་མེད་བཅས་སྡེ་ཚན་གཉིས་སུ་བགོས་ཏེ་འདེམས་སྒྲུག་སློབ་སྟོན་གནང་རྒྱུ་དང་། གློག་ཀླད་སྦྱོང་བརྡར་སྡེ་ཚན་དུ་བོད་པ་ཡིན་པ་ཙམ་གྱིས་མི་འགྲིག་པར་དབྱིན་སྐད་ཀྱི་ཤེས་ཚད་གང་འཚམ་དགོས་ཀྱི་ཡོད་པ་མ་ཟད། ཟླ་རྗེས་མའི་ཕྱི་ཚེས་ ༡༥ ཡར་སྔོན་དུ་འཚང་སྙན་དང་བཅས་ཐོ་འགོད་བྱས་རྗེས། མི་ ༢༢ གནས་སྟངས་ལ་གཞིགས་ཏེ་འདེམས་སྒྲུག་བྱ་རྒྱུ་དང་། བསླབ་གཞི་གཙོ་བོ་གློག་ཀླད་ཀྱི་རྨང་གཞིའི་ཤེས་བྱ་དང་། རྨང་གཞི་ཡོད་མཁན་ལ་གནས་ཚད་དང་བསྟུན་ཏེ་སློབ་ཁྲིད་བྱེད་ཀྱི་ཡིན་པ་དང་། གནས་ཚུལ་འདིའི་རིགས་ལས་ཁུངས་དུ་ངོ་བཅར་དང་དྲ་རྒྱ་ www.tibet.jobeestan.com བརྒྱུད་འབྲེལ་བ་གནང་ཆོག་གི་ཡོད་འདུག

ལས་ཁུངས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས། ༢༠༠༩ ལོའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་སྐབས་བཙན་བྱོལ་ནང་བོད་མི་སྟོང་ཕྲག་ ༩༧ མ་ཟིན་ཙམ་ཞིག་ཡོད་པ་ལས། ལོ་ ༡༩ ནས་ ༤༠ བར་མིས་བཙན་བྱོལ་བོད་མིའི་སྤྱི་འབོར་གྱི་བརྒྱ་ཆ་ ༤༠% ནས་ ༤༥% ཟིན་ཡོད་པ་དང་། ༢༠༠༡ ལོ་ནས་ ༢༠༡༠ བར་རྒན་རབས་པ་མང་པོ་འདས་གྲོངས་དང་ཕྲུ་གུ་སྐྱེས་ཚད་ཉུང་དུ་ཕྱིན་པ་སོགས་ཀྱིས། ད་ལྟའི་ང་ཚོའི་གནས་སྟངས་དེ་ལོ་གཞོན་གྱིས་གྲུབ་པའི་རྒྱལ་ཁབ་ཅིག་ཆགས་ཡོད་སྐོར་གསལ་བཤད་དང་འབྲེལ། ཁོང་གིས། “ ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱིས་མཐོ་སློབ་ཐོན་པའི་སློབ་མ་ལས། སློིབ་གྲྭ་ཁུངས་མ་འཁྱོལ་བ་དང་འཛིན་རིམ་བཅུ་གཉིས་ཐོན་མཁན། མཐོ་སློབ་ཕྱེད་ཀ་ལས་མ་འགྲིམས་པའི་རིགས་ལ་ལས་ཀ་སྤྲོད་དགོས་བསམ་ཀྱང་སྤྲོད་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོའི་དཀའ་ངལ་ཆེ་ཤོས་གཅིག བོད་མི་མང་ཆེ་བས་ང་ཚོ་རྒྱ་གར་ནང་གཏན་སྡོད་བྱེད་མཁན་མིན་པར། མ་འོངས་པའི་དུས་ཤིག་ལ་ང་ཚོར་ཕྱིར་བོད་ནང་ལོག་འགྲོ་གི་རེད་བསམ་པའི་འཕྲལ་སེལ་གྱི་བསམ་བློ་བཏང་བའི་དབང་གིས་དཀའ་ངལ་མང་པོ་ཞིག་བྱུང་གི་འདུག ང་ཚོའི་དཀའ་ངལ་གཞན་ཞིག་ནི། གཞིས་ཆགས་ཁག་དང་ས་གནས་མང་པོའི་ནང་ནང་མི་སྤུན་མཆེད་དང་ཕ་མ་ཕྱི་རྒྱལ་དུ་ཡོད་སྟབས། ཕྱི་རྒྱལ་དུ་འཐེན་རྒྱུ་དང་ཕྱི་རྒྱལ་ནས་དངུལ་གཏོང་རྐྱང་བྱས་ཏེ། གཞོན་སྐྱེས་མང་པོ་ཞིག་རང་ངོས་ནས་ལངས་ཐབས་བྱ་རྒྱུའི་བསམ་བློ་འཁོར་མ་ཐུབ་པའི་ཁར། སྤྱི་ཚོགས་ནང་ཊེ་སྦེ་དང་ཐ་མ་ནག་པོ་འཐེན་མཁན་སོགས་འཕྲོ་བརླགས་དུ་འགྲོ་བཞིན་པའི་དཀའ་ངལ་བྱུང་བཞིན་ཡོད་སྟབས། མ་འོངས་པར་གཞོན་སྐྱེས་ཚོ་སོ་སོའི་རྒྱལ་ཁབ་དང་ཕ་མར་བརྟེན་མི་དགོས་པར། སོ་སོ་རང་གི་རྐང་པའི་སྒང་ལངས་ཐུབ་པ་བྱ་རྒྱུ་དང་། ཕ་མའི་ངོས་ནས་ཀྱང་དེ་དག་ལ་བསམ་བློ་བཏང་སྟེ་མདུན་ལམ་སློབ་སྟོན་དང་འབྲེལ་བའི་གཞུང་གི་ལས་གཞི་ལ་རྒྱབ་སྐྱོར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ” ཅེས་གསུངས་སོང་། 

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 9

  1. འཇམ་གཅེས ། says:
    ལོ་ 14 སྔོན།

    སྲིད་སྐྱོངམཆོག་གིས་ལོ་གཅིག་ལྷག་གི་རིང་དུ་ངོ་མ་འབད་བཙོན་ཆེན་པོ་གནང་སོང་སྙིང་ནས་ཡིད་རངས་ཞུ་རྒྱུ་དང་། འབྱུང་འགྱུར་མཛད་འཆར་རྣམ་ཐུགས་བཞེད་བཞིན་འགྲུབ་པའི་སྨོན་འདུན་ཞུ།

    Reply
  2. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    དྲི་བ་གཅིག་དང་བསམ་ཚུལ་གཅིག་ཡོད།ད་ལྟའི་དུས་ཚོད་འདི་བོད་པ་ཚང་ལ་སློབ་སྦྱོང་གི་བྱེད་དགོས་པའི་དུས་སྐབས་ཤིག་རེད་དམ།་རང་དབང་དང་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་ལ་ཞུགས་དགོས་པའི་དུས་སྐབས་་ཤིག་རེད།་
    བསམ་ཚུལ་གཅིག་ཡོད་པ་ནི།
    འདས་པའི་ལོ་༥༣་ནང་བོད་དོན་བདེན་པའི་འཐབ་རྩོད་རྒྱུན་མ་ཆད་པར་གནས་ཡོད་ན་ཡང་གྲུབ་འབྲས་ཆེན་པོ་ཞིག་ཐོབ་མ་ཐུབ་པ་ནི་བསམ་བློ་གཅིག་སྒྲིལ་མེད་པ་ཁོ་ནས་ལན་པ་ཅེས་བརྗོད་ཆོགརྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་རང་དབང་གི་འཐབ་རྩོད་ཞིག་ཡིན་ན།འཐབ་རྩོད་པ་གཞི་རིམ་མི་དམངས་རྣམས་ཀྱིས་བསམ་བློ་གཅིག་སྒྲིལ་ཐོག་ལས་འགུལ་གཅིག་སྒྲིལ་གྱི་ནུས་པ་འབུར་དུ་ཐོན་པ་ཞིག་དགོས་ན་ཡང་།་བོད་མི་གཞི་རིམ་དམངས་ཚོགས་ནང་བསམ་བློ་གཅིག་སྒྲིལ་མེད་པ་དང་ལས་འགུལ་གྱི་ནུས་པ་ཁ་ཐོར་དུ་སོང་བ།ཆོལ་ཁ་དང་ཆོས་ལུགས་ཀྱི་ལྟ་ཚུལ་ཕྱོགས་ལྷུང་ཆེ་དྲག་པས་ལན་པ་རེད།་་བསམ་བློ་སྒྱུར་བཀོད་མེད་པར་མུ་ཐུད་ནས་ལམ་ནོར་ཐོག་བསྐྱོད་ན་དཔའ་བོ་སྟོང་ཕྲག་མང་པོ་ཚེ་སྲོག་ཤོར་ན་ཡང་གྲུབ་འབྲས་ཐོབ་མི་ཐུབ་པ་དེ་ངེས་པར་དུ་ཤེས་དགོས།
    མི་རིགས་དང་ཆོལ་ཁ།་ཕོ་མོ་དང་རྒན་གཞོན་ཆོས་པ་དང་སྲིད་དོན་པ་ཡོངས་ཀྱིས་དགོངས་པ་བཞེས་དགོས་པ་ནི།སྲིད་སྐྱོང་སྒྲིག་འཛུགས་གཅིག་གི་འོག་ལངས་ཕྱོགས་གཅིག་དང་།་དམིགས་ཡུལ་གཅིག་དང་འབོད་སྒྲ་གཅིག་གི་ནུས་པ་མཉམ་སྤུང་བྱ་ཐུབ་པ་གནང་དགོས་པ་གལ་འགག་ཆེན་པོ་མཐོང་།

    Reply
  3. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    སྐབས་དེར་གུས་པ་དབྱིན་ཡིག་གི་མགྲོན་ཤོག་ལྟར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་མཛད་སྒོར་བཅར་བ་ཡིན། གསར་འབྱོར་གྱི་དྲི་མས་ཁེངས་པའི་སྣེ་ལེན་ཁང་གི་ཉལ་ཁང་དེའི་རྣམ་པ་ཡོངས་སུ་བསྒྱུར་ཏེ། དངོས་གནས་མདུན་ལམ་སློབ་སྟོན་ཁང་ཟེར་ངེས་དེ། འདི་མིན་ན་ཅི་ཡིན་སྙམ་པའི་སྤྲོ་བས་རབ་ཏུ་ཁེངས། འོན་ཀྱང་སྒོ་རྟགས་དང་མཛད་སྒོའི་ཁ་བྱང་གིས་མཚོན་པའི་གྱང་སྦྱར་གསལ་བསྒྲགས་ཚང་མ་དབྱིན་ཡིག་ཤ་སྟག་རེད་འདུག ང་ཙམ་མ་ཡིན་པའི་ཚོར་ཤུགས་ཆེ་བའི་ཚོགས་ཞུགས་པ་འགའ་ཞིག་གིས་ཆེད་དུ་འབད་པ་ཆེན་པོས་ཁྱོན་ཡོངས་སུ་དོ་སྣང་ཞིབ་བལྟ་ཞིག་བྱས་པ་ཡིན་ཏེ། སྒོ་ཕྱི་ནང་གང་སར་བོད་ཡིག་འབྲུ་མ་གཅིག་ཀྱང་མཐོང་རྒྱུ་མེད་པའི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་ཧ་ཅང་གསལ་པོ་ཆགས་རྗེས། དེ་སྔ་མདུན་ལམ་སློབ་སྟོན་ཁང་འདི་སྤུས་དག་པོ་ཡོང་བ་ལ་བོད་ཡིག་གི་སྡིངས་ཆ་ཉུང་ན་ཡག་གི་རེད་ཅེས་པའི་བསམ་ཚུལ་བྱུང་ཡོད་པའི་སྐད་ཆ་གོ་མྱོང་། སྐད་ཆ་དེ་རླུང་གིས་ཁྱེར་བའི་ཟུར་བཤད་ཅིག་རེད་མི་འདུག་བསམ་པའི་ཚོར་སྣང་ཆེན་པོས། ལྷན་ཁང་དེའི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལ་དེའི་སྐོར་དྲི་བ་ཞིག་བཏང་བ་ཡིན། བོད་ཡིག་མ་བྲིས་པ་དེ་འདི་གའི་ལྷན་ཁང་གིས་་ཟུང་འབྲེལ་བྱེད་སའི་རྒྱ་གར་བས་ཁ་བྱང་འདི་བཟོས་པ་རེད། ང་ཚོས་ཀྱང་སྤམ་པོ་ཞིག་ཡོང་ཆེད་དུ་བོད་ཡིག་མ་བྲིས་པ་ཡིན་ཞེས་ལན་འདེབས་གནང་སོང་། ཐ་མར་ངས་ཁོང་ལ་རེ་སྐུལ་ཞིག་ཞུས་ཏེ་ལྷན་ཁང་འདི་ངོ་དེབ་བརྒྱུད་ཁྱབ་བསྒྲགས་བྱེད་ཐུབ་ན་མི་ཚང་མས་ཤེས་རྟོགས་ཡོང་རྒྱུར་ཡག་པོ་འདུག་ཅེས་བཤད་པ་ཡིན་ཡང་་་ངོ་དེབ་ཏུ་ད་དུང་ཅང་མཐོང་རྒྱུ་མི་འདུག་་་་་་་་བཤད་འདོད་ནི་ ་་་་དེ་རང་ཡིན་་་་

    Reply
  4. སྟོང་བཙན་མགར་བུ། says:
    ལོ་ 14 སྔོན།

    སྲིད་སྐྱོང་མཆོག་གཙོ་བྱས་སྐུ་ངོ་རྣམ་པར་ཐུགས་རྗེ་ཆེ་ཞུ་བ་བ་དང་ཆབས་ཅིག
    མ་འོངས་གོ་སྐབས་རེག་པའི་སློབ་ཕྲུག་དག་གི་སློབ་འབྲས་ཀྱང་འབུར་དུ་ཐོན་པར་རེ་བ་སྙིང་ནས་བཅངས་ཡོད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ད་ལྟའི་བྱེས་པར་ཤིན་ཏུ་མཁོ་བའི་ལས་མེད་ཚོར། །
    ལས་ཁུངས་གསར་འཛུགས་གནང་བར་བཀའ་དྲིན་ཆེ། །

    Reply
  6. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    སྲིད་སྐྱོང་སེངྒེ་ཚང་གིས་རྩ་བའི་དམ་བཅའ་གསུམ་གྱི་ཡ་རྒྱལ་རང་མགོ་རང་མཐོན་ཐད་གོམ་པ་དང་པོ་དེ་གཞི་ནས་སྤོ་རྒྱུའི་གྲ་སྒྲིག་གནང་བཞིན་པ་འདྲ། ལག་བསྟར་རང་བཞིན་ལྡན་པ་དང་དོན་འཁྱོལ་རང་བཞིན་ལྡན་པ་གནང་གལ་ཆེའོ།

    Reply
  7. ཤག་སྒང་པ། says:
    ལོ་ 14 སྔོན།

    བཀའ་ཤག་གི་ལས་འཆར་དང་མཐུན་རྐྱེན་འདི་ལྟར་གྲུབ་པར་རྟེན་འབྲེལ་བཀྲིས་བདེ་ལེགས་སོ།།

    ཤིན་ཏུ་ལེགས།

    སྐུ་ངོ་འཇིགས་མེད་པྰཤ་ལགས་བཀྲིས་བདེ་ལེགས། ཡུན་རིང་ཞིག་ནས་དེ་རིང་མཇལ་བར་དགའ་སོང་།

    Reply
  8. ཚ་བ་སྒྲོན་མེ། says:
    ལོ་ 14 སྔོན།

    ཨོ་་ད་དེ་དངོས་གནས་དཔེ་ཡག་པོ་རེད་
    དངོས་གནས་བཙན་འབྱོར་ནང་གི་ལས་མེད་ཚོ་ལ་གུ་སྐབས་འདི་འདྲ་པོ་ཁག་ཅིག་བོད་གཞུངས་ངོས་ནས་སྐྲུན་རྒྱུ་ལ་རེ་བ་བྱེད་དང་བྱེད་མུལ་ཡིན་ལ་འདི་ལོའི་ཕྱི་་ཟླ་བརྒྱད་པའི་ནང་ངས་སྲིད་སྐྱོངས་མཆོག་ལ་ཐད་ཀ་འདི་འདྲའི་སྐོར་ལ་སྙན་ཞུ་ཞིག་ཀྱང་ཕུལ་པ་ཡིན།

    Reply
  9. མི་རྒོད། says:
    ལོ་ 14 སྔོན།

    ངས་བོད་མིའི་སྲིད་སྐྱོང་༧ ་མི་རྗེ་བློ་བཟང་སེང་གེ་མཆོག་ལ་གུས་བདུད་དང་ བཀྲིན་ཆེ་ཞེས་ཞུ་རྒྱུ་མ་ཟད་མ་འོངས་དུས་ཡུན་ནང་མཛད་བཟང་གིས་ཉི་འོད་གང་སར་རྒྱས་པའི་སྨོན་འདུན་ཞུ་བ་བཅས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese