མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་གཞུང་ཁག་གིས་རྒྱ་གཞུང་ལ་གནོན་ཤུགས་ཤིག་སྤྲད་ཡོང་གི་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

སྐབས་ ༡༨ པའི་ཚོཊ་ཆེན་དེ་ནི་རྒྱ་ནག་གི་མི་རབས་གསར་རྙིང་འཕོ་འགྱུར་འགྲོ་བའི་དཀྱོཊ་མཚམས་ཤིག་ལ་ཁེལ་ཡོད་པ་མ་ཟད། དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་དང་དམག་དོན། ཆབ་སྲིད་བཅས་ཀྱི་ཁྱབ་ཁོངས་སུ་རྒྱ་ནག་དང་འབྲེལ་ཏེ་འགྲན་རྩོད་ཀྱི་འགྱུར་བ་ཞིག་བསླེབ་བཞིན་ཡོད་སྟབས། མ་འོངས་པར་རྒྱལ་སྤྱིའི་སྤྱི་ཚོཊ་ཀྱི་ཤུཊ་རྐྱེན་འོག་རྒྱ་ནག་གི་ཁ་ཕྱོཊ་ལ་འཕོ་འགྱུར་གང་འདྲ་ཞིག་བསླེབ་ཐུབ་མིན་ཐད། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱི་ཚོཊ་གཙོ་ཚེ་དབང་རིག་འཛིན་ལཊ་སུ་བཅར་འདྲི་ཞུས་ཡོད།

        དྲི་བ། རྒྱལ་སྤྱིའི་སྤྱི་ཚོཊ་ཀྱི་ངོས་ནས་རྒྱ་གཞུང་ལ་གནོན་ཤུཊ་སྤྲོད་པའི་ཐབས་ལམ་གང་དག་མཐོང་གི་འདུག མ་འོངས་པར་ཕྱོཊ་གང་དག་ནས་རྒྱ་ནག་ལ་གནོན་ཤུཊ་སྤྲོད་སྲིད་པ་རེད་དམ།

        ལན། འདས་པའི་ལོ་རྒྱུས་ལ་བལྟས་པ་ཡིན་ན། གཅིག་ནས་རྒྱ་གཞུང་གིས་སོ་སོའི་དངུལ་གྱི་འཛའ་ཐང་དེ་རྒྱལ་སྤྱིའི་ཁྲོམ་རའི་འགྲོ་སྟངས་ལྟར། དངུལ་གྱི་འཛའ་ཐང་འཕར་ཆག་རྩ་བ་ཉིད་ནས་བྱེད་ཀྱིན་ཡོད་པ་མ་རེད། དེའི་སྒང་ནས་ཨ་རིའི་གཞུང་གི་ངོས་ནས་དེ་སྔ་བཤད་རེས་མང་པོ་ཞིག་ཐུག་བསྡད་ཡོད་པ་རེད་ལ། སྲིད་འཛིན་ཨོ་བྷ་མ་ཁོ་རང་གི་སྐབས་ལའང་རྒྱ་ནག་གཞུང་ལ་དེའི་ཐོག་སྐད་ཆ་མང་པོ་ཞིག་བྱུང་ཚར་བ་རེད། གཉིས་ནས་རྒྱལ་སྤྱིའི་དཔལ་འབྱོར་དང་འབྲེལ་བའི་ཐོག་ནས་རྒྱ་ནག་ལ་ཤུཊ་རྐྱེན་སྤྲོད་རྒྱུའི་ནུས་པ་བརྒྱ་ཆ་བརྒྱ་ཡོད་པ་རེད། ད་ལྟའི་ཆར་ཨ་རི་གཙོས་པའི་རྒྱལ་སྤྱིའི་སྒང་གི་ཅ་དངོས་མང་ཆེ་བ་རྒྱ་ནག་ནང་བཟོ་བཞིན་ཡོད་པ་རེད། རྒྱ་ནག་ལ་ཅ་དངོས་དེ་དག་བཙོང་སའི་ཁྲོམ་ར་མེད་པ་ཡིན་ན། རྒྱ་ནག་གི་དངུལ་གྱི་ཡོངས་ཁུངས་མར་ཆག་འགྲོ་བ་དང་། དེ་ཡི་རྐྱེན་པས་རྒྱ་ནག་མི་མང་འབུམ་ཕྲག་མང་པོར་ལས་ཀ་མེད་པའི་གནས་སྟངས་ཤིག་ཆཊ་ཡོང་གི་རེད། འཛམ་བུ་གླིང་འདིའི་སྒང་ལ་རྒྱལ་ཁབ་ཚང་མས་གཅིག་མཚུངས་དང་ཆ་སྙོམས་ཀྱི་ཐོག་ནས་ཚོང་རྒྱག་དགོས་པ་དེ་འགྲོ་སྟངས་ཤིག་ཆཊ་བསྡད་ཡོད་རེད། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་བྱས་བསྡད་པ་དེ་དག་ཧམ་པ་དང་མ་རབས་ཀྱི་བྱ་སྤྱོད་མ་གཏོཊ། དྲང་པོ་དྲང་བཞག་གི་ཐོག་ནས་ལས་ཀ་བྱེད་ཀྱིན་ཡོད་པ་མ་རེད། འབྱུང་འགྱུར་རྒྱ་ནག་གཞུང་གི་ངོས་ནས་མུ་མཐུད་ཁོ་ཚོའི་དངུལ་འཕར་ཆག་དེ་རྒྱལ་སྤྱིའི་ཁྲོམ་རའི་འགྲོ་སྟངས་ནང་བཞིན་མ་ཕྱིན་པ་ཡིན་ན། ཨ་རི་གཙོས་པའི་རྒྱལ་སྤྱིའི་གཞུང་ཁག་གི་ངོས་ནས་རྒྱ་ནག་གཞུང་ལ་གནོན་ཤུཊ་ཤིག་སྤྲད་ཡོང་གི་རེད་བསམ་གྱི་འདུག ད་ལྟའི་ཆར་རྒྱ་གཞུང་གིས་རྒྱལ་སྤྱིའི་སྒང་བྱེད་སྤྱོད་གཏོང་བསྡད་པའི་ལག་ཆ་དེའང་ཚོང་ཆཊ་བསྡད་ཡོད་པ་རེད།

        དྲི་བ། ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་འགྱུར་འགྲོས་ལ་བལྟས་ན། འབྱུང་འགྱུར་ལོ་ ༡༠ ནང་རྒྱ་ནག་ལ་འགྱུར་བ་ག་འདྲ་ཞིག་འགྲོ་སྲིད་ཀྱི་རེད་དམ། 

        ལན། འབྱུང་འགྱུར་ལོ་ ༡༠ ནང་འགྱུར་བ་འདི་དང་འདི་ཞེས་བཤད་རྒྱུ་ཁག་པོ་རེད། ཡིན་ནའང་། གཞི་རྩའི་ད་ལྟའི་ཆར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་དང་དཔལ་འབྱོར་གྱི་གནས་སྟངས་ཕྱོཊ་མང་པོ་ཞིག་ལ་བལྟས་པ་ཡིན་ན། འགྱུར་བ་ཞིག་ཡོང་གི་རེད་བསམ་གྱི་འདུག གཞི་བཅོལ་ས་གཅིག་ཏེ་རྒྱ་ནག་གཞུང་རང་གི་མགོ་ཁྲིད་འཕོ་འགྱུར་འགྲོ་བའི་དུས་ཚོད་ཅིག་བསླེབ་ཡོང་གི་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་དུའང་ཟླ་བ་འགའ་ཤས་རིང་མགོ་ཁྲིད་འཕོ་འགྱུར་གྱི་དུས་ཚོད་ཅིག་སླེབས་ཡོང་གི་ཡོད་པ་རེད། དེ་ཡིན་དུས་གཞུང་གི་མགོ་ཁྲིད་མང་པོ་ཞིག་འཕོ་འགྱུར་ཕྱིན་པའི་རྗེས་ལ། མགོ་ཁྲིད་གསར་པ་ཚོར་བསམ་བློ་དང་སྲིད་ཇུས་ག་རེ་ཡོད་པ་དེའི་རྒྱུ་རྐྱེན་ལ་བརྟེན་ནས་འགྱུར་བ་ཞིག་རང་བཞིན་གྱིས་ཡོང་གི་རེད། ད་ལྟ་རྒྱ་ནག་གི་སྲིད་འཛིན་ལ་ཞི་ཅིན་ཕེན་བསླེབ་ཀྱི་རེད་ཅེས་ཚང་མས་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད། གལ་སྲིད་ཁོ་རང་བསླེབས་པ་ཡིན་ན། ཁོ་རང་སྲིད་འཛིན་ཆཊ་པའི་འབྱུང་འགྱུར་ལོ་ ༡༠ ནང་། ཁོ་རང་གཅིག་པུས་ཐག་གཅོད་ལྟར་ཆབ་སྲིད་དང་དཔལ་འབྱོར་གྱི་ལམ་ཁ་གསར་པ་ཞིག་ལ་འགྲོ་ཐུབ་རྒྱུ་ཧ་ལམ་ཁག་པོ་རེད། ད་ལྟའི་ཆར་རྒྱ་ནག་དམར་ཤོག་སྒྲོམ་གཞིའི་ནང་ལོགས་ལ་དཔོན་རིགས་མཐོ་ཤོས་ ༩ ཡོད་པ་རེད། དེ་དག་གི་གྲོས་སུ་བསླེབས་མཁན་དཔོན་རིཊ་ཚོའི་བསམ་བློ་འཁྱེར་སྟངས་ག་འདྲ་ཡོད་མེད་དེ་གནད་འགག་ཆེན་པོ་རེད། ད་ལྟ་མཁྲེཊ་འཛིན་གྱི་བསམ་བློ་འཁྱེར་མཁན་མང་པོ་ཡོད་བསྡད་པ་ནང་བཞིན། མ་འོངས་པར་མཁྲེཊ་འཛིན་བསམ་བློ་འཁྱེར་མཁན་མང་པོ་ཞིག་བསླེབ་པ་ཡིན་ན། ད་ལྟའི་བྱ་སྤྱོད་དེ་མུ་མཐུད་ནས་འགྲོ་རྒྱུ་རང་རེད། བསམ་བློ་གུ་ཡངས་ཅན་དང་རྒྱལ་སྤྱིའི་འགྱུར་འགྲོས་ལྟར་བསམ་བློ་གཏོང་མཁན་མང་པོ་བསླེབ་པ་ཡིན་ན། དེས་རྐྱེན་པས་འགྱུར་བ་ཞིག་འགྲོ་རྒྱུ་རེད། གལ་ཆེ་ཤོས་དེ་རྒྱལ་སྤྱིའི་དཔོན་རིགས་ཚོའི་ངོས་ནས་ཚིག་སྐམ་པོ་ཙམ་མ་ཡིན་པར་ལག་ལེན་གྱི་ཐོག་ནས། རྒྱ་ནག་གཞུང་ལ་གནོན་ཤུཊ་སྤྲོད་ཐུབ་དང་མ་ཐུབ་དེ་གནད་འགག་ཆགས་བསྡད་ཡོད་པ་རེད། 

        དྲི་བ། རྒྱ་གཞུང་གི་སྐབས་བཅོ་བརྒྱད་པའི་ཚོཊ་ཆེན་དང་སྟབས་བསྟུན་ནས། རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིཊཚོས་ཡིད་གཟབ་དང་དམ་འཛིན་བྱེད་དགོས་པ་ག་རེ་འདུག

        ལན། སྤྱིར་བཏང་ང་ཚོའི་ལོ་རྒྱུས་ཀྱི་འཐབ་རྩོད་དང་བདེན་པའི་འཐབ་རྩོད་དེ་ནི། འདས་པའི་ལོ་ ༥༠ ལྷག་རིང་བོད་ནང་ཡོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རླབས་ཆེན་གྱི་བློས་གཏོང་ལ་བརྟེན་ནས་འཐབ་རྩོད་དེ་གསོན་པོར་གནས་བསྡད་ཡོད་པ་རེད། ད་ལྟ་ཡིན་ནའང་ཁོང་ཚོའི་ངོས་ནས་བློས་གཏོང་ཆེན་པོ་མུ་མཐུད་ནས་གནང་དང་གནང་བཞིན་པ་རེད། དེ་ལ་ང་ཚོའི་ངོས་ནས་ཡི་རངས་དང་བསྔཊ་བརྗོད་ཚད་མེད་བྱེད་དགོས་པ་ཞིག་རེད། དེ་བཞིན། རྒྱ་ནག་གཞུང་གི་ཚོཊ་ཆེན་དང་འབྲེལ་བའི་གནས་ཚུལ་གྱི་ཐད་ནས། རྒྱ་ནག་གཞུང་གིས་ཚོཊ་ཆེན་ལ་ཁ་གཡར་ཏེ་བོད་ནང་དམ་དྲག་བྱེད་ཀྱིན་པའི་གནས་ཚུལ་རིམ་པའི་ཐོན་ཡོང་གི་ཡོད་པ་རེད། ཡིན་ནའང་། མང་ཚོཊ་ཀྱི་ངོས་ནས་ད་ལྟ་བར་དུ་ག་རེ་གནང་གི་ཡོད་པ་དེ་མུ་མཐུད་ནས་གནང་བསྡད་དགོས་པ་རེད་བསམ་གྱི་འདུག རྒྱ་གཞུང་གི་ངོས་ནས་ཚོཊ་ཆེན་གྱི་མིང་བེད་སྤྱོད་བཏང་བའི་ཐོག་ནས་གོ་སྐབས་ཟིན་པའི་ཐོག་ནས། མང་ཚོཊ་ལ་དྲག་གནོན་བྱ་རྒྱུའི་འཆར་གཞི་ཡོད་པ་དེ་ཡིན་གཅིག་མིན་གཅིག་ཚང་མའི་ཐུཊ་ལ་འཇཊ་དགོས་པ་རེད། དེ་དང་མཉམ་དུ་ང་ཚོའི་འཐབ་རྩོད་ནི་རྒྱལ་ཁབ་དང་མི་རིཊ་ཤིག་གི་འཐབ་རྩོད་ཡིན་སྟབས། ང་ཚོས་ངོས་ནས་མུ་མཐུད་ནས་འཐབ་རྩོད་བྱེད་དགོས་པ་རེད། ད་རེས་ཚོཊ་ཆེན་སྐབས་ལ་གནས་ཚུལ་བྱུང་བ་ཡིན་ན་རེད། དེ་མ་ཡིན་པའི་ཚོཊ་ཆེན་ཚར་བའི་རྗེས་ལ་ཡིན་ནའང་། མུ་མཐུད་ནས་ང་ཚོའི་འཐབ་རྩོད་དེ་གནས་དགོས་ཀྱི་ཡོད་པ་རེད། དེ་ལ་ཚང་མས་ངོས་ནས་ཐུཊ་ཁུར་བཞེས་དགོས་ཀྱི་རེད་བསམ་གྱི་འདུག ལྷག་པར་དུ་བོད་ནང་དུ་ཁོང་ཚོས་བློས་གཏོང་གནང་བ་དེ་ཆུད་ཟོས་སུ་མ་འགྲོ་བའི་ཆེད་དུ། ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོས་ངོས་ནས་རྒྱལ་སྤྱིའི་སྒང་དྲིལ་བསྒྲཊ་དང་ལས་འགུལ་སྤེལ་རྒྱུ་དེ་ང་ཚོའི་ངོས་ནས་མུ་མཐུད་ནས་འབད་རྩོན་གནང་ངེས་ཡིན།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 3

  1. མི་རྒོད། says:
    ལོ་ 13 སྔོན།

    གཞོན་ནུ་ཚོགས་གཙོ་ལགས་རྒྱ་དམར་ཁྱེད་རང་ཚོར་བཀྲག་པ་ལས་བཙན་བྱོལ་གཞུང་ལ་བཀྲག་ལེ་མིན་འདུག་སེམས་ཤུགས་ཡེ་ནས་མི་ཉམས་པ་ཞུ་ཞུ་ཞེསདང ང་ཚོས་འཐབ་རྩོད་དེ་རྒྱལ་ཁབ་གཅིག་དགྲ་ལག་ནས་ལེན་པའི་དུས་ཡིན་པས་ལས་སླ་བའི་བྱ་བ་ཞིག་ཡེ་ནས་མིན་བོད་མི་རེ་རེ་ནས་ནུས་ཤུགས་འདོན་དགོས་པ་ལས་ཚོགས་པ་ལ་རག་ལས་པ་ཞིག་དེ་བས་ག་ལ་སྲིད་ད་བོད་མི་ཚོ་བསམ་བློ་ནན་མོ་གཏང་ཤོག་ཨང་་་་་་་་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་དོན་ཁོ་ནར་བསྟེན་ནས་རྒྱལ་སྤྱིའི་སྒང་ནས་རྒྱ་ནག་ལ་ཕོག་ཐུག་དེ་ལས་ཀྱང་གཏོང་གི་མ་རེད། དེ་ནི་རྒྱལ་ཁབ་དང་རྒྱལ་ཁབ་པར་གི་ཁེ་ཕན་ལ་རེག་ལས་ཡོད་པས་གོ་སྐབས་སུས་ཀྱང་བློས་གཏོང་བྱེད་གི་མ་རེད། དེ་ལས་གཞོན་ལྷན་རང་བཙན་གཙང་མའི་ལངས་ཕྱོགས་ཡིན་ན། དྲིལ་བསྒྲགས་གཅིག་པུ་དང་རེ་བ་ཁོ་ན་ཙམ་གྱིས་འབྲས་བུ་ནམ་ཡང་ཐོན་གི་མ་རེད། ཟེར།

    Reply
  3. སྟོང་བཙན་མགར་བུ། says:
    ལོ་ 13 སྔོན།

    བདག་གིས་འདིར་གཅིག་གཅོད་བྱས་ནས་བཤད་ཐུབ་པ་ཞིག་ལ། རྒྱ་ནག་དཔོན་རིགས་བརྗེ་སྤོར་ཅི་ཙམ་བྱས་ཀྱང་གནས་སྟངས་འདི་འདྲ་ཞིག་གི་འོག་ནས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་རྩ་བ་རང་ནས་འགྲོ་གི་མ་རེད་ལ། བོད་དོན་ཁོ་ནར་བསྟེན་ནས་རྒྱལ་སྤྱིའི་སྒང་ནས་རྒྱ་ནག་ལ་ཕོག་ཐུག་དེ་ལས་ཀྱང་གཏོང་གི་མ་རེད། དེ་ནི་རྒྱལ་ཁབ་དང་རྒྱལ་ཁབ་པར་གི་ཁེ་ཕན་ལ་རེག་ལས་ཡོད་པས་གོ་སྐབས་སུས་ཀྱང་བློས་གཏོང་བྱེད་གི་མ་རེད། དེ་ལས་གཞོན་ལྷན་རང་བཙན་གཙང་མའི་ལངས་ཕྱོགས་ཡིན་ན། དྲིལ་བསྒྲགས་གཅིག་པུ་དང་རེ་བ་ཁོ་ན་ཙམ་གྱིས་འབྲས་བུ་ནམ་ཡང་ཐོན་གི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese