མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲི་རུ་རྫོང་དུ་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བའི་ཉིན་ཁམས་འབྲི་རུ་རྫོང་ནག་རོག་ཕམ་པ་གྲོང་ཚོའི་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། བོད་མི་གཅིག་སྐུ་གྲོངས་འདུག

སྦྲ་སོག་འབྲི་གསུམ་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་ངག་དབང་ཐར་པ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཁམས་འབྲི་རུ་རྫོང་ནག་རོག་ཕམ་པ་གྲོང་ཚོའི་རང་ལོ་ ༢༠ ཡིན་པའི་ཚེ་སྤོ་དང་། རང་ལོ་ ༢༥ ཡིན་པའི་བསྟན་འཛིན་གཉིས་ཀྱིས། ནག་རོག་ཕམ་པ་གྲོང་ཚོའི་རུ་ཁག་གཉིས་པའི་སློབ་གྲྭའི་ཉེ་འགྲམ་དུ་རང་ལུས་མེར་བསྲེཊ་ཀྱིས་ “ བོད་རང་བཙན་ཡིན།༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་མི་ཚང་མ་སྤུན་མཆེད་ལྟར་ཆིག་སྒྲིལ་གནང་རོགས” ཞེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ། ཚེ་སྤོ་ལགས་སྐབས་དེར་སྐུ་གྲོངས་ཡོད་འདུག

ཁོང་གཉིས་ནི། བོད་རང་སྐྱོང་ལྗོངས་འབྲི་རུ་རྫོང་ཁོངས་སུ་གཏོགས་པའི་ནག་རོག་ཕམ་པ་གྲོང་སྡེ་ནས་ཡིན་པ་དང་། ནག་རོག་ནི་ནག་བུག་སེར་གསུམ་ནང་ཚན་ནགས་ཤོད་ཚོ་དགུའི་ཚོ་ཆུང་གསུམ་ཟེར་བ་དེའི་ཡ་གྱལ་ཞིག་ཡིན་འདུག 

རྒྱལ་གཅེས་དཔའ་བོ་ཚེ་སྤོ་ལགས་ཀྱི་ཕ་མིང་ལ་བུ་ཆུང་དང་མ་མིང་ལ་དགའ་དགའ་འབོད་ཀྱི་ཡོད་པ་དང་། བསྟན་འཛིན་ལགས་ཀྱི་ཕ་མིང་ལ་ཉི་མ་དང་མ་མིང་ལ་ལུགས་དགེ་འབོད་ཀྱི་ཡོད་འདུག ཁོང་ ༢༠༠༨ ལོར་བཙན་བྱོལ་དུ་ཡོང་རྗེས་སུ་ཇཱ་བོད་ཁྱིམ་དུ་ཟླ་ ༦ ཙམ་རིང་སྡོད་མྱོང་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རྒྱ་གཞུང་གིས་ ༢༠༠༨ ལོ་ནས་བཟུང་འབྲི་རུ་རྫོང་དུ་དམག་མི་འགྲེམས་འཇོག་གིས་དམ་དྲག་བྱེད་ཀྱིན་པ་མ་ཟད།  ཉེ་ལམ་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་རྗེས་ནག་རོག་ས་ཁུལ་དུ་དམག་མི་འགྲེམས་འཇོག་གིས་དམ་དྲག་དང་། ས་གནས་ཀྱི་ཁ་པར་དང་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ། ས་གནས་བོད་མིའི་ལག་ནས་གང་བྱུང་ཁ་པར་སོགས་བཙན་འཕྲོག་དང་འཛིན་བཟུང་བྱེད་ཀྱི་ཡོད་འདུག 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༩ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 2

  1. གངས་རིའི་སྲང་མདའ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་ཚེ་སྤོ་ལགས་དང་བསྟན་འཛིན་ལགས་གཉིས་ཀྱི་སྐུ་མཆེད་ཁ་ཤས་ཀྱི་བདག་ལ་ལན་མང་པོ་བསྐུར་གནས་སོང།  ཁོང་གཉིས་སྐུ་གྲོངས་སྐབས་འདྲ་པར་སོགས་བརྒྱབས་ཐུབ་མི་འདུག་པས་འདྲ་པར་གཏོང་ཐུབ་ཀྱིས་མི་འདུག ལྷག་པར་དེང་སྐབས་སུ་གནས་སྟངས་ཧ་ཅང་ཛ་དྲགས་ཡོད་ཙང་པར་ཚང་མ་བཀག་འདུག འོན་ཀྱང་ཁག་གཅིག་གིས་སྐབས་བབ་འཚོལ་ནས་(ནག་རོག་ནི་ནག་བུག་སེར་གསུམ་ནང་ཚན་ནགས་ཤོད་ཚོ་དགུའི་ཚོ་ཆུང་གསུམ་ཟེར་བའི་ཡ་གྱལ་ཞིག་ཡིན་)ཞེས་བཀོད་འདུག་པའི་གནད་དོན་འདི་ནི་སྔོན་ནས་རྩོད་གཞི་ཞིག་ཡིན་པས་མ་འགོད་རོགས། ཁོང་རྣམ་པ་གཉིས་ནི་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ཡིན་པ་ལས་སྐབས་བབ་དང་མི་མཚམས་པའི་ཁོངས་གཏོགས་དེ་ཕྱིར་བསྡུ་གནང་རོགས་ཞེས་ཁོང་རྣམ་པ་གཉིས་ཀྱི་སྤུན་མཆེད་འགས་རེ་དོན་འདི་དུས་བབ་ལ་གཏོང་རོགས་གསུངས་པ་བཞིན་བདག་གིས་འདིར་བཀོད་པ་ཡིན།

    Reply
  2. རོ་ལངས། says:
    ལོ་ 14 སྔོན།

    ཨ་དཀོན་མཆོག་མཁྱེན།

    ཡིན་རུང་བོད་མི་བྱིང་དང་འཛམ་གླེང་མི་དམངས་སྤྱི་ཡོངས་ནས་འདིའི་ཐད་རིམ་གྱིས་ཚོར་སྣང་རླག་འགྲོ་གི་ཡོད་པའི་ངན་ལྟས་ཤིག་མཐོང་གི་འདུག

    ཚང་མས་ཐུགས་བསམ་ཞིབ་མོ་བཞེས་རོགས། ཚང་མས་རང་ཐོག་ལ་བྱུང་ཅི་འདྲ་རེད་བསམ་བློ་གཏོང་རོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese