མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝ་རཱ་ཎ་སིར་ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་པ་ཚོར་ཉིན་བརྒྱད་རིང་། ཉམས་ཞིབ་དང་འབྲེལ་བའི་ཟབ་སྦྱོང་ཞིག་མགོ་འཛུགས་བྱས་ཡོད།

ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ སྟེང་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་མགོན་མེད་ཟས་སྦྱིན་མགྲོན་ཁང་གི་ཚོམས་ཆེན་ནང་། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་མ་ཚོར་ཉིན་བརྒྱད་རིང་ཉམས་ཞིབ་ཐབས་ལམ་སྐོར་གྱི་ཟབ་སྦྱོང་ཐེངས་དང་པོ་མགོ་འཛུགས་བྱས་ཡོད་པ་དང་། ཟབ་སྦྱོང་དབུ་དབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཝ་ཎ་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་རབས་སློབ་དཔོན་བྱམས་པ་བསམ་གཏན་ལགས་གཙོས། ཟབ་སྦྱོང་སྤྲོད་མཁན་དང་ཉམས་ཞིབ་པ་རྣམས་བཅས་མཉམ་ཞུགས་བྱས་ཡོད།

མཛད་སྒོའི་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་ཀྱིས་ཟབ་སྦྱོང་གི་དམིགས་ཡུལ་དང་ལས་གཞི་ངོ་སྤྲོད་གནང་དོན། དྲུག་ཅུ་རེ་གྲངས་ནས་འདས་པའི་ལོ་ ༥༠ ལྷག་གི་རིང་བཙན་བྱོལ་བོད་མི་ཚོས་ཤེས་ཡོན་ཐད་ཤུགས་སྣོན་བརྒྱབ་ཡོད་ཀྱང་། འཛམ་གླིང་གི་མཁས་པའི་གྲལ་དུ་ཐོན་མཁན་དཀོན་སྟབས། ༸གོང་ས་མཆོག་གིས་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་བྱ་དགོས་པའི་བཀའ་སློབ་ནན་མོ་བསྩལ་པ་ལྟར། སྤྱི་འཐུས་ལྷན་ཁང་དང་ཤེས་རིག་ལས་ཁུངས་གཉིས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། ༢༠༠༤ ནས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སློབ་ཡོན་བརྒྱུད་ཤེས་རིག་ལས་ཁུངས་ཀྱིས་རིགས་གཅིག་རྐང་འཛིན་ཉམས་ཞིབ་ཀྱི་ལས་གཞི་མགོ་འཛུགས་བྱས་ཏེ། ད་སྔ་བོད་པའི་ཆོས་རིག་དང་འབྲེལ་བའི་བརྗོད་གཞིའི་ཐོག་ལོ་གསུམ་རེར་ཉམས་ཞིབ་གནང་མཁན་ ༣༤ བྱུང་ཡོད་སྐོར་དང་། ད་ལྟའི་བཀའ་ཤག་གིས་ཆེད་ལས་པ་གྲངས་ངེས་ཅན་ཞིག་གསོ་སྐྱོང་བྱ་འཆར་ཡོད་པ་བརྗོད་ཡོད་པ་ལྟར། ཉམས་ཞིབ་ཀྱི་ལས་གཞི་འདི་ཤེས་རིག་གི་སློབ་ཡོན་ཚན་པའི་ནང་ལས་དོན་གལ་ཆེ་ཤོས་གྲས་ཡིན་ལ། སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་འདི་བོད་ནས་རྒྱ་གར་དུ་འབྱོར་རྗེས་རང་སྦྱོང་ངམ་ཤེས་ཡོན་གྱི་ཚད་གཞི་ཡག་པོ་དང་ཉམས་ཞིབ་ཀྱི་ནུས་པ་ཡོད་ཀྱང་། རྒྱ་གར་གྱི་མཐོ་སློབ་སོགས་ལ་འགྲོ་བའི་ཆ་རྐྱེན་མེད་པར་བསྐྱོད་མ་ཐུབ་པ་ཚོར་ཆེད་དུ་དམིགས་པ་ཞིག་ཡིན་པ་དང་། ཐེངས་འདིའི་ཉམས་ཞིབ་པ་ཚོའི་རྩོམ་ཤོག་རྣམས་དེང་རབས་ཀྱི་ཉམས་ཞིབ་རེ་ཡོང་རྒྱུར་རེ་བ་བཞིན་ཡོད་སྐོར་བརྗོད་སོང་།

སྐུ་མགྲོན་གཙོ་བོ་རྒྱལ་རབས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས། བདུན་ཅུ་དོན་གྲངས་ནང་དང་དེའི་གོང་དུ་བོད་པའི་སྐོར་དང་། ལྷག་པར་དུ་བོད་པའི་གོམས་གཤིས་དང་ཉིན་རེའི་འཚོ་བ་དང་འབྲེལ་བའི་ཟ་མ་བཟའ་སྟངས། འགྲོ་སྟངས། མི་ཚེ་སྐྱེལ་སྟངས་སོགས་ཀྱི་སྐོར་ལ་ཉམས་ཞིབ་བྱས་པའི་དཔེ་དེབ་དང་རྩོམ་ཡིག་མཐོང་དཀོན་པ་དང་། རེ་ཟུང་ཡོད་པ་དག་ཀྱང་ཕྱི་རྒྱལ་མགོ་སེར་ཚོས་ཉམས་ཞིབ་བྱས་བཞག་པའི་རིགས་ཡིན་ལ། སྐབས་དེ་དུས་དེ་འདྲ་ཞིག་བོད་པ་ཚོའི་བསམ་བློར་ཡང་འཁོར་ཁག་པོ་ཆགས་ཡོད་ཀྱང་། དེང་སྐབས་དེ་འདྲའི་རིགས་མང་དུ་འགྲོ་བཞིན་པར་བརྟེན་ཕྱོགས་གཅིག་ནས་བོད་པའི་སྐོར་ལ་མི་གཞན་གྱི་རྒྱུས་ལོན་ཆེ་རུ་འགྲོ་བ་དང་། གཉིས་ནས་བོད་པ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མི་ཚེ་དང་འབྲེལ་བའི་བཟའ་བཏུང་འགྲོ་འདུག་སོགས་གོམས་སྲོལ་ལ་ཉམས་ཞིབ་ཀྱིས་ཡིག་ཐོག་ཏུ་འགོད་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ། ཐེངས་འདིའི་ཉམས་ཞིབ་པ་ཚོའི་ཉམས་ཞིབ་ཀྱི་བརྗོད་གཞི་ཁག་ཕལ་ཆེ་བ་བོད་པའི་དངོས་ཡོད་སྤྱི་ཚོགས་འཚོ་བའི་སྐོར་ཡིན་པ་དེ་ཧ་ཅང་ཡག་པོ་ཡོད་སྐོར་བཅས་བརྗོད་ཡོད།

ཡང་ཁོང་གིས་ཉམས་ཞིབ་ཟེར་པ་དེ་སྤྱི་ཚོགས་ནང་ཁ་གསལ་མེད་པ་དང་། འཐུས་སྒོ་མ་ཚང་པ་སོགས་སྟོང་ཆའི་རིགས་ལ་ཞིབ་འཇུག་བྱས་ཏེ་ཁ་གསལ་དང་འཐུས་སྒོ་ཚང་པ་ཞིག་བཟོ་རྒྱུ་དེ་ཡིན་པ། ཉམས་ཞིབ་པ་ཞིག་ལ་མཚོན་ན་སོ་སོའི་ཉམས་ཞིབ་ཀྱི་བརྗོད་བྱ་དང་འབྲེལ་བའི་ཉམས་ཞིབ་ཐབས་ལམ་ཀྱང་མི་འདྲ་བ་མང་པོ་ཡོང་སྲིད་པས། ཨང་རྩིས་ཀྱི་མན་ངག་(Formula) ལྟ་བུ་ཐབས་ལམ་གཅིག་གྱུར་པ་ཞིག་ལམ་སྟོན་བྱ་རྒྱུ་ཁག་པོ་ཡིན་ཡང་། ཐེངས་འདིའི་ཟབ་ཁྲིད་གནང་མཁན་ཕལ་ཆེ་བའི་མི་ཚེ་ཉམས་ཞིབ་དང་འབྲེལ་བའི་ལས་དོན་སྟེང་སྐྱེལ་སྡོད་མཁན་ཆགས་ཡོད་སྟབས། ཁོང་ཚོའི་ཉམས་མྱོང་ལེན་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་སྟབས། གཙོ་བོ་ཉམས་ཞིབ་པ་སོ་སོས་རང་ཉིད་ཀྱི་ལས་དོན་ལ་འཇུག་སྐྱོང་པའི་ཐོག་ཉམས་མྱོང་གསོག་གིན་གསོག་གིན་འགྲོ་དགོས་པ་ཞིག་ཡིན་སྐོར་བཅས་བརྗོད་སོང་།

 ཐེངས་འདིའི་ཟབ་སྦྱོང་དུས་ཡུན་ནང་ཝ་ཎ་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སློབ་དཔོན་དགེ་བཤེས་ངག་དབང་བསལ་གཏན་མཆོག་གིས་༼ཤར་ནུབ་ཀྱི་ཞིབ་འཇུག་གི་ཁྱད་པར༽སྐོར་དང་། རྒྱལ་རབས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་༼ལོ་རྒྱུས་ཞིབ་འཇུག་བྱེད་ཐབས༽། འབུམ་རམས་པ་བློ་བཟང་རྡོ་རྗེ་རབ་གླིང་ལགས་ཀྱིས་༼ཞུ་སྒྲིག་དང་མཆན། ལུང་འདྲེན། ལྷན་ཐབས་འགོད་སྟངས༽། དགེ་རྒྱལ་མཚན་རྣམ་གྲོལ་ལགས་ཀྱིས་༼ནང་ཆོས་དང་འབྲེལ་བའི་ཞིབ་འཇུག་བྱེད་ཐབས༽། བྷེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་འབུམ་རམས་པ་པདྨ་དབྱངས་ཅན་ལགས་ཀྱིས་༼ཞིབ་འཇུག་རྩོམ་ཡིག་འབྲི་ཐབས༽། དགེ་བློ་བཟང་ནོར་བུ་ཤཱསྟྲཱི་ལགས་ཀྱིས་༼ཕབ་སྒྱུར་དང་འབྲེལ་བའི་ཞིབ་འཇུག༽། རིག་གནས་སློབ་དགེ་ལྷག་པ་ཚེ་རིང་ལགས་ཀྱིས་༼བརྡ་སྤྲོད་ཞིབ་འཇུག་བྱེད་ཐབས༽སོགས་ཀྱི་སྐོར་ནས་ཟབ་ཁྲིད་གནང་རྒྱུ་ཡིན་པ་དང་། ཤེས་རིག་དྲུང་འཕར་བཀྲ་ཤིས་དོན་འགྲུབ་ལགས་དང་ཤེས་ཡོན་འགན་འཛིན་ཚེས་རིང་བསམ་འགྲུབ་གཉིས་ཀྱིས་ཤེས་རིག་གི་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་ལས་འཆར་དང་འབྲེལ་བའི་གནད་དོན་ཐད་ནས་ལམ་སྟོན་གནང་རྒྱུ་ཡིན་འདུག

 ཟླ་འདིའི་ཕྱི་ཚེས་ ༢༨ ནས་ཕྱི་ཟླ་ ༡༡ ཚེས་ ༤ བར་གྱི་ཉམས་ཞིབ་ཟབ་སྦྱོང་སྐབས།  ༢༠༡༡ དང་ ༢༠༡༢ ལོའི་ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་པ་ ༡༧ དང་། གཞན་དབུས་སྨན་རྩིས་ཁང་གི་སྨན་རམས་པ་ ༢། རྣམ་གྲོལ་གླིང་གི་དགེ་རྒན་ ༡། དཔེ་སྟོན་སློབ་གྲྭའི་ཆོས་དགེ་ ༡ བཅས་ཁྱོན་མི་ ༢༡ མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༩ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༣ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 2

  1. ཤག་སྒང་པ། says:
    ལོ་ 14 སྔོན།

    བཀུར་འོས་འབུམ་རམས་པ་སློབ་དཔོན་རྣམ་པ་དང་། ཞིབ་འཇུག་པ་རྣམས་ལ་བཀྲིས་བདེ་ལེགས་སོ།།

    དེང་རབས་ནི་ཞིབ་འཇུག་ལ་ཕྱོགས་ཤིང་། ཞིབ་འཇུག་གི་ཁྱབ་ཚད་ཀྱང་དམའ་ས་ཞིག་ཏུ་འཛུལ་ནས་ཡོད་སྟབས། སློབ་མཁན་དང་སློབ་མ་ཚང་མས་ནམ་རྒྱུན་འགྲོ་སྟངས་ལྟར་མིན་པར་དམིགས་བསལ་གྱི་ཁ་ཕྱོགས་དང་དམིགས་བསལ་གྱི་ལམ་སྟོན་དགོས་གལ་རེད་ལགས་སོ།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་ སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་འདི་བོད་ནས་རྒྱ་གར་དུ་འབྱོར་རྗེས་རང་སྦྱོང་ངམ་ཤེས་ཡོན་གྱི་ཚད་གཞི་ཡག་པོ་དང་ཉམས་ཞིབ་ཀྱི་ནུས་པ་ཡོད་ཀྱང་། རྒྱ་གར་གྱི་མཐོ་སློབ་སོགས་ལ་འགྲོ་བའི་ཆ་རྐྱེན་མེད་པར་བསྐྱོད་མ་ཐུབ་པ་ཚོར་ཆེད་དུ་དམིགས་པ་ཞིག་ཡིན་པ་དང་། ཐེངས་འདིའི་ཉམས་ཞིབ་པ་ཚོའི་རྩོམ་ཤོག་རྣམས་དེང་རབས་ཀྱི་ཉམས་ཞིབ་རེ་ཡོང་རྒྱུར་རེ་བ་བཞིན་ཡོད་སྐོར་བརྗོད་སོང་། ་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese