མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བསྲེཊ་ཀྱི་འགན་རྒྱ་གཞུང་གིས་འཁུར་དགོས།

བོད་ཀྱི་དུས་བབ།
༢༠༡༢/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བསྟུད་མར་འབྱུང་བཞིན་པའི་ཐད་ཛ་དྲག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག

ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱིས་གསལ་བསྒྲཊ་ཤིག་སྤེལ་ཏེ། འདས་པའི་ཟླ་གཅིག་རིང་བོད་ནང་བོད་མི་ ༡༠ ཙམ་གྱིས་བསྟུད་མར་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་གདུང་སེམས་མཉམ་སྐྱེད་ཡོད་སྐོར་དང་། རང་བསྲེཊ་ལས་འགུལ་གྱི་ངོ་བོར་རྒྱལ་སྤྱིའི་སྟེང་ཚད་མཐོའི་འཚེ་མེད་ཞི་བར་ངོས་འཛིན་བྱས་ཡོད་ཚུལ། བོད་མིས་རང་ལུས་མེར་བསྲེཊ་བྱེད་དོན་ནི་རྒྱ་གཞུང་གིས་དྲག་གནོན་སྲིད་བྱུས་ལས་ཡོང་གི་ཡོད་སྟབས། དེའི་འགན་ཡོངས་རྫོགས་རྒྱ་གཞུང་རང་ཉིད་ཀྱིས་འཁུར་དགོས་པའི་ནན་སྐུལ་ཞུས་འདུག

སྤྱི་འཐུས་ལྷན་ཚོཊ་ཀྱི་གསལ་བསྒྲགས་དེའི་འཁོད་དོན། “༢༠༡༢ ལོའི་ཟླ་ ༡༠ ཚེས་ ༤ ཉིན་ཁམས་ནཊ་ཤོད་འབྲི་རུ་རྫོང་གི་དགུ་འགྲུབ་ལཊ་དང་། ཚེས་  ༦ ཉིན་མདོ་སྨད་ཀན་ལྷོ་གཙོད་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ། ཚེས་ ༡༣ ཉིན་མདོ་སྨད་ཀན་ལྷོ་གཙོད་ཁ་སོག་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ། ཚེས་ ༢༠ ཉིན་མདོ་སྨད་བསང་ཆུ་རྫོང་འབོ་ར་རུ་རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས། ཚེས་ ༢༢ ཉིན་མདོ་སྨད་བསང་ཆུ་བླ་བྲང་དུ་རྒྱལ་གཅེས་དཔའ་བོ་དོན་འགྲུབ། ཚེས་ ༢༣ མདོ་སྨད་བསང་ཆུ་བླ་བྲང་དུ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན། ཚེས་ ༢༥ ཉིན་ཁམས་ནཊ་ཤོད་འབྲི་རུ་རྫོང་གི་རྒྱལ་གཅེས་དཔའ་བོ་ཚེ་སྤོ་ལཊ། ཚེས་ ༢༥ ཉིན་ཁམས་ནཊ་ཤོད་འབྲི་རུ་རྫོང་གི་རྒྱལ་གཅེས་དཔའ་བོ་བསྟན་འཛིན། ཚེས་ ༢༦ ཉིན་མདོ་སྨད་བསང་ཆུ་ཨ་མཆོག་གི་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན། ཚེས་ ༢༦ ཉིན་མདོ་སྨད་བསང་ཁོག་གི་རྒྱལ་གཅེས་དཔའ་བོ་ཐུབ་དབང་སྐྱབས་ལཊ་བཅས། ཕྱི་ཟླ་ ༡༠ བའི་ནང་སྔ་རྗེས་སུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་ཅིང་། ༢༠༠༩ ལོ་ནས་ད་བར་བོད་ནང་ཁྱོན་བོད་མི་ ༦༢ གྱིས་མེར་བསྲེཊ་དང་དེའི་ཁྲོད་མི་ ༥༡ འདས་གྲོངས་སུ་ཕྱིན་ཡོད། ” ཅེས་འཁོད་འདུག  

གསལ་བསྒྲཊ་དེར་མུ་མཐུད་དུ་འཁོད་དོན། “ བོད་ནང་གི་བོད་མི་ཚོས་༸གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས། བོད་མི་ཚོར་རང་དབང་དགོས་ཞེས་འབོད་སྒྲ་བསྒྲཊ་ཏེ། གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་ཆེ་རུ་འགྲོ་བཞིན་ཡོད་ཅིང་། དེའི་རྒྱུ་རྐྱེན་བོད་མིའི་ལུས་སེམས་གཉིས་དང་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་༸གོང་ས་མཆོག་བོད་རིཊ་མང་ཚོཊ་ཀྱི་རེ་འདུན་ལྟར་བོད་དུ་ཕེབས་འཇུག་རྒྱུར་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པར། རྒྱ་གཞུང་གིས་མཚན་སྨད་དང་ཉེས་འཛུཊ་སྣ་ཚོགས་བྱེད་བཞིན་ཡོད་ལ། ལྷག་པར་དུ་ཟླ་འདིའི་ཚེས་ ༢༤ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ཧོ་ལེ་ཟེར་བས་པེ་ཅིང་དུ་གསར་འགོད་ལྷན་ཚོཊ་ཤིག་གི་སྐབས། བོད་ནང་རང་ལུས་མེར་བསྲེཊ་ཀྱི་རྒྱུ་རྐྱེན་ཏཱ་ལའི་ཤོག་ཁག་ལ་ཐུག་ཡོད་སྐོར་དང་། ཤོག་ཁག་དེས་རྒྱལ་ཁབ་ཁ་བྲལ་གྱི་དམིཊ་ཡུལ་བཟུང་སྟེ། བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེཊ་དགོས་པའི་སྐུལ་མ་བྱེད་ཀྱི་འདུག་ཟེར་བ་དེར་གཞི་འཛིན་ས་མེད་པའི་སྐྱོན་བརྗོད་བྱས་ཡོད། ”ཅེས་འཁོད་འདུག

མཐའ་མར་གསལ་བསྒྲགས་དེར། “ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཀན་ལྷོ་ཁུལ་སྤྱི་བདེ་ཅུས་ཟེར་བའི་ཉེན་རྟོག་ལས་ཁུངས་ཀྱིས། བོད་མིའི་རང་ལུས་མེར་བསྲེཊ་དང་འབྲེལ་ཡོད་མི་སྣ་རྩིས་སྤྲོད་བྱེད་མཁན་བྱུང་ཚེ། རྒྱ་སྒོར་ཁྲི་ ༥ ནས་ ༢༠ བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པའི་བརྡ་ཁྱབ་སྤེལ་ཡོད་པ་དང་། བོད་མི་ཚོས་རང་ལུས་མེར་བསྲེཊ་བཏང་དང་གཏོང་བཞིན་པའི་རྒྱུ་རྐྱེན་ནི། རྒྱ་གཞུང་གིས་ཤེས་བཞིན་དུ་དངུལ་སྤྲད་དེ་འགོག་ཐབས་བྱས་དང་བྱེད་བཞིན་པའི་གཡོ་སྒྱུ་དེ་ཡིན་པ། དེང་སྐབས་ཨ་རི་སོཊ་སྟོབས་ཆེན་རྒྱལ་ཁབ་ཁག་གི་གསར་འགོད་པ་དང་ཆབ་སྲིད་པ་སོཊ་ཀྱི་དོ་སྣང་བྱེད་ཡུལ་ཆེ་ཤོས་ཆཊ་བཞིན་ཡོད། རྒྱ་གཞུང་གི་བྱ་སྤྱོད་དེས་བོད་མིའི་དངོས་ཡོད་གནས་སྟངས་གསལ་རྟོཊ་མེད་པ་དང་། བོད་མི་རིཊ་ཀྱི་སྙིང་སྟོབས་དང་ལ་རྒྱ་ལ་རྒྱུས་མངའ་རྩ་བ་ནས་མེད་པའི་རྟཊ་མཚན་གསལ་པོ་ཡིན། ད་དུང་རྒྱ་གཞུང་གིས་འདི་ལྟར་ཞག་འགྱངས་ཉིན་ཕུད་ཀྱིས། འཛམ་གླིང་མི་མང་མགོ་སྐོར་གཏོང་ཆེད་གཞི་མེད་ཀྱི་སྐྱོན་འཛུཊ་དང་། གཡོ་སྒྱུ་ཁོ་ནས་འཛམ་གླིང་མི་མང་མགོ་སྐོར་གཏོང་ཐབས་བྱས་དང་བྱེད་བཞིན་ཡོད། བོད་ནང་རང་ལུས་མེར་བསྲེཊ་ཀྱི་ཆབ་སྲིད་ལས་འགུལ་སྤེལ་བཞིན་པའི་ངོ་བོ། རྒྱལ་སྤྱིའི་སྟེང་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། བོད་མི་རིགས་ལ་མི་འབོར་ཉུང་ཞིང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འོགབོད་མི་གཅིག་གི་སྐུ་སྲོག་ཤོར་ནའང་བོད་མི་རིཊ་ལ་གྱོང་གུད་ཆེན་པོ་ཡིན་པ་སྨོས་མ་དགོས་པས། བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ཀྱིས་རང་ལུས་མེར་བསྲེཊ་ལས་འགུལ་ལ་བློ་འཚབ་ཆེན་པོ་ཡོད་པ་དང་། བོད་མི་ཚོས་ཕྱིན་ཆད་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་དགོས་པའི་འབོད་སྐུལ་ཞུ་རྒྱུ། རྒྱ་གཞུང་གིས་ཛ་དྲག་གནས་སྟངས་དེའི་རྒྱབ་ལྗོངས་ལ་དྲང་བདེན་གྱིས་ཞིབ་འཇུག་བྱ་དགོས་པ་མ་ཟད། ༸གོང་ས་མཆོག་ལ་གཞི་མེད་མཚན་སྨད་སྐུར་འདེབས་གང་བྱུང་བྱེད་པ་ནི། གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་གྲི་བཙུཊ་པ་ལྟ་བུའི་ན་ཟུག་གཏོང་གི་ཡོད། ད་དུང་མཁྲེཊ་འཛིན་སྲིད་བྱུས་ལ་འགྱུར་བ་མ་བཏང་ན། བོད་ས་ཁྱོན་ཡོངས་སུ་ད་ལྟའི་གནས་ཚུལ་འདི་ལས་ཇེ་སྡུག་ཏུ་འགྱུར་སྲིད་པས། འབྱུང་འགྱུར་གྱི་འགན་ཡོངས་རྫོཊ་རྒྱ་གཞུང་གིས་འཁྱེར་དགོས། ”ཞེས་འཁོད་ཡོད།

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༣ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠

མཆན། 1

  1. ཤག་སྒང་པ། says:
    ལོ་ 13 སྔོན།

    ” གྲི་བཙུཊ་པ་ལྟ་བུའི་ན་ཟུག་གཏོང་གི་ཡོད།” ཅེས་ཀྱི་

    གཞུང་འབྲེལ་བརྗོད་ཚིག་འདི་འོས་པོ་ཞིག་ཏུ་མཇལ་མ་སོང་།

    དེ་མིན་ལེགས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese