མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝུན་ཚང་གི་རྩོད་རྙོག།

བོད་ཀྱི་དུས་བབ།
༢༠༡༢/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན། ཌེ་བེ་ཌི་ཡིས་ཝུན་ཚང་གི་གནས་ཚུལ་དེ་ནི་རང་ཉིད་ཀྱིས་འཚོལ་བཤེར་བྱས་པ་བསྒྲགས་ཡོད་པ་དང་།  ཝུན་གྱིས་ཁོའི་ནང་མིར་ཡོངས་བསྒྲགས་ཞིབ་བཤེར་བྱེད་ཆོག་སྐོར་བརྗོད་འདུག  

ཁ་སང་ཕྱི་ཚེས་ ༣༠ ཉིན། རྒྱ་ནག་ཧྲང་ཧེ་རུ་ཡོད་པའི་ནེའུ་ཡོག་དུས་བབ་ཡན་ལག་གསར་ཁང་གི་མགོ་གཙོ་ཌེ་བེ་ཌི་(David Barboza) ཡིས།  ཉེ་སྔོན་ནེའུ་ཡོག་དུས་བབ་སྟེང་བཏོན་པའི་ཝུན་ཚང་གི་དཔལ་འབྱོར་སྐོར་གྱི་གནས་ཚུལ་དེ་ནི།  ཁོ་རང་གིས་འདས་པའི་ལོ་གཅིག་རིང་ཞིབ་བཤེར་འཚོལ་བསྡུ་བྱས་པ་ཞིག་ཡིན་པ་ལས།  ལྐོག་ནས་གཞན་པས་མཁོ་སྤྲོད་བྱས་པའི་གནས་ཚུལ་ཞིག་མིན་སྐོར་གསལ་བཤད་བྱས་འདུག 

ཝུན་ཇ་པའོ་ནང་མིའི་དཔལ་འབྱོར་བདག་ཉེར་སྐོར་གྱི་གནས་ཚུལ་དེ་ནི།  ཌེ་བེ་ཌི་ཡིས་ཞིབ་བཤེར་བྱེད་མགོ་བརྩམས་ཏེ་ད་ལྟའི་བར་ཧ་ལམ་ལོ་གཅིག་འགོར་ཡོད་པ་དང་།  དང་ཐོག་ཁོས་རྒྱ་གཞུང་གི་རྒྱལ་གཉེར་དཔལ་འབྱོར་རྣམ་གྲངས་སྐོར་གྱི་གནས་ཚུལ་སྤེལ་རྒྱུའི་འཆར་གཞི་ལྟར།  རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ཁག་ཅིག་དང་བཟོ་ཚོང་ཁེ་ལས་བར་གྱི་འབྲེལ་བར་ཞིབ་བཤེར་བྱས་མཐར།  སྤྱི་ཚོགས་ཁྲོད་སྔོན་ནས་ཝུན་ཇ་པའོ་ཡི་ནང་མིའི་སྐོར་ནས་ལབ་གླེང་ཞིག་ཁྱབ་ཡོད་སྟབས།  ཁོས་དེ་སྔའི་གནས་ཚུལ་འཚོལ་བསྡུའི་དམིགས་ཡུལ་གྱི་ཁྱབ་ཁོངས་རྒྱ་ཆུང་དུ་བཏང་སྟེ། ཝུན་ཇ་པའོ་ཡི་ནང་མིའི་བདག་ཉར་དཔལ་འབྱོར་མ་དངུལ་གྱི་ཕྱོགས་ལ་སྐོར་བ་ཞིག་ཡིན་འདུག 

ཌེ་བེ་ཌི་ཡིས་གསལ་བཤད་སྐབས།  ཁོ་རང་གི་ཞིབ་བཤེར་དཔྱད་གཞིའི་རྒྱུ་ཆ་དག་ནི་ཡོངས་ཁྱབ་ཀྱི་ཡིག་ཆ་ཁག་ཡིན་པ་དང་། ཞིབ་བཤེར་ཁྲོད་ཁྲིམས་འགལ་དང་རུལ་སུངས་ཀྱི་གནད་དོན་རིགས་གང་ཡང་རྙེད་སོན་བྱུང་མེད་ཀྱང་། མ་དངུལ་གཏོང་འཇོག་བྱ་ཡུལ་ཁག་བཅུ་གྲངས་ལྷག་གི་རྒྱབ་ལྗོངས་སུ་ཝུན་ཇ་པའོ་ནང་མིའི་མིང་བཀོད་འདུག་པ་མ་ཟད། འདས་པའི་ལོ་ ༡༠ ནང་རྒྱ་གཞུང་གི་སྲིད་བློན་ཝུན་ཇ་པའོ་ཡི་ནང་མི་ཉེ་འབྲེལ་དག་གིས་ཉུང་མཐའ་ཡང་། ཨ་སྒོར་དུང་ཕྱུར་ ༢༧ གྱི་དཔལ་འབྱོར་མ་རྩ་སྟངས་འཛིན་བྱས་ཡོད་པ་བརྗོད་འདུག 

ཌེ་བེ་ཌི་ཡིས་གསལ་བརྗོད་བྱས་པ་ལྟར་ན།  ཐེངས་མང་པོར་སྲིད་བློན་ཝུན་ཇ་པའོ་དང་ཁོའི་ནང་མི་ཉེ་འབྲེལ་ཚོར་འབྲེལ་བ་གནང་ཐབས་བྱས་ཏེ།  ཁོ་ཚོའི་ངོས་ནས་གནས་ཚུལ་དེ་དག་གི་ཐད་དཔྱད་སྡུར་དང་གསལ་བཤད་ཡོང་རྒྱུའི་རེ་བ་བཏོན་ཡང་། ཝུན་གྱི་ནང་མིའི་ངོས་ནས་གནས་ཚུལ་དེའི་ཐད་ལན་འདེབས་མི་བྱེད་པ་དང་། ཡང་ན། གནས་ཚུལ་དེ་གླེང་སློང་བྱ་རྒྱུ་ངོས་ལེན་བྱས་མེད་པ་རེད། 

ཕྱི་ཚེས་ ༣༠ ཉིན་རྒྱ་གཞུང་མཐོ་རིམ་དཔོན་རིགས་ནང་ཁུལ་ལ་འབྲེལ་བ་དམ་པོ་ཡོད་མཁན་ཞིག་གིས་ཧོང་ཀོང་མཱེན་པའོ་གསར་ཁང་ལ་བརྗོད་པ་ལྟར།  ཉེ་ཆར་ཝུན་ཇ་པའོ་ཡིས་རྒྱ་གཞུང་མཐོ་རིམ་དཔོན་རིགས་ལ་སྙན་ཞུ་ཡི་གེ་ཞིག་བཏང་སྟེ།  ཁོ་དང་ཁོའི་ནང་མིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཡོངས་བསྒྲགས་ཐོག་ཞིབ་བཤེར་བྱ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པ་དང་།  གང་མྱུར་ཚོགས་ཆུང་ཆེད་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ།  ཡོངས་བསྒྲགས་ཐོག་མི་དམངས་ལ་རྩིས་སྤྲོད་བྱེད་དགོས་ཚུལ་དང་། ཞིབ་བཤེར་སྐབས་ཕྱི་རྒྱལ་གྱི་གསར་ལམ་ཁག་གི་འཐུས་ཚབ་ཀྱང་མཉམ་ཞུགས་བྱེད་འཇུག་དགོས་སྐོར་བརྗོད་ཡོད་འདུག

ད་དུང་ཝུན་གྱི་ཡི་གེའི་ནང་།  གལ་སྲིད་ཡོངས་བསྒྲགས་ཀྱིས་ཞིབ་བཤེར་བྱེད་ཐབས་མེད་ཚེ།  ཆེད་དུ་ཚོགས་ཆུང་བཙུགས་ཏེ་རང་དབང་ཐོག་ཞིབ་བཤེར་བྱེད་དགོས་ལ།  དེ་མིན་ན།  ཁོ་རང་ངོས་ནས་སོ་སོའི་ཁྱིམ་ཚང་གི་དཔལ་འབྱོར་མ་རྩ་ཡོངས་བསྒྲགས་བྱེད་ཆོག་པར་རྒྱ་གཞུང་མཐོ་རིམ་དཔོན་རིགས་ནས་མོས་མཐུན་ཡོང་བའི་འབོད་སྐུལ་དང་། གལ་སྲིད། ཞིབ་བཤེར་བརྒྱུད་ཁོ་དང་ཁོའི་ནང་མིའི་ཕྱོགས་ནས་མ་དངུལ་རུལ་སུངས་ཀྱི་གནད་དོན་གང་རུང་ཞིག་ཕྱིར་ཐོན་ཚེ།  ཡོངས་བསྒྲགས་ཀྱི་ཐོག་ནས་ཁྲིམས་བཞེར་དང་།  དམར་ཤོག་པའི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཞིར་བཟུང་ཉེས་ཆད་གཅོད་རྒྱུ་ནང་ལེན་བྱ་རྒྱུ་ཡིན་སྐོར་བཀོད་ཡོད་པར་བརྗོད།

རྒྱ་ནག་ཉམས་ཞིབ་པ་དག་གིས།  ཝུན་ཇ་པའོ་ཡིས་ཐེངས་འདིར་ཡོངས་བསྒྲགས་ཞིབ་བཤེར་བྱ་དགོས་པའི་རེ་བ་བཏོན་པ་དེས།  ཁོ་རང་ཉིད་ལ་གསང་དགོས་པའི་ནག་ཉེས་གང་ཡང་མེད་པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། ཅཱང་དང་ཀྲིག་གཙོས་ཁོ་རང་ལ་ཁ་གཏད་གཅོག་མཁན་གྱི་དཔོན་རིགས་ཚོར།  བསམ་བཞིན་དུ་གནོན་ཤུགས་འཕར་མ་ཞིག་སྤྲད་ཡོད་པར་བརྗོད་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༨ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

མཆན། 2

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཙུང་ལུའི་བློ་ཁོག་ཆེ་གི བྱེད་སྟངས་འདི་ནི་མྱིའི་བྱེད་སྟངས་ཤིག་རེད། ཧྲ་གི

    Reply
  2. འཇམ་གཅེས ། says:
    ལོ་ 14 སྔོན།

    ད་ཡིན་ན་འཁྲུགས་ཆ་དོད་པོ་ཞིག་ཡོང་ངེས་རེད་ཤག་་་་་་ཧ་ཧ་ཧ་ཧ་ཧ་ཧ་་་ལྟད་མོ་ཡོད་རེད་གྲོགས་པོ་ཚོ་གཟིགས་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese