མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་སྐུ་ཚབ་ཕེབས་རྒྱུའི་ཆ་རྐྱེན་བསྐྲུན་དགོས།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

སྐབས་གཉིས་པའི་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐོག་བོད་ནང་གི་སྐུ་ཚབ་དང་དཔྱད་རྩོམ་སོགས་ཐོན་ཐུབ་མེད་ཀྱང་། མ་འོངས་པར་བོད་ནང་གི་མཁས་དབང་གདན་འདྲེན་གནང་ཐུབ་རྒྱུ་ཚོགས་ཆེན་གྱི་ཆ་རྐྱེན་གལ་ཆེན་ཞིག་ཆགས་ཡོད་ཟེར།

ཟླ་སྔོན་མའི་ཕྱི་ཚེས་ ༢༧ ནས་ཉིན་གསུམ་རིང་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་ངྷ་ས་བོད་ཀྱི་སྨན་རྩིས་ཁང་། ཝ་ནཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན། རྡོར་གླིང་ལྕཊ་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་བཅས་ཐུན་མོང་གི་གོ་སྒྲིག་འོག  ༼རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་གཉིས་པ༽  བཞུགས་སྒར་ངྷ་རམ་ས་ལར་ཚོགས་ཏེ། ཉིན་གསུམ་རིང་རྒྱལ་ཁབ་ ༢༡ ལྷག་གིས་སྐུ་ཚབ་དང་སྨན་པ་གྲངས་ ༢༢༧ ལྷག་གིས་གཏམ་བཤད་ཁག་ ༣༥ དང་། དཔྱད་རྩོམ་ ༢༡ བཅས་སྒྲོག་སྦྱང་བཅས་གནང་མཐར། ཕྱི་ཚེས་ ༢༩ ཉིན་གྱི་ཕྱི་དྲོ་བོད་མིའི་སྒྲིག་འཛུཊ་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་མཁས་དབང་རྣམ་པར་ཕྱག་རྟགས་དང་། ཚོགས་བཅར་བ་རྣམས་ལ་ཕྱག་འཁྱེར་འབུལ་བཞེས་བཅས་གནང་སྟེ་ཚོགས་འདུ་ཡོངས་སུ་མཇུག་སྒྲིལ་ཡོད།  

ཐེངས་འདིའི་ཚོགས་ཆེན་ཐེངས་གཉིས་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྨན་པ་རྡོ་རྗེ་དགྲ་འདུལ་ལགས་སུ། ཐེངས་འདིའི་ཚོགས་ཆེན་གྱི་ཚོགས་ཞུགས་མི་སྣར་ཧིན་སྒོར་ ༡༥༠༠ ཚོགས་དོད་བསྡུ་རུབ་བྱེད་སྟངས་དང་། ཚོགས་ཐོག་ཏུ་བོད་ནས་སྐུ་ཚབ་དང་དཔྱད་རྩོམ་ག་ཚོད་ཡོང་ཡོད་མེད། རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་ཕེབས་པའི་སྨན་པ་དེ་དག་ལ་བོད་ཀྱི་གསོ་བ་རིག་པའི་སློབ་སྦྱོང་དང་ལག་ལེན་གང་འདྲ་ཡོད་མེད་བཅས་ཀྱི་ཐད་བཅར་འདྲི་བྱས་པ་ཡིན། སྐབས་དེར་ཚོགས་གཙོ་ལགས་ཀྱིས་བརྗོད་དོན་ལྟར་ན། གོ་སྒྲིག་པའི་ངོས་ནས་ཐེངས་འདིའི་ཚོགས་ཐོག་ཏུ་བཅར་མཁན་ཨམ་ཆི་དང་ཉམས་ཞིབ་པ་ཚང་མ་ཚོགས་དོད་བསྡུ་རུབ་ཀྱི་ལམ་ནས་ཐོ་འགོད་བྱས་པ་དེའི་རྒྱུ་མཚན་གཙོ་བོ་ནི། ཐེངས་འདིའི་ཚོགས་འདུ་དེ་ཕྱི་རྒྱལ་དང་རྒྱ་གར་བཅས་ཀྱི་ཨམ་ཆི་མང་པོ་ཕེབས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་ཞིག་ཆགས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་ཚོགས་འདུའི་འགྲོ་སྟངས་ལྟར་ཚོགས་དོད་བསྡུས་པ་ཞིག་ཡིན་པ་དང་། ཚོགས་འདུ་དེར་བོད་སྨན་སྦྱངས་མྱོང་མཁན་དང་བོད་སྨན་ཉམས་ཞིབ་པ། ཨམ་ཆི་བཅས་ཕྱི་རྒྱལ་གྱི་མི་སྣ་མང་པོ་ཞིག་ཕེབས་ཐུབ་ཡོད་ཀྱང་། བོད་ཀྱི་གསོ་བ་རིག་པའི་མཁས་དབང་དང་རྒྱུད་འཛིན་པ་མང་པོ་ཡོད་སའི་གཞིས་སྡོད་བོད་མིའི་སྐུ་ཚབ་གཅིག་ཀྱང་གདན་འདྲེན་ཞུས་ཐུབ་མེད་པར་མ་ཟད།  བོད་ནང་གི་ཚབ་མཚོན་གྱི་དཔྱད་རྩོམ་གཅིག་ཀྱང་སྒྲོག་སྦྱོང་ཐུབ་མི་འདུག   

ཁོང་ལ་ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་འདུར་གྲུབ་འབྲས་གང་འདྲ་བྱུང་ཡོད་མེད་དང་། སྐབས་དང་པོའི་ཚོགས་འདུ་དང་མ་འདྲ་བའི་ཆ་གང་ཡོད་དྲིས་པར། ཁོང་གིས “ ད ་རེས་ཀྱི་ཉིན་གསུམ་རིང་གི་ཚོགས་འདུའི་གྲུབ་འབྲས་གཙོ་བོ། རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཨམ་ཆི་ཕན་ཚུན་ངོ་ཤེས་དང་། ཕན་ཚུན་གྱིས་ན་ཚའི་སྐོར་དང་སྨན་བཅོས། སྨན་སྦྱོར། བསྔོ་སྨན་བཅས་ངོ་སྤྲོད་དང་སྦྱང་བཤད་བྱས་ཏེ། ཤེས་ཚད་གོང་མཐོར་འགྲོ་བར་གྲུབ་འབྲས་ཐོན་ཡོད་པ་རེད་ལ། ཚོགས་འདུ་འདི་བརྒྱུད་དེ་མ་འོངས་པར་སྨན་བཅོས་དང་ཕྱོགས་ཡོངས་ནས་སྤུས་དག་པོ་དང་གསོ་བ་རིག་པར་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་ཡོད། ཚོགས་འདུ་སྔ་གཞུག་གཉིས་བསྡུར་བ་ཡིན་ན། ཕྱི་ལོ་ ༧༢༨ ལོར་ཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་དང་པོའི་ཐོག རྒྱ་གར་དང་རྒྱ་ནག  སྟག་གཟིག་བཅས་ཀྱི་སྨན་རིགས་ལ་ཉམས་ཞིབ་གོ་བསྡུར་གནང་བ་རེད། ད་རེས་ང་ཚོས་རྒྱ་གར་ཨ་ཡོ་ཝའི་ཚེ་རིག་བྱེད་ཀྱི་སྨན་པ་དང་སི་ཏའི་སྨན་པ། རྒྱ་ནག་གི་སྨན་པ་བཅས་གདན་དྲངས་ཏེ་ཕན་ཚུན་གོ་བསྡུར་བྱས་ཡོད་སྟབས། དེའི་ཕྱོགས་ནས་འདྲ་བོ་འདུག་བསམ།  ད་རེས་ང་ཚོ་ཉིན་གསུམ་ལས་ཚོགས་ཐུབ་ཡོད་པ་མ་རེད། སྔོན་མ་ཟླ་བ་དང་ལོ་བསྟུད་ནས་ཚོགས་ཐུབ་པ་དེ་མི་འདྲ་བའི་ཆ་རེད་བསམ་གྱི་འདུག མ་འོངས་པར་ཚོགས་འདུ་ཐེངས་གསུམ་པ་དེ་ད་ལྟའི་ཆར་དམིགས་བསལ་གྲོས་བསྡུར་བྱས་མེད་ཀྱང་། མ་འོངས་པར་རིམ་གྱིས་གནས་ཚུལ་ཡོང་གི་རེད་བསམ་གྱི་འདུག ”ཅེས་བརྗོད་བྱུང་།

བདེ་ལེགས་སྨན་ཁང་གི་ཨམ་ཆི་ཚེ་བརྟན་ལགས་སུ་ཐེངས་འདིའི་ཚོགས་ཆེན་སྐོར་ལ་བསམ་ཚུལ་དྲིས་པར། ཁོང་གིས། “ ང་ལ་མཚོན་ན་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་བ་ཐོག་མ་ཡིན། འདས་པའི་ལོ་ ༢༩ ལྷག་གི་རིང་ངྷ་རམ་ས་ལར་བསྡད་དེ་སྨན་རྩིས་ཁང་དང་མཉམ་དུ་འབྲེལ་བ་ཡོད་སྟབས། ད་རེས་བཙན་བྱོལ་སྒྲིག་འཛུགས་ཀྱིས་འདི་འདྲའི་ཚོགས་ཆེན་ཞིག་ཚོགས་ཐུབ་པར་ང་རང་ཧང་སངས་སོང་། ད་རེས་རྒྱབ་ཁབ་ཁག་ ༢༡ ལྷག་ནས་བོད་སྨན་གཅིག་པུ་མ་ཡིན་པར། གཙོ་བོ་ཉམས་ཞིབ་ཀྱི་ཐོག་ལ་བགྲོ་གླེང་མང་པོ་བྱུང་སོང་། དེ་ང་རང་གིས་ཡག་པོ་མཐོང་བྱུང་། དེའི་ཐད་༸གོང་ས་མཆོག་གིས་ད་རེས་ཀྱི་ཚོགས་བཅར་བར་མཇལ་ཁ་གནང་སྐབས་ཀྱང་། ཁྱེད་རང་ཚོས་སྔོན་མར་ཡོད་པའི་སྒྲོམ་གཞི་གཅིག་པུར་ཆོག་ཤེས་བྱས་ན་འགྲིག་གི་མ་རེད། སྔར་གྱི་སྒྲོམ་གཞིའི་ཐོག་གསར་གཏོད་བྱས་ཏེ་འགྲོ་དགོས་པ་རེད་ཅེས་གསུངས་བྱུང་། ང་ཚོའི་ངོས་ནས་ཀྱང་བོད་ལུགས་གཅིག་པུ་མ་ཡིན་པར། རྒྱ་གར་དང་རྒྱ་ནག་བཅས་ཀྱི་ལེགས་ཆ་འདེམས་སྒྲིག་གིས་ཡར་རྒྱས་གཏོང་དགོས་པ་རེད་བསམ་གྱི་འདུག  ཐེངས་འདིའི་ཚོགས་འདུའི་མཇུག་བསྡོམས་སྐབས་མ་འོངས་པར་ཚོགས་ཆེན་ཐེངས་གསུམ་པ་འཚོག་རྒྱུ་ཡིན་ཞེས་བརྗོད་བྱུང་། མ་འོངས་པར་འཚོག་པ་ཡིན་ན། ཉམས་ཞིབ་ཀྱི་ཕྱོགས་ནས་ཐེངས་འདི་ལས་ཚད་མཐོ་རུ་འགྲོ་གི་རེད་བསམ་གྱི་འདུག ཡིན་ནའང་། ད་རེས་ཀྱི་གནས་སྟངས་ལ་བལྟས་ན་བོད་པའི་ནང་དུ་ཉམས་ཞིབ་བྱེད་མཁན་ཉུང་དྲག་འདུག་བསམ་གྱི་ཡོད། མ་འོངས་པར་མང་པོ་ཡོང་ཐུབ་རྒྱུ་ཧ་ཅང་གལ་ཆེན་རེད་ལ། ལྷག་པར་དུ་བོད་ནང་གསོ་བ་རིག་པར་ལག་ལེན་གནང་མཁན་ཚོ་ངེས་པར་དུ་ཕེབས་ཐབས་བྱ་དགོས་ཀྱི་འདུག དེའི་ཕྱོགས་ལ་མ་འོངས་པར་འབྲེལ་བ་དང་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་རེད། ” ཅེས་གསུངས་བྱུང་།

སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་ཟླ་བ་ལགས་སུ་བསམ་ཚུལ་དྲིས་པར། ཁོང་གིས། “ ཐེངས་འདིའི་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་འདུའི་ཐོག་བོད་པ་ཙམ་མིིན་པར་འཛམ་གླིང་རྒྱལ་ཁབ་མང་པོའི་སྐུ་ཚབ་འཛོམས་ཐུབ་པ་དང་། ལྷག་པར་དུ་བོད་སྨན་ལ་དོ་སྣང་དང་སློབ་སྦྱོང་། ཉམས་ཞིབ་བྱེད་མཁན་མང་པོ་ཕེབས་ཏེ། རང་ཉིད་ཀྱི་ཉམས་མྱོང་དང་དཔྱད་རྩོམ་བཅས་ཁག་ཅིག་ཉམས་པ་སླར་གསོའི་ཐད་དང་། ཁག་ཅིག་རང་གི་སྨན་གྱི་ཁྱད་ཆོས་མ་བརླགས་པའི་ཐོག་ཚན་རིག་དང་མཐུན་པའི་ཉམས་ཞིབ་བྱ་རྒྱུ། ཡང་ཁག་ཅིག་མ་འོངས་པར་བོད་ཀྱི་གསོ་བ་རིག་པ་ཇི་ལྟར་འཕེལ་རྒྱས་གཏོང་མིན་བཅས་ཀྱི་ཐོག་བགྲོ་གླེང་གནང་སྟེ། སྐུལ་མ་ཆེན་པོ་ཞིག་ཆགས་འགྲོ་གིོ་རེད་བསམ་གྱི་འདུག གཙོ་བོ་ང་ཚོ་འཛོམས་པ་ཙམ་མིན་པར། མ་འོངས་པར་འབད་བརྩོན་བྱ་རྒྱུ་མི་རབས་འདིའི་ཕྲག་དུ་བབ་པའི་ལས་འགན་རེད་ལ། དེ་མ་འཁུར་བ་ཡིན་ན་ཉེན་ཁ་ཆགས་བསྡད་ཡོད་པ་རེད། འཁུར་བ་ཡིན་ན་ད་ལྟའི་དུས་ཚོད་འདི་ཧ་ཅང་གལ་ཆེན་པོ་ཆགས་འདུག” ཅེས་བརྗོད་བྱུང་།   

ཡང་ཁོང་ལ་མ་འོངས་ཚོགས་ཆེན་ཐེངས་གསུམ་པ་ཚོགས་སྐབས་ཁ་གསབ་དང་། ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གང་ཡོད་པའི་སྐོར་དྲིས་པར།  ཁོང་གིས། “ སྔོན་ཆད་ཨ་རི་དང་འབྲུག ཡུ་རོབ་བཅས་རྒྱལ་ཁབ་ཁག་ཏུ་རྒྱལ་སྤྱིའི་བོད་སྨན་ཚོགས་འདུ་ཚོགས་ཡོད་པ་རེད།  ང་རང་གི་ངོས་ནས་རྩ་བའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཚོགས་ཐུབ་པ་དེ་ལོ་རྒྱུས་རང་བཞིན་ཆགས་ཡོད་པ་རེད་བསམ་གྱི་འདུག ཡིན་ནའང་། དེ་ལས་གཞི་རྒྱ་ཆེན་པོ་ཞིག་དང་། ལྷག་པར་དུ་བོད་ནང་མཁས་པ་མང་པོ་ཞིག་ལྷག་བསྡད་ཡོད་སྟབས། ཁོང་ཚོ་ཚོགས་འདུ་འདིའི་རིགས་ལ་བཅར་ཐུབ་པར་བྱ་རྒྱུ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཡོད་པ་རེད། མ་འོངས་པར་ཡང་བསྐྱར་བཙན་བྱོལ་ནང་འཚོག་པ་ཡིན་ན་ཧ་ཅང་ཁག་པོ་རེད། ང་ཚོའི་ངོས་ནས་གོ་སྒྲིག་གནང་མཁན་རང་འཇགས་ཡིན་པའི་ཐོག བཙན་བྱོལ་སྤྱི་ཚོགས་མ་ཡིན་པའི་རྒྱལ་ཁབ་གཞན་དུ་འཚོག་ཐུབ་པ་ཡིན་ན། ཁོང་རྣམ་པ་ཕེབས་ཐུབ་པར་གོ་སྐབས་དང་ཆ་རྐྱེན་ཞིག་ཆགས་ཡོད་པ་རེད། དེ་ཧ་ཅང་གལ་ཆེན་པོ་རེད། ” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༨ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༡༠ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 2

  1. ཤག་སྒང་པ། says:
    ལོ་ 13 སྔོན།

    ” བོད་ནང་གི་སྐུ་ཚབ་ཕེབས་རྒྱུའི་ཆ་རྐྱེན་བསྐྲུན་དགོས།”
    ཅེས་པའི་ཁ་བྱང་འདིས་ཏོག་ཙམ་གླན་དུ་བཅུག་སོང་།

    ལར་ནས་དེང་སྐབས་བོད་ཀྱི་དུས་བབ་ཏུ་གནས་ཚུལ་ཧ་ཅང་དལ་ཞིང་། ཀློག་མཁན་དང་མཆན་འདེབས། ཟིན་བྲིས་བསྐུར་བ་སོགས་ཀྱི་གྲངས་ཀ་ཧ་ཅང་ཉུང་ངུར་ཆག་གིན་ཚོར་བའི་རྒྱུ་མཚན། འཕྲིན་ཕྲན་ནམ་སྐད་འཕྲིན། ངོ་དེབ་དང་འཕྲུལ་སྒྲ། རླུང་འཕྲིན་དང་བརྙན་འཕྲིན་སོགས་ཀྱིས་བྱས་པ་རེད་དམ། ཡང་ན་གསར་ཁང་གི་སྤུས་ཀ་ཉམས་པས་རེད།

    ཤོད་ཚོད་མ་འཐིག་སོང་། བསམ་ཚུལ་དང་དཔྱད་ཞིབ་ཅིག་བླང་དགོས་མིན་འགྲོ་སེམས།

    ཀྱེ། ཀྱེ། དུས་བབ་ཁྱེད་རང་དུས་རྟག་ཏུ་འཛུམ་དགོས་པ་ནི་བོད་མིའི་ལས་དབང་དང་འབྲེལ་ནས་ཡོད་ལགས། ཀྱེ།

    Reply
  2. ketaka says:
    ལོ་ 13 སྔོན།

    སྐབས་གཉིས་པའི་རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ།་་་གོང་གི་མཁས་དབང་སྨན་རམས་པ་དག་གི་འཆར་གཞི་ཡོད་པ་ལྟར་བོད་ནང་གི་གསོ་རིག་མཁས་དབང་མི་ཉུང་བ་ཞིག་གདན་འདྲེན་ཞུ་ཐུབ་ན་གཞིས་བྱེས་གཉིས་ལ་ཁེ་ཕན་ཡོད་པ་ཞིག་ཏུ་མཐོང་།་་བོད་དང་རྒྱ་གར།་་་པལ་ཡུལ་འདི་གསུམ་གང་རུང་ཞིག་ལ་གོ་སྒྲིག་བྱས་ཀྱང་ཡོང་ཐབས་མེད་པ་ཞིག་རེད།་་དེ་ལས་གཞན་པའི་རྒྱལ་ཁབ་ཅིག་ལ་དོན་དངོས་ཐོག་གྲ་སྒྲིག་བྱེད་ཐུབ་ན་རེ་བ་ཡོད་པར་མཐོང་།་བོད་ནང་ལ་མཚོན་ན་བོད་ཀྱི་གསོ་བ་རིག་པ་མི་ཉམས་རྒྱུན་འཛིན་དང་གསར་གཏོད་ཀྱི་ལས་མིག་མཐོང་ལག་ཟིན་དུ་གྱུར་འདུག་་་་་དེའི་ཐོག་ནས་བསམ་གཞིགས་བྱས་ན་རང་དབང་ལུང་པར་གནས་པའི་མཁས་པའི་མཚན་བྱང་ཡོད་མཁན་དག་གིས་རང་གིས་རང་ལ་འདྲི་ཚིག་འགོད་རྒྱུར་ཧ་ཅང་གལ་ཆེ་བར་སྙམ།་་་་༡༩༩༩ཡས་མས་སུ་བོད་ནས་སྐྱབས་བཅོལ་དུ་འབྱོར་མཁན་ཁྲོད་ནས་སྨན་རྩིས་ཁང་དུ་འཛུལ་བཞུགས་འདོད་མཁན་ཧ་ཅང་མང་བོ་མཐོང་།་་འོན་ཏེ་ཡིག་རྒྱུག་ཨང་དང་པོ་ནས་གསུམ་པ་བར་མ་གཏོགས་ས་མིག་མེད་གཤིས་རེ་ཟུང་ཙམ་ལས་བྱུང་ཐུབ་མེད།་་་་་ཕྱིས་སུ་འགྱུར་བ་བཏང་སྟེ་གཅིག་མཚུངས་ལྟར་སློབ་ཡོན་སྤྲོད་དགོས་པའི་གཏན་འཁེལ་བ་དེས་ཀྱང་གནས་སྟངས་གཅིག་པར་ཆགས་འདུག་་་་་་སླར་ཡང་ལོ་གཅིག་གཉིས་ཤིག་གི་ཡར་སྔོན་ན་སྒྲིག་གཞི་ཞིག་བཟོས་པ་དང་ལག་བསྟར་འགྲོ་བཞིན་པར་ལྟར་ན་རང་ལོ་༢༥བརྒལ་ན་ལོ་ཚིགས་ཆ་ནས་ངོས་ལེན་བྱེད་མི་ཆོག་པར་བཟོས་འདུག་་་་གནས་སྟངས་དང་དཀའ་ངལ་འདི་འདྲིའི་མང་པོ་ཞིག་གི་ཐོག་ནས་ཕ་ཡུལ་ནས་དམིགས་ཡུལ་ཞིག་བཅངས་ཏེ་རྒྱ་གར་དུ་འབྱོར་ཅིང་ཐབས་ཤེས་མེད་གཤིས་ཕྱིར་རང་ཡུལ་དུ་ལོག་སྟེ་ཕ་མའི་རོགས་སྐྱོར་འོག་སྒོ་ཟོག་བཙོངས་ཏེ་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་ནས་ཐར་ཕྱིན་པ་མ་ཟད་བོད་ནང་དུ་ཕྱག་ལས་གནང་བཞིན་པའང་ཡོད།་་་ཡིན་ན་ཡང་༢༠༠༨་གྱི་བོད་ཀྱི་ཞི་རྒོལ་ཆེན་མོའི་རྗེས་བོད་རང་སྐྱོང་ལྗོངས་མ་ཡིན་པའི་ཕྱོགས་མཐའི་ཞིང་ཆེན་ཁག་གི་སློབ་མ་གཅིག་ཅིང་ལེན་མི་ཆོག་པར་བཟོས་ཡོད།་་་་ཕྱོགས་རིས་མེད་པའི་ཐོག་ནས་དགོངས་པ་བཞེས་དང་རང་དབང་ལུང་པ་ནས་གཅིག་རྗེས་གཉིས་མཐུད་དུ་འགོག་རྐྱེན་བཟོ་དགོས་པའི་ཀུན་སློངས་དང་དམིགས་ཡུལ་དགོས་པ་དང་རྒྱུ་མཚན་ཅི་ཡིན་་གོང་གི་ལས་ཀྱི་སྣེ་མོ་པ་ཞིག་གིས་བློ་གཟུ་བོར་གནས་པའི་ཐོག་ནས་ལན་ཅིག་གསུངས་རོགས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese