མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གློག་བརྙན་སོགས་རིག་གསར་ལ་རྒྱབ་སྐྱོར་མེད་པ་དེ་ནི་ཕངས་པོ་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༧ ནས་ཉིན་གཉིས་རིང་བོད་ཀྱི་ཟློས་གར་ཚོགས་ཁང་དུ། བོད་ཀྱི་གློག་བརྙན་བཟོ་སྐྲུན་ཁང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག བོད་ཀྱི་གློག་བརྙན་དུས་སྟོན་ཚོགས་ཡོད་པ་ལྟར། གློག་བརྙན་དུས་སྟོན་གོ་སྒྲིག་པ་ཉི་མ་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་ཡོད།

        དྲི་བ། ཐོག་མར་ཁྱེད་རང་ཉིད་ཀྱི་མི་ཚེ་ལོ་རྒྱུས་རཊ་བསྡུས་ཤིག་ངོ་སྤྲོད་གནང་རོགས་ཞུ།

        ལན། ངའི་མིང་ལ་ཉི་མ་དོན་གྲུབ་ཟེར། ད་ལྟ་ལོ་ ༦༠ བསླེབས་ཡོད། ང་རང་ཕྱི་ལོ་ ༡༩༥༣ ལོར་བོད་ནང་དུ་སྐྱེས་པ་ཡིན་ལ། བོད་ལ་རང་བཙན་ཡོད་པའི་འོག་ནས་ལོ་ ༥ ནས་ ༦ ཙམ་གྱི་རིང་སྐྱིད་པོ་སྡོད་རྒྱུ་བྱུང་ཡོད་པ་རེད། དེ་ནས་སྐྱབས་བཅོལ་ལ་བསླེབས་པའི་རྗེས་སུ། ང་རང་དྷ་རམ་ས་ལར་བོད་ཁྱིམ་སློབ་གྲྭའི་བུ་ཕྲུག་དང་པོའི་གྲས་ཆགས་ཡོད་པ་རེད། སྐབས་དེར་བོད་ཁྱིམ་སློབ་གྲྭའི་བུ་ཕྲུག་མང་པོ་ཞིག་ཕྱི་རྒྱལ་ཁག་ཏུ་བཏང་བའི་གྲས་སུ། ང་རང་ཡང་ཕྱི་ལོ་ ༡༩༦༢ ལ་ཧྥ་རན་སིར་བཏང་སོང་། དེ་ནས་ད་ལྟའི་བར་ངའི་མི་ཚེ་ཆ་ཚང་ཕྱི་རྒྱལ་ལུང་པའི་ནང་བསྐྱལ་པ་རེད།

        དྲི་བ། ཁྱེད་ལ་བོད་ཀྱི་གློག་བརྙན་དུས་སྟོན་འདི་གསར་འཛུགས་གནང་རྒྱུའི་ཐོག་མའི་བསམ་བློ་ཅི་ལྟར་འཁོར་སོང་།

        ལན། མ་གཞི་ང་རང་གློག་བརྙན་བཟོ་བར་ཉམས་མྱོང་དང་གོ་རྟོགས་ཆེན་པོ་གང་ཡང་མེད། ཡིན་ནའང་། བོད་ཀྱི་གློག་བརྙན་དུས་སྟོན་གསར་འཛུགས་བྱ་དགོས་དོན་གཙོ་བོ་ནི། ང་རང་སྤྱིར་བཏང་བོད་དོན་ཐོག་ལས་ཀ་བྱེད་མཁན་ཞིག་ཡིན། དེ་སྔོན་དོན་གྲུབ་དབང་ཆེན་ལགས་ཀྱིས་བརྙན་པར་མང་པོ་ཞིག་བརྒྱབ་ནས་སུད་སི་ལ་གསང་བའི་ཐོག་ནས་བཏང་ཐུབ་པ་བྱུང་བ་རེད།  སྐབས་དེར་དོན་གྲུབ་དབང་ཆེན་གྱི་སྤུན་མཆེད་ཀྱིས་བརྙན་པར་མང་པོ་ཞིག་ང་ཚོར་བསྟན་ཏེ།  དེ་དག་ག་རེ་བྱེད་དགོས་མིན་དང་ཁོ་རང་གིས་གློག་བརྙན་གང་ཡང་བཟོ་ཤེས་ཀྱི་མེད་སྐོར་བརྗོད་བྱུང་། དེར་བརྟེན་ང་ཚོ་བོད་དོན་ཐོག་ལས་ཀ་བྱེད་མཁན་གྲོགས་པོ་ཁ་ཤས་འཛོམས་ཏེ།  བརྙན་པར་ཡོད་ན་ང་ཚོས་གློག་བརྙན་ཞིག་བཟོ་འཇོག་ཞུས་པ་ཡིན། དེ་དུས་ང་ཚོར་གློག་བརྙན་བཟོ་བའི་མ་དངུལ་དང་ཉམས་མྱོང་གང་ཡང་ཡོད་པ་མ་རེད། ཡིན་ནའང་། ང་ཚོས་ཚོགས་པ་ཞིག་བཟོས་ཏེ་སེམས་ཤུགས་སྐྱེད་པའི་ཐོག་ནས། གྲོགས་པོ་ངོ་ཤེས་ཏོག་ཙམ་གློག་བརྙན་བཟོ་བར་ཉམས་མྱོང་ཡོད་མཁན་ཚོར་སྐད་ཆ་དྲིས་ཞོར་གློག་བརྙན་བཟོ་རྒྱུ་མགོ་བཙུགས་པ་ཡིན། སྟབས་ལེགས་པ་ཞིག་ལ་ཕྱི་རྒྱལ་གྱི་གློག་བརྙན་བཟོ་མཁན་ཨ་ཅག་ཅིག་གིས་ང་ཚོར་སློབ་སྟོན་གནང་སོང་།  དེ་ལྟར་དོན་གྲུབ་དབང་ཆེན་གྱིས་ཆུ་ཚོད་ ༤༠ རིང་བརྒྱབ་པའི་བརྙན་པར་དེ།  ང་ཚོས་གང་མགྱོགས་མགྱོགས་ཀྱི་སྒོ་ནས་༼འཇིགས་བྲལ༽ཞེས་པའི་གློག་བརྙན་དེ་བཟོ་ཐུབ་པ་བྱུང་བ་རེད།  གློག་བརྙན་དེ་ང་ཚོ་བོད་པ་ཚང་མའི་ཚབ་ལ་སྦེལ་ཇམ་ནས་སྟོན་ཐུབ་པ་བྱུང་བ་མ་ཟད། གློག་བརྙན་དེ་སྐད་གྲགས་ཆེན་པོ་བྱུང་སྟེ་འཛམ་བུ་གླིང་གི་ལུང་པ་གང་སར་སྟོན་ཐུབ་པ་བྱུང་བ་རེད། ང་ཚོས་དམིགས་ཡུལ་ནི་དོན་གྲུབ་དབང་ཆེན་ལགས་ཀྱི་ཆེད་དུ་ལས་འགུལ་སྤེལ་རྒྱུ་དེ་རེད། རྒྱུ་མཚན་དོན་གྲུབ་དབང་ཆེན་ལགས་བཙོན་ཁང་ནང་ཡོད་པ་རེད། ད་ལྟ་དོན་གྲུབ་དབང་ཆེན་ཁོང་རྒྱལ་སྤྱིའི་སྒང་སྐད་གྲཊ་ཆེན་པོ་བྱུང་བ་རེད། ཡིན་ནའང་། ཡུ་རོབ་དང་རྒྱ་གར་ལུང་པ་སོཊ་གང་ཡིན་ཡང་། མི་ཞིག་གློ་བུར་སྐད་གྲགས་བྱུང་བའི་རྗེས་ག་ལེར་མིང་དེ་བརླག་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད།  བོད་ནང་བཙོན་པ་ཧ་ཅང་མང་པོ་ཡོད་ཀྱང་དེ་དག་གི་མིང་དང་ཁོང་ཚོ་གང་དུ་ཡོད་མེད་འཛམ་གླིང་གིས་ཤེས་ཐུབ་ཀྱིན་ཡོད་པ་མ་རེད།  གནས་སྟངས་དེ་ལྟ་བུ་ཆགས་པ་ཡིན་ན་ཧ་ཅང་སེམས་པ་སྐྱོ་དགོས་པ་རང་རེད། དོན་གྲུབ་དབང་ཆེན་ལགས་ཀྱིས་པར་བརྒྱབ་པ་རྣམས་གློག་བརྙན་དུ་བཟོས་ནས་སྟོན་མཁན་ང་ཚོ་ཆགས་ཡོད་སྟབས། ཁོང་གི་མིང་མ་བརླག་པ་ཞིག་བྱ་རྒྱུར་ང་ཚོར་འགན་ཡོད་པ་རེད། དེར་བརྟེན། དོན་གྲུབ་དབང་ཆེན་དྲན་གསོའི་ཆེད་དུ་བོད་ཀྱི་གློག་བརྙན་དུས་ཆེན་འདི་གསར་འཛུགས་བྱས་པ་ཡིན། ༢༠༠༨ ལོར་དོན་གྲུབ་དབང་ཆེན་ཁོང་རྒྱ་ནག་གི་བཙོན་ལ་བཅུག་པ་རེད། ༢༠༠༩ ལོར་ང་ཚོས་ཁོང་ལ་དྲན་གསོའི་ཆེད་བོད་ཀྱི་གློག་བརྙན་དུས་སྟོན་དང་པོ་དེ་མགོ་བཙུགས་པ་ཡིན། 

        དྲི་བ། ཁྱེད་ཚོའི་ཚོགས་པར་ཚོགས་མི་ག་ཚོད་ཡོད། ད་ལྟའི་བར་གློག་བརྙན་དང་འབྲེལ་བའི་ལས་ཀའི་བརྒྱུད་རིམ་ཁྲོད་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་ཀྱི་འདུག  

        ལན། ང་རང་སུད་སི་ནས་དྷ་རམ་ས་ལར་བསླེབས་ཏེ་ལོ་གཉིས་ལྷག་ཕྱིན་སོང་། ད་ལྟའི་ཆར་ང་ཚོ་བོད་ཀྱི་གློག་བརྙན་བཟོ་སྐྲུན་ཁང་ལ་ཚོགས་མི་ག་ཚོད་ཡོད་མེད་ངས་ཞེ་དྲག་ལབ་ཐུབ་ཀྱི་མི་འདུག དང་པོ་མགོ་བཙུགས་དུས་སྒང་ལ་སུད་སིར་ང་ཚོར་ཚོགས་མི་དྲུག་ཡོད། རྗེས་ཕྱོགས་ག་ལེར་ཚོགས་མི་གཞོན་པ་དེ་འདྲ་བསླེབ་ཡོང་གི་རེད། ང་ཚོ་རྒན་པ་ཚོ་རིམ་པས་ཕྱིར་ཐོན་པ་དང་གཞོན་པ་ཚོས་འགན་ལེན་ཡོང་གི་རེད་བསམ་གྱི་འདུག དཀའ་ངལ་གྱི་ཐད་ནས། སུད་སི་དང་དྷ་རམ་ས་ལའི་བོད་ཀྱི་གློག་བརྙན་དུས་ཆེན་གཉིས་ཀྱི་དཀའ་ངལ་ཁ་ཁ་རེད། སུད་སི་ནང་ང་ཚོ་བོད་པའི་ལས་ཀ་བྱེད་མཁན་ཚོས་སེམས་ཤུགས་སྐྱེད་དེ། ནམ་རྒྱུན་སོ་སོའི་ལས་ཀའི་ཞོར་ནས་གནང་གི་ཡོད་པ་རེད། དེར་དཀའ་ངལ་གཙོ་བོ་དུས་ཚོད་མང་པོ་མེད་སྟབས། ལས་ཀ་དེ་ག་ཚོད་ཀྱིས་སྤུས་དག་པོ་བྱས་པ་ཡིན་ནའང་། སོ་སོའི་འདོད་པ་ནང་བཞིན་བྱེད་མ་ཐུབ་པའི་དཀའ་ངལ་འདུག དྷ་རམ་ས་ལར་མཚོན་ན་བོད་པ་མང་པོ་ཡོད་པ་རེད།  དངོས་གནས་བྱས་ན་ཡག་པོ་ཞིག་ཡོང་རྒྱུར་རེ་བ་འདུག ཡིན་ནའང་། དྷ་རམ་ས་ལར་ཚོཊ་པ་མང་པོ་དང་སྒྲིག་གཞི་མང་པོ་ཡོད་པ་དང་། གཅིག་ནས་རྒྱ་གར་གྱི་འགྲོ་སྟངས་དེ་ངས་མགོ་ཚོས་ཀྱི་མི་འདུག ཚང་མ་ག་ལེ་བྱས་ཏེ་སྐད་ཆ་མང་པོ་བཤད་དགོས་པ་དེ་དཀའ་ལས་ཞེ་དྲག་ཁག་པོ་འདུག  དེ་བཞིན། མི་མང་ལ་གློག་བརྙན་གལ་ཆེན་པོ་ཡིན་པའི་གོ་རྟོགས་སྤེལ་རྒྱུའི་ཐད་ནས་ཀྱང་དཀའ་ཁག་འདུག 

        དྲི་བ། བོད་ཀྱི་གློག་བརྙན་དུས་སྟོན་བརྒྱུད་ནས་སྐར་མ་ ༥ ཅན་གྱི་གློག་བརྙན་ཐུང་གྲས་ཀྱི་འགྲན་སྡུར་ཞིག་གོ་སྒྲིག་གནང་བཞིན་པ་ལྟར།   གློག་བརྙན་ཐུང་གྲས་འགྲན་བསྡུར་དེ་གཙོ་གང་ལ་དམིགས་པ་ཞིག་ཡིན་ནམ།    

        ལན། དེང་སྐབས་འཛམ་གླིང་སྒང་གློག་བརྙན་དང་དྲ་རྒྱ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱིན་ཡོད་པ་རེད། ཡིན་ནའང་། ང་ཚོ་བོད་པའི་སྤྱི་ཚོགས་ནང་གློག་བརྙན་སྒྱུ་རྩལ་ལ་མཐོང་ཞེ་དྲག་གནང་གི་མི་འདུག དེར་བརྟེན། བོད་པའི་གཞོན་སྐྱེས་ཚོར་གློག་བརྙན་བཟོ་རྒྱུར་སེམས་ཤུགས་སྐྱེད་ཐབས་དང་། ད་ལྟའི་ཆར་བོད་པའི་ནང་གློག་བརྙན་བཟོ་མཁན་ཉམས་མྱོང་ཅན་ཁ་ཤས་ཡོད་སྟབས། གློག་བརྙན་དུས་སྟོན་འདི་བརྒྱུད་ནས་ཁོང་ཚོ་དང་གཞོན་སྐྱེས་ཚོ་མཉམ་དུ་ཐུག་འཕྲད་ཀྱིས་ཕན་ཚུན་ཉམས་མྱོང་གོ་སྡུར་ཡོང་ཐབས། བོད་པའི་གློག་བརྙན་བཟོ་མཁན་ཚོའི་གློག་བརྙན་རྣམས་སྤྱི་ཚོཊ་ཁྲོད་ཁྱབ་བསྒྲཊ་དང་གཟིཊ་འབུལ་གྱི་གོ་སྐབས་བསྐྲུན་ཐབས་བཅས་ལ་དམིགས་ཏེ། ང་ཚོས་སྐར་མ་ ༥ ཅན་གྱི་གློག་བརྙན་ཐུང་ཐུང་ཞིག་བཟོ་བཅུག་གི་ཡོད། མི་མང་པོ་ཞིག་གིས་སྐར་མ་ ༥ རིང་གི་གློག་བརྙན་ཐུང་ཐུང་ཟེར་དུས་མཐོང་ཆུང་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། སྒྲུང་གཅིག་སྐར་མ་ ༥ ནང་ལ་བཤད་ཐུབ་རྒྱུ་དེ་ཧ་ཅང་ཁག་པོ་ཡོད།  མི་ཞིག་གིས་སྒྲུང་ཞིག་སྐར་མ་ ༥ ནང་བཤད་ཐུབ་པ་ཡིན་ན། གློག་བརྙན་ཆེན་པོ་བཟོ་རྒྱུ་ཏོག་ཙམ་ལས་སླ་བོ་ཡོད་པ་རེད།

        དྲི་བ།  སྐར་མ་ ༥ ཅན་གྱི་གློག་བརྙན་ཐུང་གྲས་འགྲན་བསྡུར་ནང་ཞུགས་རྒྱུར་ཆ་རྐྱེན་གང་དག་ཚང་དགོས་པ་རེད།  འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མཁན་དག་ལ་གཟེངས་རྟགས་ག་རེ་སྤྲོད་ཀྱི་ཡོད་དམ། 

        ལན། གློག་བརྙན་ཐུང་གྲས་འགྲན་བསྡུར་ནང་ཞུགས་པ་ལ་ང་ཚོར་གཏན་འབེབས་ཀྱི་ཁྲིམས་སྒྲིག་ཞིག་ཡོད། གཅིག གློག་བརྙན་འགྲན་ནང་ཞུགས་མཁན་ནི་བོད་པ་ཞིག་ཡིན་དགོས་པ།  ཡང་ན། ཨ་ཁུ་དང་ཨ་ནེ་གང་རུང་བོད་པ་ཡིན་མཁན་ཞིག་དགོས་ཀྱི་ཡོད་པ་རེད། གཉིས། གློག་བརྙན་འགྲན་བསྡུར་ནང་ཞུགས་མཁན་གྱི་མིའི་ལོ་ཚད་ནི་ལོ་ ༡༠ ནས་ ༡༠༠ བར་ཡིན་དགོས། གསུམ་པ། མི་མང་པོ་མཉམ་རུབ་ཀྱིས་ལས་ཀ་བྱེད་པ་དང་། ཡང་ན། ཕྱི་རྒྱལ་དང་གྲོགས་པོ་གཞན་མཉམ་དུ་ལས་ཀ་བྱས་ན་འགྲིག་མོད། འཁྲབ་ཁྲིད་པ་དང་བརྙན་ལེན་པ་སོགས་ལས་ཀ་གཙོ་བོ་བྱེད་མཁན་དེ་བོད་པ་ཞིག་ཡིན་དགོས།  བཞི། མི་གཞན་གྱིས་བརྒྱབ་པའི་བརྙན་པར་དང་། མི་གཞན་གྱིས་བཟོས་པའི་གློག་བརྙན་བརྐུ་བཤུ་བྱེད་མི་ཆོག་པ།  ལྔ་པ། ལོ་རེའི་འགྲན་བསྡུར་གློག་བརྙན་གྱི་བརྗོད་གཞི་དང་མ་འགལ་བ།  དྲུག  ལོ་རེའི་འགྲན་ཞུགས་གློག་བརྙན་བསྡུ་བའི་དུས་བཅད་ནང་ཚུད་གློག་བརྙན་འབྱོར་ཐུབ་པ་བྱེད་དགོས་པ་བཅས་རེད།  འགྲན་ཞུགས་གློག་བརྙན་ཁྲོད་ཨང་དང་པོ་ཐོབ་མཁན་ལ་ཨ་སྒོར་ ༥༠༠ དང་། ཨང་གཉིས་པ་ཐོབ་མཁན་ལ་ཨ་སྒོར་ ༣༠༠ ། ཨང་གསུམ་པ་ཐོབ་མཁན་ལ་ཨ་སྒོར་ ༢༥༠ ། མི་མང་གི་དགའ་མོས་ཐོབ་མཁན་གློག་བརྙན་ལ་ཨ་སྒོར་ ༢༠༠ བཅས་ཀྱི་བྱ་དགའ་སྤྲོད་ཀྱི་ཡོད།

        དྲི་བ། ད་ལོ་སྐར་མ་ ༥ ཅན་གྱི་གློག་བརྙན་ཐུང་གྲས་འགྲན་བསྡུར་ཁྲོད་ཞུཊ་མཁན་མི་ག་ཚོད་འདུག བྱ་དགའ་མི་གང་དག་ལ་ཐོབ་སོང་ངམ། 

        ལན། ད་ལོ་ཨང་དང་པོ་ཝེ་ཐི་ནམ་ནས་ཡིན་པའི་ཚེ་རིང་བཀྲ་ཤིས་རྒྱལ་ཐང་ལགས་ལ་ཐོབ་འདུག ཁོང་ང་ཚོའི་གློག་བརྙན་འགྲན་བསྡུར་ནང་ཞུགས་པར་ཧ་ཅང་དགའ་བོ་བྱུང་། བོད་པའི་གཞོན་སྐྱེས་ཚོར་གློག་བརྙན་མཁས་པ་དཔེ་ལྟ་ས་ཞིག་དགོས་ཀྱི་ཡོད་པ་རེད། ང་ཚོས་ཐེངས་འདིར་གཟིགས་འབུལ་ཞུས་པའི་ཚེ་རིང་བཀྲ་ཤིས་རྒྱལ་ཐང་ལགས་ཀྱི་གློག་བརྙན་དེ་ནི། ཧྥ་རན་སིར་ལོ་ལྟར་འཛམ་གླིང་ནང་གློག་བརྙན་ཡག་ཤོས་༡༠ བདམས་ཏེ་སྟོན་གྱི་ཡོད་པ་ལྟར། ད་ལོར་བདམས་པའི་གྲས་སུ་ཁོང་གི་གློག་བརྙན་དེ་ཚུད་ཡོད་པ་རེད། བོད་པ་ཞིག་གི་གློག་བརྙན་ཚུད་ཐུབ་པ་དེ་ནི་ང་ཚོའི་སྤོབས་པ་རེད། དེ་བཞིན། ང་ཚོའི་སྐར་མ་ ༥ ཅན་གྱི་གློག་བརྙན་འགྲན་བསྡུར་ཁྲོད་དུའང་ཁོང་ལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད།  ཁོང་གི་གློག་བརྙན་དེ་དག་གིས་ཐེངས་འདིར་གློག་བརྙན་བཟོ་མཁན་གཞོན་སྐྱེས་ཚོར་སློབ་སྦྱོང་ཡག་པོ་ཞིག་རག་སོང་བསམ་གྱི་འདུག  ད་ལོ་ཨང་གཉིས་པ་གཉིས་འདུག གཅིག་དྷ་ས་མེག་གྷན་ནས་ཡིན་པའི་བསྟན་འཛིན་བུ་ཆུང་ལགས་རེད། གཅིག་ལ་དྭགས་ནས་ཡིན་པའི་དགེ་ལེཊ་པ་སངས་ལཊ་རེད། མི་མང་གི་དགའ་མོས་ཐོབ་མཁན་གྱི་གློག་བརྙན་དེ་བསྟན་འཛིན་བུ་ཆུང་ལཊ་ལ་ཐོབ་སོང་། 

        དྲི་བ། བོད་ཀྱི་གློག་བརྙན་དུས་སྟོན་ཐོག་ཆེད་དུ་གཟིགས་འབུལ་ཞུ་བཞིན་པའི་འགྲན་ཞུགས་མ་ཡིན་པའི་གློག་བརྙན་གཞན་པ་རྣམས་ཅི་ལྟར་འདེམས་སྒྲིག་བྱེད་ཀྱིན་ཡོད་དམ། 

        ལན། ང་རང་ཚོ་བོད་ཀྱི་གློག་བརྙན་བཟོ་སྐྲུན་ཁང་གི་ངོས་ནས། ཐོག་མར་ཚོཊ་མི་སོ་སོས་བསམ་འཆར་ཞུས་ཏེ། གློག་བརྙན་གང་བསྟན་ན་ཡག་མིན་ཕན་ཚུན་ལ་གྲོས་སྡུར་གནང་ཐོག་དེའི་ཐད་ཚོཊ་འདུ་ཚོཊ་ཀྱི་ཡོད། ཡིན་ནའང་། ང་ཚོ་ཚོཊ་པའི་ནང་ལ་གློག་བརྙན་བཟོ་མཁན་ཆེད་མཁས་པ་བློ་བཟང་ལགས་ཡོད། ཁོང་གིས་སྒྱུ་རྩལ་ལམ་སྟོན་པའི་འགན་འཁུར་གྱིན་ཡོད་པ་རེད། དེར་བརྟེན། གློག་བརྙན་གང་ཡག་པོ་ཡོད་མེད་ཐད་ནས་མང་ཆེ་བ་ཞིག་ཁོང་གིས་ཐག་གཅོད་གནང་གི་ཡོད། 

        དྲི་བ།  ཁྱེད་ཚོས་ངོས་ནས་འགྲན་ཞུགས་གློག་བརྙན་གྱི་བརྗོད་གཞི་ཅི་ལྟར་འཚོལ་གྱིན་ཡོད།  ལོ་སྔ་ཕྱི་གཉིས་བསྡུར་ན་འགྲན་ཞུགས་པ་དག་གི་བར་ཁྱད་པར་ག་རེ་མཐོང་གི་འདུག་གམ།   

        ལན། ང་ཚོའི་འགྲན་བསྡུར་གློག་བརྙན་གྱི་བརྗོད་གཞིའི་ཐད་ནས། ང་ཚོའི་ངོས་ནས་གཅིག་མིན་གཅིག་བོད་པ་ཁོ་ནའི་སྐོར་ལ་བཟོ་དགོས་ཟེར་གྱི་ཡོད་པ་མ་རེད། དེར་བརྟེན། གློག་བརྙན་གྱི་བརྗོད་གཞི་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པ་ཞིག་བདམས་ཀྱིན་ཡོད། ལོ་སྔོན་མའི་བརྗོད་གཞི་ནི་ཨ་མ་དང་། ད་ལོའི་བརྗོད་གཞི་ནི་སེམས་ཤུགས་ཡིན། ལོ་རྗེས་མའི་བརྗོད་གཞི་ནི་ཞལ་ཟས་ཡིན།  གློག་བརྙན་བཟོ་མཁན་སྒྱུ་རྩལ་བ་སོ་སོའི་ངོས་ནས་ཞལ་ཟས་ཀྱི་སྐོར་ལ་རྣམ་པ་མི་འདྲ་བའི་གློག་བརྙན་སྣ་ཚོགས་ཤིག་བཟོ་ཐུབ་པའི་རེ་བ་ཡོད། ད་ལོ་འགྲན་ཞུགས་ཁྲོད་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་གཉིས་འདུག མ་འོངས་གཞོན་སྐྱེས་དེ་ལས་མང་པོ་འཐོན་ཐུབ་པ་དང་།  ལོ་རེ་བཞིན་བོད་པའི་གློག་བརྙན་གྱི་གནས་ཚད་མཐོ་རུ་འགྲོ་ཐུབ་རྒྱུའི་རེ་བྱེད་བཞིན་ཡོད། ལོ་སྔ་ཕྱིའི་འགྲན་ཞུགས་པའི་ཁྱད་པར་གཙོ་བོ་ནི། ལོ་སྔོན་མར་མཚོན་ན་ཨ་རི་དང་ཡུ་རོབ། རྒྱ་གར་སོགས་ལུང་པ་མང་པོ་ཞིག་ནས་འགྲན་ཞུགས་པ་བསླེབས་འདུག ད་ལོར་མཚོན་ན་རྒྱ་གར་ནང་དུ་འགྲན་ཞུགས་པ་ ༥ བསླེབས་འདུག  ལོ་སྔོན་ལས་མང་དུ་ཕྱིན་ཡོད་པ་རེད། ནོར་ཝེ་ནས་ ༡ དང་ལ་དྭགས་ནས་ ༡ འདུག ཨ་རི་དང་ཨོ་སི་ཊོ་ལི་ཡ་སོགས་ནས་ད་ལོ་གཅིག་ཀྱང་བསླེབས་མི་འདུག དྷ་རམ་ས་ལར་གཞོན་སྐྱེས་མང་པོར་གློག་བརྙན་བཟོ་འདོད་འདུག ཡིན་ནའང་། ཁོང་ཚོར་ལག་ཆ་དང་དཔལ་འབྱོར་གྱི་དཀའ་ངལ་ཏོག་ཙམ་འཕྲད་བཞིན་ཡོད་འདུག

        དྲི་བ། བོད་ཀྱི་གློག་བརྙན་དུས་སྟོན་འདི་མགོ་འཛུགས་ནས་ལོ་ ༣ ཕྱིན་པའི་བརྒྱུད་རིམ་ལས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གློག་བརྙན་ལས་རིགས་སྐོར་ལ་བརྩི་མཐོང་དང་ལྟ་སྟངས་ག་འདྲ་ཞིག་བསླེབས་ཡོང་གི་འདུག་གམ། 

        ལན། ངས་བསམ་ན་དེ་ལ་རིགས་གཉིས་སུ་བགར་དགོས་ཀྱི་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མི་མང་པོ་ཞིག་གིས་གློག་བརྙན་ལ་མཐོང་ཆུང་གནང་གི་འདུག གློག་བརྙན་ནི་སྣང་བ་སྐྱིད་པོ་གཏོང་བའི་ལས་ཀ་ཙམ་ཞིག་ལས་ཡོན་ཏན་གྱི་ཁོངས་སུ་བརྩི་ཡི་མི་འདུག ཡང་གཞོན་སྐྱེས་ཚོའི་ངོས་ནས་གློག་བརྙན་ལ་དགའ་བོ་གནང་གི་འདུག ཁོང་ཚོས་གློག་བརྙན་གྱི་སྐོར་ལ་བགྲོ་གླེང་དང་དོ་སྣང་ཞེ་དྲཊ་གནང་བཞིན་པ་མ་ཟད། ཁོང་ཚོ་གློག་བརྙན་ལས་རིཊ་ལ་ཡིད་ཆེས་བརྟན་པོ་འདུག 

        དྲི་བ། ད་ལྟའི་བོད་པའི་སྤྱི་ཚོགས་ཀྱི་གནས་བབ་འདིའི་ངོས་ཐད་ནས་བལྟས་ན། གློག་བརྙན་སྒྱུ་རྩལ་ལས་རིགས་འདི་ཁྱེད་ཀྱིས་གལ་ཆེ་ཆུང་ག་འདྲ་ཞིག་མཐོང་གི་འདུག་གམ།  

        ལན། ང་རང་ངོས་ནས་གློག་བརྙན་ནི་ཧ་ཅང་གལ་ཆེན་པོ་ཞིག་ལ་མཐོང་གི་ཡོད། གློག་བརྙན་བརྒྱུད་ནས་སྒྲུང་བཤད་དུས་མིའི་སེམས་ཀྱི་གཏིང་ལ་ཚོར་ཤུགས་སློང་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན། བོད་མིའི་ཆབ་སྲིད་དང་རིག་གཞུང་གི་དཀའ་ངལ་གང་ཡིན་ཡང་། གློག་བརྙན་གྱི་ལམ་ནས་སྟོན་ཐུབ་པ་ཡིན་ན་འཛམ་གླིང་མི་མང་ཚང་མས་ཤེས་རྟོགས་སླ་བ་དང་། མི་ཚང་མའི་སེམས་ཀྱི་གཏིང་ལ་ཚོར་བ་སྤྲོད་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག

        དྲི་བ། མ་འོངས་པར་གློག་བརྙན་དུས་སྟོན་འདི་བོད་པའི་སྤྱི་ཚོགས་ནང་ཡར་རྒྱས་ཚཊ་ཚུད་ཡོང་རྒྱུའི་ཐད། གཙོ་བོ་ཕྱོགས་གང་དག་ནས་དམ་འཛིན་དང་ཤུཊ་སྣོན་རྒྱག་དགོས་ཀྱི་འདུག་གམ། 

        ལན། ངའི་བསམ་ན་མི་སྒེར་གྱི་ངོས་ནས་ཡིན་ན་རེད། གཞུང་གི་ཐོག་ནས་ཡིན་ན་རེད། བོད་པའི་གློག་བརྙན་གྱི་ཐོག་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག བོད་པའི་གཞོན་སྐྱེས་ཚོར་བལྟས་ཡོང་དུས་ཡོན་ཏན་གང་འཚམ་ཡོད་པའི་བཟོ་འདུག ཡིན་ནའང་། ཁོང་ཚོར་ཡོན་ཏན་འདོན་སའི་སྡིངས་ཆ་དེ་མི་འདུག ཁོང་ཚོར་ཡོད་པའི་ཡོན་ཏན་དེ་དག་སྤྱི་ཚོགས་ནང་འདོན་ཐུབ་པ་བྱ་དགོས་པ་རེད། ང་ཚོ་བོད་པའི་ལྟ་བ་དང་འདུ་ཤེས་འཛིན་སྟངས་ཤིག་ལ་བོད་རང་གི་ཤེས་རིག་རྙིང་པ་རྣམས་མ་བརླག་པར་ཉར་ཐུབ་ཐད་ཤུགས་རྒྱག་རྒྱུ་ཁོ་ན་མ་གཏོགས། རིག་གནས་གསར་བའི་ཐད་དོ་སྣང་ཤུགས་ཆེན་པོ་གནང་གི་མི་འདུག འཛམ་གླིང་འདི་སྐོར་བ་བརྒྱབ་ནས་འགྱུར་ལྡོག་འགྲོ་བཞིན་ཡོད་སྟབས། ང་ཚོའང་འཛམ་གླིང་འདི་དང་མཉམ་དུ་བསྐྱོད་དགོས་པ་རེད།  གློག་བརྙན་གྱིས་མཚོན་པའི་རིག་གནས་གསར་པའི་སྐོར་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་མི་གནང་བ་དེ་ནི་ཕངས་པོ་རེད། མ་འོངས་པར་དེ་དག་གི་ཐད་རྒྱབ་སྐྱོར་གནང་ན་ཡག་པོ་ཡོང་ས་རེད་བསམ་གྱི་འདུག 

        དྲི་བ།  སྤྱིར་བཏང་བོད་པའི་སྤྱི་ཚོགས་ཁྲོད་གློག་བརྙན་ལས་རིགས་རྐང་ཚུགས་ཐུབ་རྒྱུར།  འཁྲབ་གཞུང་རྩོམ་པ་པོ་དང་། འཁྲབ་ཁྲིད་པ།  འཁྲབ་སྟོན་པ། སྒྲིག་བཟོ་བ་སོགས་ཆེད་ལས་མི་སྣ་མང་པོ་ཞིག་འཛོམས་དགོས་ཀྱི་ཡོད་རེད།  དེ་དག་ཐད་ཁྱེད་ཚོ་ཚོགས་པའི་ངོས་ནས་དམིགས་བསལ་འཆར་སྣང་ག་རེ་ཡོད་དམ།

        ལན། དེ་འདྲ་ཞིག་འབྱུང་ཐུབ་རྒྱུར་རེ་བ་ཆེན་པོ་ཡོད་དེ། ང་ཚོའི་ངོས་ནས་འཆར་གཞི་དམིགས་བསལ་གང་ཡང་མེད། རྒྱུ་མཚན་ང་ཚོ་ཚོགས་པ་ཧ་ཅང་ཆུང་དྲགས་པ་རེད། དཔལ་འབྱོར་ཞེ་དྲག་ཡོད་པ་མ་རེད། ལས་ཀ་ཆེན་པོ་དེ་འདྲ་བྱེད་འདོད་ཡོད་ནའང་བྱེད་ཐུབ་ཀྱི་མི་འདུག དཔེར་མཚོན་ཙམ་ཞུས་ན། ང་ཚོས་གློག་བརྙན་དང་པོ་འཇིགས་བྲལ་བཟོས་ཏེ་བསྟན་པ་རེད། དེ་འཛམ་གླིང་སྒང་ཡག་པོ་བྱུང་ཡོད། གློག་བརྙན་གཉིས་པ་ཞིག་བཟོ་རྒྱུ་མགོ་བཙུགས་ཏེ་ལོ་གཉིས་ཕྱིན་སོང་། མ་དངུལ་མེད་སྟབས་ད་དུང་བཟོས་ཚར་མ་སོང་། ཡིན་ནའང་། ང་ཚོའི་ངོས་ནས་གཞུང་དང་ཚོགས་པ་ཁག་ལ་བསམ་འཆར་ཕུལ་ཏེ། གློག་བརྙན་ལས་རིགས་ཐོག་ལ་རྒྱབ་སྐྱོར་ཡོང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད། ང་ཚོས་ལས་ཀ་ཤུགས་ཆེ་བ་དོན་གྲུབ་དབང་ཆེན་གྱི་ཆེད་དུ་ལས་འགུལ་སྤེལ་རྒྱུ་དེ་ཆགས་ཡོད། ལས་ཀ་དེ་མཇུག་སྐྱེལ་ཐུབ་པ་བྱ་རྒྱུ་དང་། ད་ལྟའི་ཆར་བོད་ཀྱི་གློག་བརྙན་བཟོ་སྐྲུན་ཁང་གིས་བོད་ཀྱི་གློག་བརྙན་དུས་སྟོན་གོ་སྒྲིག་བྱེད་བཞིན་ཡོད་སྟབས། དེའང་མཇུག་སྐྱོང་ཐུབ་པ་བྱ་དགོས་པ་རེད། ད་ལྟ་ང་ཚོ་ཚོགས་པ་ཆུང་ཆུང་ཞིག་ལ་ལས་ཀ་ཆེན་པོ་གཉིས་ཆགས་ཚར་པ་རེད། ད་ལོ་མགོ་ལོག་འཇིགས་མེད་ལགས་ཀྱང་རྒྱ་གཞུང་གི་འཇུ་བཟུང་འོག་གར་སོང་ཆ་མེད་དུ་གྱུར་འདུག  ཁོང་རང་ཡང་ང་ཚོས་འཚོལ་དགོས་ཀྱི་འདུག ཁྱེད་རང་གིས་གསུངས་པ་དེ་དག་ཚོགས་པ་གཞན་གྱིས་བསྒྲུབ་ཐུབ་པ་ཡིན་ན། ང་ཚོའི་ངོས་ནས་དགའ་སྤོབས་ཡོང་ས་རེད།

 

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༧༡ ལས་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese