མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅི་ཙམ་དྲག་གནོན་བྱས་ན་བོད་མིའི་རང་སྐྱོང་རྩོད་རྒྱུའི་སེམས་ཤུཊ་དེ་ཙམ་ཆེ་རུ་འགྲོ་སྲིད།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༸གོང་ས་མཆོག་གིས་ཉི་ཧོང་གྲོང་ཁྱེར་ཡོ་ཀོ་ཧཱ་མའི་འགྲེམས་སྟོན་ཚོཊ་ཁང་དུ་མི་མང་ ༦༥༠༠ བརྒལ་བར་བཀའ་སློབ་བསྩལ་སྐབས། རྒྱ་གཞུང་གིས་བོད་མིར་ཅི་ཙམ་གྱིས་དྲག་གནོན་བྱས་པ་དེ་ཙམ་གྱིས་བོད་མིའི་རང་སྐྱོང་རྩོད་རྒྱུའི་སེམས་ཤུཊ་སྔར་ལས་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ནས་མགོ་འཛུཊ་ཀྱིས་དུས་ཡུན་ཉིན་བཅུའི་རིང་། ༸གོང་ས་མཆོག་གིས་ཉི་ཧོང་གྲོང་ཁྱེར་ཡོ་ཀོ་ཧཱ་མ་དང་ཊོག་ཀྱོའི་གཙོས།  གྲོང་ཁྱེར་དང་ས་གནས་ཁག་ཅིག་ཏུ་ཆོས་ཕྱོཊ་ཀྱི་མཛད་འཕྲིན་ཁག་སྐྱོང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༤ ཉིན་༸གོང་ས་མཆོག་གིས་ཉི་ཧོང་གྲོང་ཁྱེར་ཡོ་ཀོ་ཧཱ་མའི་ཕེ་སི་ཧྥེ་ཀོའི་འགྲེམས་སྟོན་ཚོཊ་ཁང་ (Yokohama Pacifico Exhibition Hall) དུ། ཉི་ཧོང་ས་གནས་མང་ཚོཊ་གཙོས་ཀོ་རི་ཡ་དང་ཨ་རི། ཡུ་རོབ་རྒྱལ་ཁབ་ཁག་ནས་བཅར་བའི་མི་མང་ ༦༥༠༠ བརྒལ་བར། བཀའ་གདམས་དགེ་བཤེས་གླང་རི་ཐང་པས་མཛད་པའི་༼བློ་སྦྱོང་ཚིག་བརྒྱད་མ་༽བཀའ་ཆོས་བསྩལ་ཡོད་འདུག

གསུང་ཆོས་མགོ་འཛུཊ་མ་གནང་གོང་། ༸གོང་ས་མཆོག་གིས་མང་ཚོཊ་ལ་འགྲོ་བ་མིའི་རིཊ་ཀྱི་བཟང་སྤྱོད་ཡར་རྒྱས་དང་བདེ་སྐྱིད་ལྡན་པའི་ཐོག་མི་ཚེ་སྐྱེལ་ཐབས་སྐོར་ལ་བཀའ་སློབ་བསྩལ་ཏེ། འཛམ་གླིང་སྟེང་མི་འབོར་དུང་ཕྱུར་ ༧༠ ཡོད་པ་རྣམས་ལུས་པོ་དང་སེམས་པ། ཚོར་བ་བཅས་གསུམ་གྱི་ཐོག་འགྲོ་བ་མིའི་རིཊ་ཡིན་པ་གཅིག་མཚུངས་ཡིན་པ་དང་། གཅིག་འགྱུར་གྱི་འདུ་ཤེས་དེའི་ཐོག་ཕན་ཚུན་བར་བྱམས་བརྩེ་དང་སེམས་བཟང་པོ་བྱ་རྒྱུའི་ཀུན་སློང་གང་ཐུབ་སྐྱེ་དགོས་པ། སོ་སོའི་བསམ་བློ་ཆཊ་སྡང་དང་ཉོན་མོངས་ཀྱིས་གཞན་དབང་དུ་སོང་ན་སྐྱིད་པོ་གང་ཡང་མེད་ཅིང་། འགྲོ་བ་མིའི་རྒྱུད་ལ་ཡོད་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེས་བཟང་ངན་གྱི་བླང་དོར་རྣམས་རྟོཊ་པར་བྱས་ཏེ། རང་གཞན་ཀུན་ལ་ཕན་པའི་སྤྱི་ཚོཊ་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐབས་བྱ་དགོས་སྐོར་དང་། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་སྔལ་མི་འདོད་པ་གཅིག་འགྱུར་ཡིན་པ་མ་ཟད། བདེ་བ་བསྒྲུབ་རྒྱུ་དང་སྡུག་སྔལ་འདོར་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་ཡོད་སྟབས། ང་ཚོའི་བར་ཁྱོད་དང་ང་ཞེས་པའི་དབྱེ་འབྱེད་ཀྱི་ས་མཚམས་གང་ཡང་མེད་པ་དང་། དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་ཆེ་བ་འགྲོ་བ་མི་རང་ཉིད་ཀྱིས་བཟོས་པ་ཤ་སྟག་ཡིན་པའི་སྐོར་བཀའ་སློབ་གནང་ཡོད་འདུག

༸གོང་ས་མཆོག་གིས་གསུངས་དོན། “ང་ཚོར་དངུལ་དང་དཔལ་འབྱོར། འཕྲུལ་ལས་ཡར་རྒྱས་སོཊ་དགོས་ཀྱི་ཡོད་ཀྱང་། ཕྱིའི་དངོས་པོ་ཡར་རྒྱས་དང་འཛུཊ་སྐྲུན་ཁོ་ནས་སེམས་ནང་བདེ་སྐྱིད་ངོ་མ་བསྐྲུན་ཐབས་མེད་ལ། དངུལ་དང་དཔལ་འབྱོར་ལ་འདོད་སྲེད་ཤུཊ་ཆེ་དྲཊ་པ་དང་། འགྲན་རྩོད་ཀྱི་བསམ་པ་ཤུཊ་ཆེ་དྲཊ་པའི་སྟབས་ཀྱིས། མི་ཕན་ཚུན་བར་ཡིད་ཆེས་བརླཊ་པ་དང་དོཊ་ཟོན་བྱ་དགོས་པ་ཆཊ་ཡོད། དེང་སྐབས་འབྱོར་ལྡན་པ་མང་པོ་ཞིག་གྲོཊ་མེད་ཁེར་རྐྱང་དུ་ལུས་ཏེ་སེམས་སྡུག་བསྔལ་གྱིས་ཁེངས་བསྡད་ཀྱི་ཡོད། དུས་རབས་ཉེར་གཅིག་ནང་རྡུལ་ཕྲན་རྣམ་གཞག་གིས་མཚོན་པའི་རིག་གསར་གྱི་སྒོ་མོ་ཕྱེ་ཡོད་ཀྱང་། གསར་བརྗེ་དེ་དག་ལ་བརྟེན་ནས་འཛམ་གླིང་ནང་རྒྱལ་ཁབ་ཕན་ཚུན་བར་འཇིཊ་སྣང་དང་དོཊ་ཟོན་སྔར་ལས་ཆེ་རུ་ཕྱིན་ཡོད། དཔེར་ན། ཉི་ཧོང་གྲོང་ཁྱེར་ཧི་རོ་ཤི་མ་དང་ནཱ་ག་སཱ་ཀེ་གཉིས་ལ་རྡུལ་ཕྲན་མཚོན་ཆས་གནོད་འཚེ་ཆེན་པོ་བཟོས་ཡོད། སྔ་ལོ་ངོས་རང་ཉི་ཧོང་དུ་ཡོང་སྐབས་ས་ཁུལ་དེ་གཉིས་ཀྱི་རྡུལ་ཕྲན་མཚོན་ཆས་གནོད་འཚེ་མྱོང་མཁན་ཁག་ཅིག་ལ་ཐུག་འཕྲད་བྱས་པ་ཡིན། ཁོང་ཚོར་དམག་ཆེན་གཉིས་པའི་སྐབས་རྡུལ་ཕྲན་མཚོན་ཆས་གོད་ཆག་ཚབས་ཆེན་ཕོག་པའི་རྐྱེན་གྱིས། དུས་ད་ལྟའང་སེམས་ནང་འཇིཊ་སྣང་དང་དངངས་སྐྲག་ཡོང་བསྡད་ཀྱི་ཡོད་པ་རེད། ”ཅེས་གསུངས་ཡོད་འདུག

དེ་བཞིན། ཉིན་དེར་༸གོང་ས་མཆོག་གིས་གྲོང་ཁྱེར་ཡོ་ཀོ་ཧཱ་མར་མང་ཚོཊ་ལ་བཀའ་སློབ་བསྩལ་སྐབས། རྒྱ་གཞུང་གིས་བོད་མིའི་དངོས་ཡོད་དཀའ་ངལ་ལ་བསམ་ཤེས་བྱས་ཏེ། དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་ཤིག་ལག་བསྟར་བྱ་དགོས་པ་མ་གཏོཊ། དེ་ལས་ལྡོག་སྟེ་བོད་མིའི་ཐོག་དངོས་ཡོད་གནས་ཚུལ་དང་མི་འཚམ་པའི་དྲག་གནོན་སྲིད་བྱུས་ལག་བསྟར་བྱས་པ་དེ་བོད་མིའི་དཀའ་ངལ་སེལ་རྒྱུར་ཕན་ཐོཊ་གང་ཡང་མེད་པ་དང་། ༡༩༥༩ ལོར་བོད་མི་ཚོས་རྒྱ་གཞུང་ལ་ཞི་རྒོལ་བྱས་པ་ནས་བཟུང་དཀའ་སྡུག་མང་པོ་ཞིག་མྱངས་ཡོད་ཅིང་། ལྷག་པར་ཉེ་ལམ་རྒྱ་གཞུང་གིས་བོད་ནང་དྲག་གནོན་ཤུཊ་ཆེ་རུ་བཏང་སྟེ་བོད་མི་ཚོས་དཀའ་སྡུག་མང་པོ་མྱོང་བཞིན་ཡོད་པ་དང་། རྒྱ་གཞུང་གིས་བོད་མིའི་ཐོག་ཅི་ཙམ་གྱིས་དྲག་གནོན་ཤུཊ་ཆེ་རུ་བཏང་བ་དེ་ཙམ་གྱིས། བོད་མི་ཚོས་རང་སྐྱོང་གནས་བབ་རྩོད་རྒྱུའི་སེམས་ཤུཊ་སྔར་ལས་ཆེ་རུ་འགྲོ་རྒྱུ་ཡིན་པ་རྒྱ་ནག་དཔོན་རིཊ་ཚོར་བརྡ་ལན་གསལ་པོ་སྤྲད་ཡོད་སྐོར་གསུངས་ཡོད་འདུག

ཐེངས་འདིའི་གསུང་ཆོས་སྐབས་༸གོང་ས་མཆོག་གིས་གྲོང་ཁྱེར་ཡོ་ཀོ་ཧཱ་མའི་རྒྱལ་སྤྱིའི་གསོལ་མགྲོན་ཁང་དུ་ཉིན་གུང་གསོལ་ཚིགས་སྐབས། ཡུལ་དེའི་གནད་དོན་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པར་མ་ཟད། སྐབས་དེར་ཐའེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོཊ་ཀྱི་ཆོས་ཞུ་བ་སྐོར་ཞིག་ལ་མཇལ་ཁ་དང་བཀའ་སློབ་ཀྱང་བསྩལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༦ ནས་ ༧ བར་༸གོང་ས་མཆོག་གིས་མུ་མཐུད་རྒྱལ་ས་ཊོག་ཀྱོའི་ཚན་རིག་པ་དང་ནང་པའི་མཁས་དབང་། དགེ་འདུན་པ་བཅས་ཀྱི་༼ནང་ཆོས་དང་ཚན་རིག༽བར་གྱི་བགྲོ་གླེང་ཚོཊ་འདུར་ཆིབས་བསྒྱུར་གནང་རྒྱུ་དང་། ཕྱི་ཚེས་ ༡༡ ཉིན་ཉི་ཧོང་ཨོ་ཀི་ནཱ་ཝར་ཡོད་པའི་བྷི་ཌོ་ཀཱན་ཚོགས་ཁང་དུ་༼དཀའ་ངལ་ལས་འགྲོལ་བའི་ནུས་ཤུགས༽དང་། མ་འོངས་པའི་མི་རབས་གསར་བ་ཚོར་ལམ་སྟོན་བཀའ་སློབ་གནང་རྒྱུ། ཕྱི་ཚེས་ ༡༣ ཉིན་ཉི་ཧོང་རྒྱལ་ས་ཊོག་ཀྱོའི་ནང་སེམས་ཁམས་ཚན་རིག་གི་བྱེད་སྒོ་ཁག་ལ་ལྷན་ཞུགས་གནང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese