རྒྱ་
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༡༥ ནས་ ༢༢ བར་རྒྱ་གཞུང་གིས་སྔ་ཕྱིར་རྫ་ཆུ་ཁ་དབོན་པོ་ས་གནས་ཀྱི་སེར་སྐྱ་མི་ ༢༥ འཛིན་བཟུང་བཀག་ཉར་བྱས་ཡོད་པའི་ཁྲོད་ཀྱི་མང་ཆེ་བ་གནས་སྐབས་རིང་ཀློད་གྲོལ་བཏང་ཡོད་ཀྱང་། ཁག་ཅིག་ད་ཆར་ཡང་སེར་ཤུལ་རྫོང་དུ་བཀག་ཉར་བྱས་ཡོད་པ་མ་ཟད། ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་རྒྱ་གཞུང་གིས་ཁོང་ཚོའི་ནང་མི་རྫོང་ཐོག་ཏུ་སྐད་བཏང་ཡོད་འདུག་ལ། སྐབས་དེར་ནང་མིར་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་མེད་པའི་ཁར། བཀག་ཉར་བྱས་པའི་མི་རེར་རྒྱ་སྒོར་ ༥༠༠ བླངས་རྗེས། “རྡུང་རྡེག་བྱེད་ཀྱི་མེད” ཅེས་རྒྱ་ཡིག་གིས་བྲིས་པའི་ཡི་གེ་རེ་སྤྲད་དེར་ཕྱིར་བཏང་ཡོད་འདུག
ཉེ་བའི་ཆར་དབོན་པོ་ཡུལ་ཚོ་དང་རྫ་སྨད་གྲོང་རྡལ་བཅས་སུ་དམག་མི་འབོར་ཆེན་གཏན་སྡོད་ཀྱིས་ས་གནས་སུ་དམ་དྲག་བྱེད་ཀྱིན་པར་མ་ཟད། ཉིན་བཞིའི་སྔོན་ནས་བཟུང་ས་གནས་ཀྱི་སྐད་འཕྲིན་དང་ཁ་པར་བཅས་བརྒྱུད་ལམ་ཁག་ལ་སྟངས་འཛིན་བྱས་ཏེ། སྒྲ་མི་གསལ་བ་བཟོས་ཡོད་འདུག
གསར་འགོད་པ། དོན་གོ