མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མར་བསྐྱར་དུ་སྲིད་འཛིན་ཐོབ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གི་ཉིན་མཐའ་མའི་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་ཁྲོད། ཨོ་བྷ་མ་བསྐྱར་དུ་ཨ་རིའི་སྲིད་འཛིན་ལ་འོས་འདེབས་བྱུང་པར། ༸གོང་ས་མཆོག་གཙོས་འཛམ་གླིང་གི་དབུ་ཁྲིད་ཁག་གིས་འཚམས་འདྲི་གནང་འདུག

དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་འགྲན་རྩོད་ཆེ་བའི་ཨ་རིའི་སྲིད་འཛིན་འོས་མི་རའོ་མའེ་དང་ཨོ་བྷ་མ་གཉིས་ཀྱི་ཉིན་མཐའ་མའི་འོས་བསྡུའི་འགྲན་རྩོད་ཁྲོད། ཨོ་བྷ་མར་བསྐྱར་དུ་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་པ་མ་ཟད། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་རའོ་མའེ་ཡིས་ཐེངས་འདིའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད་ཕམ་བྱུང་བ་ངོས་ལེན་དང་སྦྲགས། ཨ་བྷོ་མར་འོས་བསྡུའི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་དང་བྱ་བ་ལམ་འགྲོ་ཡོང་པའི་སྨོན་འདུན་ཞུས་ཡོད་པ་རེད། 

ཨོ་བྷ་མ་ཨ་རིའི་སྲིད་ལ་བསྐྱར་དུ་འདེམས་ཐོན་བྱུང་བར།  ༸གོང་ས་མཆོག་གིས་འཚམ་འཕྲིན་བསྩལ་ཏེ་ཁོང་སླར་ཡང་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དགའ་སྤྲོའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་འཚམས་འཕྲིན་ཕུལ་ཡོད་པ་རེད།  དེ་བཞིན།  དབྱིན་ཇིའི་སྲིད་བློན་དང་།  རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན།  རཱ་ཤི་ཡ་སོགས་སྲིད་གཞུང་ཁག་གི་མགོ་ཁྲིད་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་ཨོ་བྷ་མར་འཚམས་འདྲི་ཞུས་ཡོད་འདུག

ཨ་བྷ་མར་བསྐྱར་དུ་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་རྗེས།  ཁོང་གིས་རྒྱལ་ཁ་ངོ་མ་ད་དུང་རྗེས་ན་ལྷག་ཡོད་སྐོར་དང་། ཁོང་དང་ཨ་རི་བ་ཚོ་སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་དར་རྒུད་ཅི་བྱུང་ཡང་ལྷན་དུ་མདུན་སྐྱོད་བྱ་དགོས་སྐོར། ཁོང་བསྐྱར་དུ་འོས་འདེམས་བྱས་པ་དེས་རང་ཉིད་ལ་སྔར་བས་ཨ་རིའི་རྒྱལ་ཁབ་དང་མི་མང་གི་ཆེད་དུ་ལས་དོན་བསྒྲུབ་རྒྱུར་བློ་སྟོབས་སྤྲད་ཡོད་སྐོར་སོགས་བརྗོད་ཡོད།

ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་འཐོབ་རྒྱུར་ཉུང་མཐར་འོས་བསྡུའི་འཐུས་ཚོགས་(electoral college) ༢༧༠ ནས་རྒྱལ་ཁབ་འཐོབ་དགོས་པ་དང་། ཐེངས་འདིའི་འོས་བསྡུའི་ཁྲོད་ཨ་རིའི་མངའ་སྡེ་ཕལ་ཆེ་བའི་ནང་གི་མི་མང་གི་འོས་ཤོག་གྲངས་ཚད་ཐད་ཨོ་བྷ་མ་དང་རའོ་མའེ་གཉིས་ལ་དེ་ཙམ་ཁྱད་པར་འགྲོ་ཐུབ་མེད་ཀྱང་། ཨོ་བྷ་མར་འོས་བསྡུའི་འཐུས་ཚོགས་ ༣༠༣ དང་རའོ་མའེ་ལ་ ༢༠༦ བཅས་བྱུང་སྟེ། མཐའ་མའི་རྒྱལ་ཁ་དེ་ཨོ་བྷ་མར་ཐོབ་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༤ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    ནག་རིལ་འདི་ཡང་སྐྱར་སླེབས་བྱུང་ང་། མི་འདིས་འགྱུར་བ་དང་ཞི་བདེ་ཡིས་ཁ་གཡང་དེས་ཞི་བདེའི་གཟེངས་རྟགས་རགས་སོང་ཡང་འགྱུར་བ་དང་ཞི་བདེ་ལ་བྱས་རྗེས་གང་ཡང་འཇོག་ཐུབ་མ་སོང་། ད་དུང་བྷུ་ཤཱུ་ཡིས་རྙོག་རྫིང་སྣ་མང་རང་བཞིན་ཅན་གྱི་སྐྱོ་མ་གཡོས་སྦྱོར་དེ་ལྡག་གིན་ལྡག་གིན་རྒྱ་ནག་གི་རྐུབ་ལ་ལྕེ་ལྡག་རྒྱག་གིན་རྒྱག་གིན་ལོ་ངོ་ཇི་ཙམ་བསྐྱེལ་རྒྱུ་ཡིན་ནམ། དངོས་གནས་བྱས་ན་གནད་དོན་ཐག་གཅོད་ལ་ཡ་ཡུས་ཚ་བ་དང་སུ་ལ་ཡང་གུས་གུས་ཞུམ་ཞུམ་མི་བྱེད་མཁན་གྱི་ཅོག་བྷུ་ཤཱུ་ནང་བཞིན་ཞིག་སླེབས་དགོས་ཚོད་ཡིན།

    Reply
  2. ཡུལ་གྱར་བའི་མི་ཚེ། says:
    ལོ་ 14 སྔོན།

    ཨ་རིའི་སྲིད་འཛིན་འོད་དཔག་མེད་སླར་ཡང་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ།
    འོད་དཔག་མེད་ཀྱི་འོད་ཀྱིས་གཟིགས། སྤྱན་རས་གཟིགས་ཀྱི་སྤྱན་གྱི་གཟིགས།
    བོད་མིའི་ལས་དབང་ནི་དེ་འདྲའི་ཡ་ང་ལ་ཨང་།

    Reply
  3. བུ་ཡུག says:
    ལོ་ 14 སྔོན།

    ཨོ་བྷ་མ་ནག་ཐོ་གི་ཡང་རྒྱ་ནག་ལ་རྔ་མ་གཡུག་རྒྱུའི་གོ་སྐབས་རེག་པ་རེད་

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ནག་རིལ་ཡིན་པ་དང་། གཞོན་པ་ཡང་ཡིན་པས་ཟུང་ལྡན་གཅིག་ལ་ཐོབ་པར་དགའ་བསུ་དང་། བཀྲ་ཤིས་བདེ་ལེགས་ཡོད་དོ། །

    Reply
  5. ཤག་སྒང་པ། says:
    ལོ་ 14 སྔོན།

    འཛམ་གླིང་མིའི་རྒྱལ་པོའི་གོ་ས་སླར་ཡང་བཟུང་པར་འཚམས་འདྲིའི་བཀྲིས་བདེ་ལེགས་སོ།།

    བོད་དོན་ཐད་འཛིན་པའི་སྲིད་བྱུས་ལ་རྣོ་ངར་ཆེ་ཙམ་དགོས་པར་འདུག་གོ།

    Reply
  6. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ཨོ་བྷ་མར་སླར་ཡང་ཨ་རི་བའི་སྲིད་འཛིན་དུ་འོས་ཐོབ་བྱུང་བ་ལ། བཀྲ་ཤིས་བདེ་ལེགས་དང་། འཛམ་གླིང་ཞི་བདེ་ལྷིང་འཇག བདེ་སྐྱིད་ཕུན་སུམ་ཚོགས་པར་ཡོང་བའི་སྨོན་འདུན་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese