མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱིམ་ཚང་རེས་ལོ་རེར་རླངས་རྫ་ ༦ ལས་ལེན་ཆོག་གི་མ་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༡༨ ཉིན་ནས་ཁྱིམ་ཚང་རེའི་ལོ་རེར་རླངས་རྫ་ ༦ ལས་བླངས་མི་ཆོག་པ་དང་། གལ་སྲིད། རླངས་རྫ་དྲུག་ལས་ལྷག་བེད་སྤྱོད་གཏོང་མཁན་ཚོས་རླངས་རྫ་རེར་ཧིན་སྒོར་ ༩༧༥ སྤྲོད་དགོས་པའི་སྒྲིག་གཞི་གསར་པ་ཞིག་བཟོས་ཡོད་འདུག

ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་རྒྱ་གར་གཞུང་གིས་མི་མང་གི་དཀའ་ངལ་ལ་གཟིགས་ཏེ། ལོ་རེར་ཁྱིམ་ཚང་རེས་རླངས་རྫ་ (gas cylinder ) ༡༢ དང་རླངས་རྫ་རེར་ཧིན་སྒོར་ ༣༧༥ བྱས་ཏེ་མཁོ་གཏོང་བྱས་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་ནས་བཟུང་སྒྲིག་གཞིར་འགྱུར་བ་བཏང་སྟེ། ཁྱིམ་ཚང་རེའི་ལོ་རེར་ཧིན་སྒོར་ ༤༤༥ ཡིན་པའི་རླངས་རྫ་ ༦ ལེན་རྒྱུ་དང་། གལ་སྲིད། དེའི་ཡན་བླངས་པ་ཡིན་ན་རླངས་རྫ་རེར་ཧིན་སྒོར་ ༩༧༥ དང་། དེབ་མེད་པའི་རིགས་དང་ཚོགས་པ་ཁག་གིས་རླངས་རྫ་རེར་ཧིན་སྒོར་ ༡༢༧༥ བཅས་སྤྲོད་དགོས་པའི་སྒྲིག་གཞི་གཏན་འབེབས་བྱས་འདུག གནས་སྟངས་དེའི་དབང་གིས་རྒྱ་གར་ནང་གནས་སྡོད་བོད་མི་མང་པོ་ཞིག་ལ་སོལ་རླངས་ (Gas) དེབ་ཡོད་མེད་དང་དེབ་རྙིང་མིང་བརྗེ་བསྒྱུར་སོགས་ཀྱི་ཐད་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། གསར་འགོད་པས་བོད་མིའི་སྒྲིག་འཛུཊ་རྡོ་ཞུན་རླངས་རྫས་ལས་ཁུངས་ཀྱི་འགན་འཛིན་འཇམ་དབྱངས་ནོར་བུ་ལགས་སུ། སོལ་རླངས་ཀྱི་དཀའ་ངལ་དེའི་འབྱུང་རྐྱེན་དང་བོད་མི་ཚོའི་དཀའ་སེལ་ཐབས་སོགས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཡིན།

འགན་འཛིན་འཇམས་དབྱངས་ནོར་བུ་ལགས་ཀྱིས་བརྗོད་པ་ལྟར་ན། ཉེ་ལམ་བཞུགས་སྒར་བོད་མིིའི་སྒྲིག་འཛུགས་རྡོ་ཞུན་རླངས་རྫ་ལས་ཁུངས་ཀྱིས་བོད་མི་ཚོས་སོལ་རླངས་དེབ་གསར་བ་ཐོ་འགོད་དང་བརྗེ་བསྒྱུར་གྱི་ལས་ཀ་བྱེད་བཞིན་པ་དེ་ནི། ཉེ་ཆར་རྒྱ་གར་གཞུང་གིས་སོལ་རླངས་སྒྲིག་གཞིར་འགྱུར་བ་བཏང་བའི་རྗེས་སུ་བཀོད་ཁྱབ་བཏང་བ་ལྟར།  ཕྱི་ཟླ་ ༡༡ པའི་ཚེས་མགོ་ནས་ཉིན་ ༡༥ རིང་དེབ་གསར་བ་བཟོ་མཁན་དང་མིང་བསྒྱུར་བཅོས་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པ་ཞིག་ཡིན་འདུག་ལ།  དེབ་གསར་བ་བཟོ་དགོས་པའི་རིགས་ལ་མཚོན་ན།  རྒྱ་གར་ཁྲིམས་ཁང་གི་  (Stamp paper) ཧིན་སྒོར་ ༢༠ ཅན་གྱི་རང་ངོས་ཀྱི་ཁས་ལེན་དམ་ཡིག་ (Affidavit) དང་།  དོ་བདག་རང་གི་སྐྱབས་བཅོལ་ལག་དེབ་ (RC) གྱི་ངོ་བཤུས། བདེ་དོན་ལས་ཁུངས་ཀྱི་ཁོར་ཡུག་ལག་དེབ་ཀྱི་ངོ་བཤུས། གལ་སྲིད་ཚོགས་པ་ཁག་ཏུ་ལས་ཀ་བྱེད་མཁན་ཡིན་ན། ཚོགས་པ་ཁག་གི་རྒྱབ་གཉེར་ཡི་གེ། དེ་བཞིན། པར་གཉིས་དང་ཧིན་སྒོར་ ༣༥༠༠ སྤྲད་པ་ཡིན་ན། རྗེས་སུ་དེབ་གསར་བ་དང་ལྷན་དུ་སོལ་རླངས་ཐབ་ཀ་(gas cooker )དང་རླངས་རྫ་བཅས་ཆ་ཚང་རག་གི་ཡོད་འདུག  

མི་འདས་གྲོངས་སུ་ཕྱིན་པའི་རིགས་དང་སྔོན་མའི་སོལ་རླངས་དེབ་རྙིང་ཐོག་མི་གཞན་གྱི་མིང་ཡོད་པའི་རིགས་ཀྱིས། མི་སྔོན་མ་དེའི་སྐྱེས་ཚེས་དང་སྐྱབས་བཅོལ་ལག་དེབ་ (RC) ངོ་བཤུས་བཅས་དང་། དོ་བདག་རང་གི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས། ལས་ཁུངས་ཀྱི་འགེངས་ཤོག་བསྐངས་རྗེས་དེའི་སྟེང་པར་གཅིག་དང་།  དེབ་རྙིང་པའི་སྟེང་དོ་བདག་གི་པར་གཅིག  ཧིན་སྒོར་ ༢༠ ཅན་གྱི་རང་ངོས་ཀྱི་ཁས་ལེན་དམ་ཡིག་ (Affidavit) བཅས་སྤྲད་ཚེ་དེབ་སྐྱེལ་བྱེད་ཀྱི་ཡོད་འདུག   སོལ་རླངས་དེབ་དོ་བདག་རང་གི་མིང་ཐོག་ཏུ་ཡོད་མཁན་གྱིས། སྐྱབས་བཅོལ་ལག་དེབ་ (RC) དོ་བདག་རང་གི་པར་གཉིས། བདེ་དོན་ལས་ཁུངས་ཀྱི་ཁོར་ཡུག་ལག་དེབ་ཀྱི་ངོ་བཤུས་དང་། རྒྱ་གར་ཁྲིམས་ཁང་གི་ཧིན་སྒོར་ ༢༠ ཅན་གྱི་རང་ངོས་ཁས་ལེན་དམ་ཡིག་བཅས་དགོས་ཀྱི་ཡོད་འདུག

གསར་འགོད་པས་ཁོང་ལ་བོད་མི་ས་གནས་གཞན་དུ་གནས་སྤོར་བྱ་དགོས་བྱུང་ཚེ་དེབ་དེ་བེད་སྤྱོད་ཡོད་མེད་དང་། མི་མང་གི་ངོས་ནས་དོ་སྣང་བྱ་དགོས་པའི་རིགས་གང་དང་གང་ཡོད་མེད་དྲིས་པར་ཁོང་གིས། “ ད་རེས་ཀྱི་ལས་ཀ་འདི་བརྒྱུད་དེ་བོད་མི་སུ་ཡིན་ཡང་དོ་བདག་རང་གི་སྐྱབས་བཅོལ་ལག་དེབ་ཐོག་སོལ་རླངས་དེབ་བཟོས་པ་ཡིན་ན། ཟླ་ ༣ འགོར་རྗེས་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་གང་དུ་གནས་སྤོར་བྱ་དགོས་བྱུང་ཡང་། སོལ་རླངས་ལས་ཁུངས་དུ་སྐྱབས་བཅོལ་ལག་ཁྱེར་དང་དེབ་འཁུར་སོང་སྟེ་ཐོི་འགོད་བྱས་རྗེས་རླངས་རྫ་ལེན་ཆོག་གི་རེད། འདི་ངེས་པར་དུ་ཤེས་དགོས་པ་རེད། དེ་མིན། ངྷ་རམ་ས་ལར་མཚོན་ན། འདི་ནས་འགྲོ་མཁན་མང་ཆེ་བ་ཕྱི་རྒྱལ་དང་བོད་ནང་ལོག་འགྲོ་མཁན་རེད། ཡག་ཤོས་བོད་མི་དེའི་རིགས་ལ་སོལ་རླངས་དེབ་ཡོད་པ་ཡིན་ན། རང་ཉིད་ཀྱི་དེབ་མི་གཞན་མ་སྤྲད་པར་ལས་ཁུངས་ལ་སྤྲད་དེ་སྒོ་རྒྱག་འཇུག་རྒྱུ་དང་། དེ་མིན་རང་ཉིད་ཀྱི་སྤུན་མཆེད་དང་གྲོགས་པོ་སོགས་མཉམ་དུ་ལས་ཁུངས་ལ་ཡོང་སྟེ། མི་གཞན་དེའི་མིང་ཐོག་ལ་བསྒྱུར་རྒྱུ་གལ་ཆེན་པོ་རེད། དེ་མིན་རང་དགར་མི་གཞན་ལ་སྤྲད་པ་ཡིན་ན་ཕན་ཐོགས་ཀྱི་ཡོད་པ་མ་རེད་ལ། མ་འོངས་པར་བོད་མི་ཚོས་དོ་སྣང་བྱ་དགོས་པ་གཙོ་བོ། ཁྱིམ་ཚང་གཅིག་གིས་སོལ་རླངས་ཀྱི་དེབ་གཅིག་བེད་སྤྱོད་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གལ་སྲིད། ཁྱིམ་ཚང་གཅིག་གིས་མི་གཉིས་དང་གསུམ་གྱིས་སོལ་རླངས་དེབ་རེ་རེ་བེད་སྤྱོད་བྱེད་པ་ཡིན་ན་ཁྲིམས་འགལ་ཆགས་ཀྱི་ཡོད་སྟབས། དེའི་ཐད་ཚང་མས་དོ་སྣང་བྱ་དགོས་ཀྱི་འདུག ”ཅེས་བརྗོད་བྱུང་།

ཁོང་གིས་རྒྱ་གར་ནང་སོལ་རླངས་ཀྱི་རིན་གོང་འཕར་བའི་སྤྱི་ཚོགས་རྒྱབ་ལྗོངས་སྐོར་ངོ་སྤྲོད་གནང་པ་ལྟར་ན།  ༡༩༦༩ ལོར་རྒྱ་གར་དང་པ་ཀི་སི་ཐན་བར་དམག་འཁྲུག་མ་བྱུང་སྔོན་དུ་སྣུམ་རིགས་མང་ཆེ་བ་མི་སྒེར་གྱིས་བཟུང་ཡོད་ཀྱང་། ཕྱིས་སུ་ཕུཊ་བརྟན་པ་དང་མི་མང་གི་དཀའ་ངལ་སེལ་ཐུབ་ལ་དམིགས་ཏེ།  སོལ་རླངས་བཟོ་གྲྭ་གཙོས་པའི་སྣུམ་གྱི་བཟོ་གྲྭ་ཁག་གཞུང་ངོས་ནས་བདག་པོ་བརྒྱབ་པ་དང་། རིམ་པས་འཛམ་གླིང་ནང་སོལ་རླངས་རིགས་དཀོན་པོ་ཆགས་པར་བརྟེན། འདས་པའི་ལོ་ངོ་མང་སྔོན་ནས་རྒྱ་གར་གཞུང་ངོས་ནས་རྒྱལ་ཡོངས་སོལ་རླངས་ཀྱི་བརྒྱ་ཆའི་ ༣༠% ཐོན་སྐྱེད་བྱེད་བཞིན་ཙམ་མ་གཏོགས། བརྒྱ་ཆའི་  ༧༠% ཕྱིའི་རྒྱལ་ཁབ་ཁག་ནས་ཉོ་དགོས་བྱུང་ཡོད་ལ།  སྔོན་མ་རླངས་རྫ་རེར་ཧིན་སྒོར་ ༡༥༠ ནས་ ༢༥༠ བར་ཡིན་པའི་སྐབས་སུ། སྣུམ་བྷེ་རེལ་ (Oil Barrel) གཅིག་ལ་ཨ་སྒོར་ ༦༠ ལྷག་ཡིན་ཡང་།  ད་ཆར་སྣུམ་བྷེ་རེལ་གཅིག་ལ་ཨ་སྒོར་ ༡༡༠ ཆགས་ཡོད་པ་དང་། ལྷག་པར་དུ་ ༢༠༠༠ ལོ་ནས་བཟུང་རྒྱ་དཀར་ནག་གཉིས་འཛམ་གླིང་ནང་སོལ་རླངས་བེད་སྤྱོད་གཏོང་མཁན་རྒྱལ་ཁབ་ཆེ་ཤོས་གཉིས་ཆགས་ཏེ། སྣུམ་ཕྱི་ལོགས་ནས་ཉོ་དགོས་ཆགས་པ་སོགས་ཀྱི་དབང་གིས་སོལ་རླངས་མཁོ་སྤྲོད་ཐད་དཀའ་ངལ་འཕྲད་ཡོད་ཀྱང་། རྒྱ་གར་གཞུང་གིས་མི་མང་གི་བདེ་སྡུག་ལ་གཞིགས་ཏེ་ད་ལྟའི་བར་དམིགས་བསལ་རིན་གོང་མ་སྤར་བར་ལྷག་ཡོད་ཀྱང་། སོལ་རླངས་རིན་གོང་མ་སྤར་བ་དེས་རྒྱ་གར་གྱི་དཔལ་འབྱོར་སྒྲོམ་གཞིར་ཤུགས་རྐྱེན་ཐེབས་པ་དང་། ཉེ་སྔོན་གཞུང་གི་དཔལ་འབྱོར་གྱི་སྒྲོམ་གཞིར་འགྱུར་བ་ཐེབས་པ་སོགས་ཀྱིས། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༨ ནས་ཁྱིམ་ཚང་གཅིག་ལ་ལོ་གཅིག་ནང་རླངས་རྫ་ ༦ ལས་སྤྲོད་མི་ཆོག་པ་གཏན་འབེབས་བྱས་པ་ཞིག་ཡིན་འདུག  ཡིན་ནའང་། རྒྱ་གར་གྱི་གྷང་གྷི་རེ་སི་ཚོགས་པ་མངའ་ཁོངས་ས་ཁུལ་དུ་རླངས་རྫ་ ༣ ཐོལ་བ་སྤྲོད་ཀྱི་ཡོད་འདུག

བཞུགས་སྒར་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་རྡོ་ཞུན་རླངས་རྫས་ལས་ཁུངས་དེ་ནི།  ༡༩༩༡ ལོར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་རོགས་རམ་འོག་གསར་འཛུགས་གནང་བ་ཞིག་ཡིན་འདུག་ལ། ད་ལྟའི་བར་བཞུགས་སྒར་ཉེ་འཁྲིས་རྒྱུད་སྟོད་དང་ནོར་གླིང་། ས་རཱ། མེག་ལོར་བཅས་ཀྱི་མི་མང་གི་ཆེད་རྒྱ་གར་དང་མཉམ་འབྲེལ་ཐོག་གཟའ་ཟླ་བར་གཙུག་ལག་ཁང་དང་། གཟའ་མིག་དམར་ལ་རྗོ་གྷེ་པཱ་རཱ།  གཟའ་ལྷག་པར་ཟློས་གར་ལམ། གཟའ་ཕུར་བུ་ལ་ནོར་གླིང་དང་བོད་ཁྱིམ། གཟའ་པ་སངས་ལ་གངས་སྐྱིད་དང་སྨན་རྩིས་ཁང་བཅས་སུ་རླངས་རྫ་བགོ་འགྲེམས་བྱེད་ཀྱི་ཡོད་པ་མ་ཟད། ལས་ཁུངས་འདིར་ལས་བྱེད་ ༡༦ ཡོད་པ་ལས་བོད་པའི་ལས་བྱེད་ ༤ དང་རྒྱ་གར་ལས་བྱེད་ ༢ བཅས་མི་ ༦ གཏན་སྡོད་ཀྱིས་སོལ་རླངས་དེབ་སྐྱེལ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་འདུག  ཟླ་འདིའི་ཕྱི་ཚེས་ ༡༥ བར་གཟའ་ཉི་མ་ལས་གུང་གསེང་མེད་པའི་ཐོག་དགོང་དྲོའི་ཆུ་ཚོད་ ༦ བར་ཐོ་འགོད་དེབ་སྐྱེལ་ཀྱི་ལས་ཀ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༨ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་ཀྱི་གཞོན་ནུ་ལྷན་གྱིས་མི་མང་ལ་ཕྱག་རོགས་གནང་བཞིན་པ་ཨེ། ་་་་་

    Reply
  2. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    སྐབས་འདིར་བོད་ཀྱི་གཞོན་ནུ་ལྷན་གྱིས་མི་མང་ལ་ཕྱག་རོགས་གནང་བཞིན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese