མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔའ་བོ་སྐལ་བཟང་སྦྱིན་པས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མདོ་སྨད་རེབ་གོང་མདོ་བ་འབྲོག་སྡེའི་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ་ལགས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

སུད་སུ་གནས་སྡོད་རེབ་གོང་ཤ་བོ་རྡོ་རྗེ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༨ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༤།༠༠ ཡས་མས་སུ་བོད་མདོ་སྨད་རྨ་ལྷོ་རེབ་གོང་མདོ་བ་འབྲོག་སྡེའི་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྤྱིན་པ་ལགས་ཀྱིས། རེབ་གོང་རོང་བོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ་རང་ལུས་མེར་བསྲེཊ་ཀྱིས། “ ༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། ” ཞེས་སྐད་འབོད་བྱེད་བཞིན་རྒྱ་གཞུང་གིས་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

དེ་བཞིན། ནོར་གླིང་གནས་སྡོད་བསྟན་འཛིན་རབ་རྒྱས་དང་རྡོ་རྗེ་དབང་ཕྱུག་ཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། དེ་རིང་ཕྱི་ཚེས་ ༨ ཉིན་རྨ་ལྷོ་རེབ་གོང་དུ་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་ཁོང་གིས། བོད་ནང་གི་ཆུ་ཚོད་ ༤ དང་སྐར་མ་ ༥༥ སྟེང་།  རེབ་གོང་རོང་པོ་དགོན་པའི་སྒྲོལ་མ་ཐང་ཆེན་ནས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་ཡོད་འདུག་ལ། རྒྱལ་གཅེས་དཔའ་བོ་ཁོང་ནི། རེབ་གོང་མདོ་བ་འབྲོག་སྡོང་བེ་སྡེ་བ་རྒྱ་སྡང་ཚོ་བ་ནས་ཡིན་པ་བླ་མ་སྐྱབས་ཀྱི་བུ་མོ་བདེ་མཆོག་སྐྱིད་ཀྱི་བུ་ཡིན་པ་དང་། མིང་ལ་སྐལ་བཟང་སྦྱིན་པ་འབོད་ཀྱི་ཡོད་པ་དང་། དེ་སྔ་རོང་པོ་དགོན་པའི་གྲྭ་པ་དང་ད་ལྟ་མི་སྐྱ་ཡིན་འདུག

སྐལ་བཟང་སྦྱིན་པ་ལགས་ཀྱི་ཕ་མིང་ལ་གཅོད་པ་དང་།  མ་མིང་ལ་བདེ་མཆོག་སྐྱིད་ཟེར་བ་དང་།  ཕ་གཅོད་པ་སྐྱབས་ནི་མ་བདེ་མཆོག་སྐྱིད་ཀྱི་ནང་ལ་མག་པར་ཡོང་བ་ཞིག་ཡིན་འདུག་ནའང་།  ཕྱིས་སུ་གཅོད་པའི་ཕ་མ་གཉིས་ལ་བདག་པོ་རྒྱག་དགོས་བྱུང་བའི་གནས་སྟངས་འོག་མག་པའི་ནང་དུ་ཕར་སྤོར་འདུག་པ་དང་།  སྐལ་བཟང་སྦྱིན་པ་ལགས་བདེ་མཆོག་སྐྱིད་ཀྱི་ཕ་བླ་མ་སྐྱབས་དང་མ་བདེ་མཆོག་སྐྱིད་གཉིས་ཀྱི་འཁྲིས་ནས་འཚར་ལོངས་བྱུང་ཡོད་འདུག་སྟབས།  ད་ལྟ་ཁོང་གི་སྐོར་གནས་ཚུལ་འགྲེལ་བརྗོད་བྱེད་མཁན་ཚོས།   བླ་མ་སྐྱབས་ཀྱི་བུ་མོ་བདེ་མཆོག་སྐྱིད་ཀྱི་བུ་སྦྱིན་པ་རྒྱ་མཚོ་ཞེས་འགྲེལ་བརྗོད་བྱེད་ཀྱིན་འདུག

དེ་རིང་སྐལ་བཟང་སྦྱིན་པ་ལགས་ནས་ཐོག་མར་མེར་བསྲེགས་གཏོང་སྐབས་མི་མང་བརྒྱ་སྐོར་ཙམ་འཛོམས་ནས་མེ་གསོད་ཐབས་དང་ཕུང་པོ་རྒྱ་ལག་ཏུ་མི་ཤོར་བའི་ཐབས་ཤེས་གང་ཡོང་བྱས་འདུག་ལ།  སྐབས་དེར་མི་མང་གིས་ ”རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག” ་ཅེས་སྐད་འབོད་དང་།  རིམ་པར་མི་མང་ཕོན་ཆེ་འདུ་འཛོམས་བྱུང་སྟེ་ཁྱོན་བསྡོམས་མི་གྲངས་བཞི་སྟོང་ནས་ལྔ་སྟོང་ཙམ་སྒྲོལ་མ་ཐང་ཆེན་དུ་འཛོམས་ནས།  རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་ལྡིར་བའི་ཀློང་ནས།  སྐལ་བཟང་སྦྱིན་པ་ལགས་ཀྱི་ཕུང་པོ་ཐད་ཀར་གདོང་རྒྱ་ཀླད་དུ་གདན་ཞུ་ཞུས་འདུག་ལ།  གདོང་རྒྱལ་ཀླད་དུ་ཕྱོགས་ཡར་མར་ནས་སླེབས་པའི་མི་མང་སྟོང་ཕྲག་བརྒྱད་དགུ་ཞིག་འཛོམས་ཡོད་ཚོད་དེ་དག་ཁྲོད།  རྒྱལ་བའི་ཞབས་བརྟན་སྐྱོར་འདོན་དང་།  གཞན་ཡང་།  “རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག”  ཅེས་སྐད་འབོད་ཀྱང་ཤུགས་ཆེ་བྱས་ཡོད་འདུག

ས་གནས་ཀྱི་མིས་འགྲེལ་བརྗོད་བྱས་པ་ལྟར་ན།  དེ་རིང་གི་མེར་བསྲེགས་གནས་ཚུལ་འདི་བྱུང་རྗེས་རེབ་གོང་རོང་པོའི་ལམ་འགག་ཚང་མར་དམག་མི་འགྲེམས་འཇོག་དང་།  དེ་བཞིན་ཐོག་མར་མི་མང་འདུ་འཛོམས་བྱུང་ཡུལ་སྒྲོལ་མ་ཐང་དང་དེ་ནས་གདོང་རྒྱ་ཀླད་དུ་སྐུ་ཕུང་གདན་ཞུའི་སྐབས་དང་།  སྦྱིན་སྲེག་གི་སྐབས་བཅས་ལ་དམིགས་བསལ་དམ་དྲག་གི་གནས་ཚུལ་བྱུང་ཡོད་མི་འདུག་ནའང་།  ས་གནས་ཀྱི་མིས་བརྗོད་གསལ་ལ།  གནས་ཚུལ་འདི་རིགས་བྱུང་སྐབས་རྩ་བས་ཞི་འཇགས་ཡོང་ཐབས་ཆེད་དམག་མི་དང་མང་ཚོགས་གདོང་ཐུག་གི་གནས་ཚུལ་རིགས་མ་ཡོང་བ་གཙོ་འདོན་བྱེད་བཞིན་འདུག་སྟབས།  མངོན་གསལ་དེ་ཙམ་མེད་པ་མ་གཏོགས།  མི་མང་ཁྲོད་དཀྱུས་ཆས་གྱོན་པའི་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་བྱེད་པ་དང་།  སོ་མྱུལ་བ་འགྲེམས་འཇོག་བྱེད་ཀྱི་ཡོད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་སྐོར་ཤོད་ཀྱི་འདུག

 སྐལ་བཟང་སྦྱིན་པ་ལགས་ནི།  རེབ་གོང་རོང་པོ་དགོན་པར་དུས་འཁོར་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་།  ཐོས་བསམ་གླིང་གྲྭ་ཚང་བཅས་གྲྭ་ཚང་གསུམ་ཡོད་པ་ལས་ཐོས་བསམ་གླིང་དུ་ཞུགས་ནས་ལོ་ཤས་རིང་གཞུང་ཆེན་ཁག་སློབ་གཉེར་གནང་མྱོང་མཁན་ཞིག་ཡིན་འདུག

གཞན་ཡང་། བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཁ་སང་དང་དེ་རིང་ཉིན་གཉིས་རིང་རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོ་དང་རྒྱལ་གཅེས་པ་སྐལ་བཟང་སྦྱིན་པ་གཉིས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་རྗེས། མདོ་བ་ཞང་གི་སློབ་ཆུང་སློབ་མ་ཚོས་སྐད་འབོད་བྱས་ཡོད་འདུག་ལ། སློབ་མ་རྣམས་རེབ་གོང་རྫོང་ཐོག་ཏུ་བསྐྱོད་འཆར་ཡོད་པའི་ཐད་དགེ་རྒན་དང་ལས་བྱེད་རྣམ་པའི་བཀག་འགོག་བྱེད་ཀྱི་ཡོད་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༨ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 3

  1. འཇམ་གཅེས ། says:
    ལོ་ 14 སྔོན།

    ད་ངོ་མ་གང་དྲག་་་ང་ཚོས་སྨོན་ལམ་འདེབས་ནས་འདུག་རྒྱུ་ལས་ཐབས་ཤེས་གང་ཡང་ཁག་པོ་རེད། ཁོང་རྣམ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པར་སྨོན། གསར་འགོད་པ་ཚོས་ཁོང་རྣམས་པའི་མཚན་གསལ་པོ་བཀོད་དགོས་པ་ལས་སྣང་ཆུང་ནམ་ཡང་མི་རུང་།

    Reply
  2. ཏྰ་ན་བློ་བཟང་། says:
    ལོ་ 14 སྔོན།

    གོང་གི་དཔའ་བོ་འདིའི་མིང་ནོར་འདུག མིང་ལ་སྐལ་བཟང་སྦྱིན་པ་ཟེར་བ་རེད།

    Reply
  3. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    རེབ་གོང་སྤྱིན་པ་རྒྱ་མཚོའི་མཛད་རྗེས་ལ་ཡི་རེངས་དང་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་གཙོས་རེབ་གོང་མི་དམངས་ཡོངས་ལ་ གདུང་སེམས་མཉམ་བསྐྱེད་བྱེད་པར་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese