མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གི་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

 བཀའ་ཤག་གིས་རྒྱ་ནག་གི་བསྙོན་འཛུགས་ལ་སྐྱོན་བརྗོད་དང་། རྒྱ་གཞུང་གི་འཐུས་མི་དང་རྒྱལ་སྤྱིའི་རང་དབང་ཅན་གྱི་ལྟ་ཞིབ་པ་བཙན་བྱོལ་བོད་མིའི་ལས་ཁུངས་ཁག་ལ་ཞིབ་འཇུག་ཏུ་ཡོང་རྒྱུར་དགའ་བསུ་ཡོད་སྐོར་བསྒྲགས་འདུག

དེ་རིང་ཕྱི་ཚེས་ ༨ ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་གཞུང་གིས་ད་ལྟ་བོད་ནང་གི་བོད་མིའི་ངོ་རྒོལ་གྱི་རྒྱབ་ཏུ་བཙན་བྱོལ་བོད་མིའི་མགོ་ཁྲིད་ཀྱི་ངན་སྐུལ་ཡོད་པའི་བསྙོན་འཛུགས་ལ་སྐྱོན་བརྗོད་དང་། བོད་ནང་གི་ཛ་དྲག་གནས་བབ་སེལ་རྒྱུའི་འགན་ཡོངས་རྫོགས་རྒྱ་གཞུང་ལ་ཡོད་པ། བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གཞུང་གི་སྐུ་ཚབ་དང་རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་སྡེ་གང་རུང་ངྷ་སའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་ཞིབ་འཇུག་གིས། བོད་ནང་གི་བོད་མིའི་ངོ་རྒོལ་གྱི་རྒྱབ་ན་བཙན་བྱོལ་བོད་མིའི་མགོ་ཁྲིད་ཚོ་ཡོད་པར་བསྙོན་འཛུགས་བྱེད་བཞིན་པ་དེ་བདེན་པ་ཡིན་མིན་ཞིབ་འཇུག་ར་སྤྲོད་བྱ་རྒྱུར་དགའ་བསུ་ཡོད་པ་བསྒྲགས་འདུག

ཡང་གསར་འགོད་གསལ་བསྒྲགས་དེའི་ནང་། གཟའ་ལྷག་པའི་ཉིན་བོད་ནང་ནས་བསྐྱར་དུ་བོད་མི་དྲུག་གི་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཁ་སང་ཕྱི་ཟླ་ ༡༡ པའི་ཚེས་ ༧ བར་ཁྱོན་བོད་མི་ ༦༨ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ། རང་ལུས་མེར་བསྲེགས་གཏོང་མཁན་དེ་དག་ཕལ་ཆེ་བ་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ཀྱི་མི་རབས་རྐྱང་ཆགས་ཡོད་པ་བཀོད་འདུག

གསར་འགོད་གསལ་བསྒྲགས་དེར། དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཐག་ཆོད་པའི་སྒོ་ནས། བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་གནང་པའི་རྒྱུ་རྐྱེན་ནི། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་དང་དཔལ་འབྱོར་གྱི་གནོན་ཤུགས། ཁོར་ཡུག་གཏོར་བརླག། རིག་གཞུང་མཉམ་བསྲེ་ཤུལ་མེད་བཟོ་བ་སོགས་ཀྱི་སྲིད་ཇུས་ཀྱི་རྐྱེན་ཡིན་པ། རྒྱ་ནག་གི་ཚོགས་ཆེན་ ༡༨ པའི་སྟེང་འདེམས་ཐོན་བྱུང་པའི་མགོ་ཁྲིད་ཚོས་ད་སྔ་བོད་ཐོག་འཛིན་པའི་རྒྱ་གཞུང་གི་མཁྲེགས་བཟུང་སྲིད་ཇུས་དག་མཐའ་གཅིག་ཏུ་ཕམ་ཉེས་བྱུང་ཡོད་པ་དང་། གྲོས་མོལ་ཁོ་ན་བརྒྱུད་ཞི་འགྲིག་མཐའ་འཁྱོལ་ཡོང་ཐུབ་ཀྱི་གནད་དོན་ཐག་གཅོད་ཐུབ་པ་བཅས་ངེས་པར་དུ་ངོས་འཛིན་ཐུབ་དགོས་པ་བཀོད་འདུག

སྲིད་སྐྱོང་པ་བློ་བཟང་སེང་གེ་མཆོག་གིས་ “ང་ཚོའི་ངོས་ནས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་མཇུག་སྒྲིལ་པ་ཡིན་ན། བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ཡང་མཚམས་འཇོག་ཡོང་རྒྱུར་མཐའ་གཅིག་ཏུ་ཡིད་ཆེས་བྱེད་ཀྱི་ཡོད་”ཅེས་གསུངས་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༢ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༥ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 8

  1. ནད་པ says:
    ལོ་ 14 སྔོན།

    དཔལ་ལྡན་སྲིད་སྐྱོང་མི་དབང་བློ་བཟང་སེང་གེ་མཆོག་དང་། དཔལ་ལྡན་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཉེ་བའི་འཆར་གསལ་བསྒྲགས་སྤེལ་བ་བ་ལྟར་ང་ཚོས་ངེས་པར་བོད་ནང་གི་བོད་མིའི་ཚེ་སྲོག་ལ་གཅེས་སྤྲས་གནང་ཐུབ་པ་དགོས།

    ཅི་སྟེ་ང་ཚོས་རྡ་སར་བོད་གཞུང་དང་། བོད་མིའི་ཡུལ་གྱར་གྱི་མི་ལོ་༥༠ ལྷག་གཅིག་འདས་པའི་དེ་རིང་གི་ཉིན་མོ་བར་ང་ཚོས་བོད་དང་བོད་མི་རྣམས་ཀྱི་ལས་དབང་དང་། བོད་མིའི་བདེ་སྐྱིད་ཀྱི་ཆེད་ང་ཚོས་འདི་ལྟར་ལས་བཞིན་ཡོད།

    འོན་ཀྱང་གཞི་ལུས་བོད་རིགས་རྣམས་སྐྱི་ཡ་བའི་གནས་སྟངས་འདི་འདྲའི་འོག་ལྡོག་ཕྱོགས་ཀྱིས་སྡུག་བསྔལ་སྣ་ཚོགས་ཞིག་མྱོང་དཞིན་པ་དེའི་རྒྱུ་རྐྱེན་ལ་ཞིབ་འཇུག་གམ་བསྐྱར་ཞིབ་ཀྱིས་ལམ་ནས་ཁ་གསལ་པོར་བོད་ཕྱི་ནང་གི་བོད་རིགས་ཚོར་གསལ་བཤད་གནང་དགོས་པའི་དུས་ལ་བབ་ཡོད།

    ཡང་ན་ཕྱི་ནང་གི་བོད་རིགས་ཡོངས་རྫོགས་ཀྱིས་མུ་མཐུད་ཚེ་སྲོག་བློས་གཏོང་དགོས་པ་དང་། ཡང་ན་ཚེ་སྲོག་མེ་ལ་སྒྲོན་པའི་ཆབ་སྲིད་ཀྱི་ཚོར་བ་རྣོ་པོ་འདི་མཚམས་གཅོད་ཐུབ་པ་བྱེད་དགོས།

    དེ་ནི་བོད་དང་བོད་མི་རིགས་ཀྱི་ལས་དབང་ལས་ཁམས་པ་དང་ཨ་མདོ་བ་ཚོ་གཅིག་པུའི་བདེ་སྡུག་གི་གནས་བབ་ཞིག་ཆགས་མེད།

    Reply
  2. འཇམ་གཅེས ། says:
    ལོ་ 14 སྔོན།

    འགན་ཁུར་མེད་པའི་དཀྲོགས་གཏམ་མཁན་པོ་སྐར་མདའ་མིང་ཅན་གྱི་དྲ་འབུ་ཁྱོད་རང་བོད་པ་ཞིག་ཡིན་ན། འཐབ་རྩོད་བཟོ་སར་ནང་ཁུལ་མ་ཡིན་པར་ཤེས་དགོས། འོ་ན་ཁྱོད་ཀྱིས་བོད་སྤྱི་པའི་རྩ་དོན་ཆེད་དུ་འདས་མ་དུས་གསུམ་ལ་ག་རེ་བྱས་རྗེས་འཇོག་ཡོད། ག་རེ་སྒྲུབ་བཞིན་ཡོད་དམ་་་ག་རེ་འཆར་གཞི་ཡོད་དམ་་་་་གོང་ཞུས་བཞིན་འགན་ནི་ཡོད་རྒྱུ་རེད་་་་་བོད་ཞིག་ཡིན་ཕྱིན་་་་་་་་་་་་་

    Reply
  3. སྐར་མདའ། says:
    ལོ་ 14 སྔོན།

    མུ་མཐུད་ནས་རྒྱ་གཞུང་ལ་འབྲེལ་མོལ་ཟེར་བའི་ཚིག་སྐམ་དེར་འཇུས་ནས་སྡོད། སྔོན་ཆད་སྲིད་སྐྱོང་གིས་ཡང་ནས་བསྐྱར་དུ་བརྗོད་བསྡད་པའི་ཞུ་གཏུག་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཐུབ་པ་བྱ་རྒྱུ་ཡིན་ཞེས་པ་ལ་སོགས་པའི་བསྒྲགས་གཏམ་དེ་ཚོ་གང་དུ་སྦས་པ་རེད། ད་དུང་མེ་ལྕེ་དྲག་པོའི་ཁྲོད་ཀྱི་ཁ་གཡང་དེ་དག་སྙན་གསན་བྱུང་མེད་པ་འདྲ། ་་་་་་་

    Reply
  4. འཇམ་གཅེས ། says:
    ལོ་ 14 སྔོན།

    བོད་ནང་གིས་དཔའ་བོ་དཔའ་མོ་མང་པོས་ཚེ་སྲོགས་ཤོར་དགོས་དོན་ནི་རྒྱལ་དམར་གྱིས་གདུག་རྩིབ་ཅན་གྱི་སྲིད་ཇུས་རང་ལས་བྱུང་བ་ཡིན་པས་དེ་འཇུག་སྒྲིལ་ན་མེ་བསྲེག་ལས་འགུལ་ག་རེ་བྱས་ནས་སྤེལ་དགོས་རེད། ད་དུང་སྲིད་སྐྱོང་མཆོག་ལ་ཁ་འདྲ་གཏོང་ཁུལ་སྐྱག་ཕྲུག་རང་ཡིན། དེ་འདྲའི་མཁས་མཛངས་ཅན་ཞིག་ཡིན་ན་དོན་ཤོག་དང་། ཕྱི་དྲག་པ་ལས་སྔར་ཡོད་པ་མ་རེད། བོད་མི་ཆ་ཚང་ལ་འགན་ནི་ཡོད་པ་རེད། ཡིན་ཡང་མགྱོན་ཐང་ཅན་ཉུང་དྲག་ནས་འདི་འདྲ་མྱོང་དགོས་ཀྱི་ཡོད་པ་རེད།།།།།།།།

    Reply
  5. མི་རྒོད། says:
    ལོ་ 14 སྔོན།

    སྲིད་སྐྱོང་ལ་ཁ་གཏོང་མཁན་དེ་བོད་ཉག་ཕྲ་བའི་དུས་ཡིན་པ་ཤེས་དགོས་ཁྱོད་རང་ཁོང་གི་འཕོང་སྤུ་ཙམ་ཡང་གནས་ལེ་མིན་འདུག་ཧ་དགོས་ལེ་འདུག།།།། ལྐུག་པ་རང་རེད།།།།།

    Reply
  6. མི་རྒོད། says:
    ལོ་ 14 སྔོན།

    ད་བཙན་བྱོལ་བ་རྣམས་གཅིག་བྱེད་ཐུབ་པ་འདུག་དེ་ཛ་དྲག་མཆོད་འབུལ་ཚོགས་ཆུངའཛུགས་རན་ཞག་ཧ་ཅང་གི་དགོས་གལ་ཆེན་པོ་འདུག་དེས་རྒྱལ་གཅེས་དཔའ་མཛངས་རྣམས་ཀྱི་སྐུ་ཚིགས་ཆད་མེད་སྐྱོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་བ་དང་ནང་མི་དང་ བོད་བཞུགས་སྤུན་ཟླ་རྣམས་སུ་སེམས་གཏིང་ནས་གདུང་སེམས་མཉམ་གནས་མཚོན་ཐུབ་ཀྱི་རེད། ལས་དོན་གང་མགྱོགས་སྤེལ་དགོས་པ་འདུག་བོད་པ་བྱེས་འབྱོར་ཚོ་གཉིད་གསང་ཤོག། ལོང་ཤོག། འདི་འདྲ་ཅི་བྱེད་དགོས་གལ་རེད་ད་་་ ཨ་ཁ་ཀ་ཨེ་མ་ཧོ་ངས་སྤུན་རྣམས་ཧ་ཅང་གི་འཕངས་སོང་དཀོན་མཆོག་མཁྱེན་བོད་བདེན་པ་མྱུར་ཏུ་ཤར་བ་ཤོག།།།།།།།

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    སྲིད་སྐྱོང་པ་བློ་བཟང་སེང་གེ་མཆོག་གིས་ “ང་ཚོའི་ངོས་ནས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་མཇུག་སྒྲིལ་པ་ཡིན་ན། བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ཡང་མཚམས་འཇོག་ཡོང་རྒྱུར་མཐའ་གཅིག་ཏུ་ཡིད་ཆེས་བྱེད་ཀྱི་ཡོད་”ཅེས་གསུངས་པར་མོས་མཐུན་མེད། གང་ཡིན་ཞེས་ན་རྒྱལ་གཅེས་དཔའ་བོ་དཔའ་མོ་བདུན་ཅུར་ཉེ་བ་ཞིག་གིས་ལུས་སྲོག་ཕངས་མེད་དུ་བཏང་དང་གཏོང་བཞིན་པ་དེར་མངོན་འདོད་ངེས་ཅན་ཞིག་ཡོད་པ་ལས། དྲག་གནོན་གཅིག་པུ་སེལ་ཆེད་དུ་མིན་པ་ནི་ཁོང་རྣམ་པའི་འབོད་ཚིག་གི་ཐོག་ནས་དཔོག་ཐུབ་པ་ཞིག་མ་ཡིན་ནམ། །

    Reply
  8. ཤག་སྒང་པ། says:
    ལོ་ 14 སྔོན།

    སྲིད་སྐྱོང་མཆོག་ལ་ན་མོ།

    དུས་ཐོག་བསྒྲགས་གཏམ་སྤེལ་བར་མངོན་པར་བསྟོད་དོ།།

    བཙན་བྱོལ་བོད་མིའི་དྲ་ལམ་སྤུས་དག་མཛད་པར་དགའ་འོ།།

    ད་དུང་མིའི་ནུས་ཤུགས་དང་དུས་ཆོད་འཁོར་མར་ཞབས་ཞུ་དགོས་འདུག་སྙམ་མོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese