མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་ ༧༠༠ ངོ་རྒོལ་སྐད་འབོད།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པ་མདོ་བ་གྲོང་བརྡལ་གྱི་སློབ་ཕྲུག་ ༧༠༠ ཙམ་གྱིས་རྒྱ་དམར་དར་ཆ་མར་ཕབ་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

ཁ་སང་ཕྱི་ཚེས་ ༧ ཉིན་རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོ་ལགས་ཀྱིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ཡོད་པ་ལྟར། དེ་རིང་ཞོགས་པ་མདོ་བ་གྲོང་བརྡལ་གྱི་སློབ་མ་ ༧༠༠ ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ། སློབ་རྭའི་ནང་ཡོད་པའི་རྒྱ་དམར་དར་ཆ་མར་ཕབ་སྟེ་གཙབས་རལ་བཏང་རྗེས།  སློབ་ཕྲུག་རྣམས་ཐད་ཀར་གྲོང་བརྡལ་གྱི་ལས་ཁུངས་སུ་བསྐྱོད་དེ། ལས་ཁུངས་མདུན་གྱི་རྒྱ་དམར་དར་ཆ་མར་ཕབ་ནས་གཙབས་རལ་བཏང་སྟེ་ངོ་རྒོ་སྐད་འབོད་བྱས་ཡོད་འདུག

གནས་ཚུལ་མཁོ་གཏོང་པ་བསོད་ནམས་ལགས་ཀྱིས་བརྗོད་པ་ལྟར་ན། སློབ་ཕྲུག་ཚོའི་ངོ་རྒོལ་ལས་འགུལ་དེ་བྱུང་རྗེས། དགེ་རྒན་རྣམས་ཀྱིས་གནས་ཚུལ་ཛ་དྲག་མི་ཡོང་ཆེད་གང་མགྱོགས་སློབ་མ་རྣམས་ཀྱི་ཕ་མར་སོ་སོའི་བུ་ཕྲུག་རྣམས་ལེན་ཏུ་ཡོང་དགོས་པའི་བརྡ་ལན་བཏང་ཡོད་པ་དང་། དེ་རིང་ཉིན་ཧྲིལ་བོར་སློབ་གྲྭ་འཚོམས་ཐུབ་མེད་འདུག  ཉིན་རྒྱབ་ཙམ་ལ་རེབ་གོང་ཁུལ་ནས་མདོ་བར་དམག་མིའི་རླངས་འཁོར་བདུན་ཕྱིན་འདུག་ཀྱང་། མདོ་བ་སྡེ་བའི་འདབས་སུ་སློབ་ཕྲུག་རྣམས་དང་བུད་མེད་ཚོས་ངུ་འབོད་བྱེད་ཞོར་ལམ་ཁ་བཀག་ཡོད་པར་བརྟེན།  དམག་མིའི་རླངས་དེ་དག་ཕྱིར་རེབ་གོང་དུ་ལོག་ཡོད་འདུག 

དེ་བཞིན།  དེ་རིང་ཕྱི་ཚེས་  ༨ ཉིན་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་པ་ལྟར།   ཁོང་གི་ཁ་ཆེམས་ཡི་གེའི་ནང་ “མི་རིགས་འདྲ་མཉམ་ཡོང་དགོས། བོད་ལ་རང་དབང་དགོས། བོད་ཡིག་དར་སྤེལ་བྱེད་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་རང་དབང་གི་ཆེད་དུ་ངས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན།” ཞེས་འཁོད་ཡོད་འདུག  རྒྱལ་གཅེས་དཔའ་བོ་ཁོང་གི་གདུང་ཞུགས་འབུལ་སྐབས།  རོང་པོ་དགོན་པའི་གདོང་རྒྱལ་ཀླད་དུ་སེར་སྐྱ་མི་མང་ཁྲི་གཅིག་ཙམ་འཛོམས་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

དེ་རིང་རྒྱ་དམག་གིས་བོད་མི་འཇུ་བཟུང་བཙན་ཁྲིད་དང་དྲག་གནོན་གྱི་གནས་ཚུལ་རིགས་བྱུང་མེད་ཀྱང་།  རྒྱ་གཞུང་འབྲེལ་ཡོད་མི་སྣས་སང་ཉིན་དེ་སྔོན་ལྟར་གདུང་ཐལ་ཉིན་དཀར་མི་མང་མཉམ་འཛོམས་ཐོག་ཁྱེར་མི་ཆོག་པ་དང་། སང་ཞོགས་བོད་ནང་ཆུ་ཚོད་ ༥ སྔོན་ལ་གདུང་ཐལ་རང་ཁྱིམ་དུ་གདན་འདྲེན་ཞུས་ཚར་བ་མ་བྱས་ཚེ་ཁྲིམས་ལ་སྦྱོར་རྒྱུ་ཡིན་པའི་བཙན་བཀའ་བཏང་ཡོད་འདུག  དོ་དགོང་བོད་ནང་གི་ཆུ་ཚོད་ ༡༠ ཙམ་ལ་མི་མང་ཚང་མ་རང་ཁྱིམ་དུ་ལོག་འདུག

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༦ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 4

  1. འཇམ་གཅེས ། says:
    ལོ་ 14 སྔོན།

    ངོ་མ་འདས་བསོན་ཡངས་ལ་ཡིད་རངས་དང་། བྱ་བ་ལམ་འགྲོ །དེ་བཞིན་གདུངས་སེམས་མཉས་བསྐྱེད་དང་ཐུགས་བཞེད་བཞིན་འགྲུབ་པར་སྨོན་ལམ་ཙམ་ལས་དེ་མིན་གང་ཡང་ཐུབ་མི་ཀྱི་འདུག་དགོངས་སེལ་སེམས་གཏིང་ནས་ཞུ་ངེས་ཡིན་གཞིས་ལུས་སྤུན་ཟླ་ཚོར། ཁྱོད་ཚོས་མངོན་འདོད་བཞིན་༧གོང་ས་ཡིད་བཞིན་ནོར་བུ་བོད་དུ་གདན་ཞུས་ཐུབས་པར་ཤོག །བོད་རྒྱལ་གྱུར་གཅིག །

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    རེད།

    མི་རིགས་ཤིག་མ་ཤི་དགོས་ན་གཞོན་རབས་ནས་ལངས་དགོས་པ་ལས་རྒན་རབས་ནི་ལ་ཁའི་ཉི་མ་ཡིན་པས། འདི་ལྟར་སྡེབ་ཏུ་ལངས་ནས་འགུལ་དང་ང་ཚོའི་དུས་ཚོད་ཛ་དྲག་རེད།

    ཐུགས་རྗེ་ཆེ།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ངོ་མ་ངར་བ་རེད། རེབ་གོང་མི་དམངས་ལ་གདུང་མཉམ་སྐྱེད་ཞུ། བོད་པ་ཚོ་ཚང་མས། མེ་སྲེག་གི་ལས་འགུལ་མཚམས་འཇོགས་བྱེད་ཐབས་ལ་འབད་ན་ཅི་མ་རུང་།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་ ཁོང་གི་ཁ་ཆེམས་ཡི་གེའི་ནང་ “མི་རིགས་འདྲ་མཉམ་ཡོང་དགོས། བོད་ལ་རང་དབང་དགོས། བོད་ཡིག་དར་སྤེལ་བྱེད་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་རང་དབང་གི་ཆེད་དུ་ངས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན།” ཞེས་འཁོད་ཡོད་འདུག ་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese