མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དེ་རིང་རེབ་གོང་ནས་སློབ་མས་ཞི་བའི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་པ་སངས་ཉིན་གྱི་ཞོགས་པ་མདོ་སྨད་རེབ་གོང་དུ་སློབ་ཕྲུག་སྟོང་ཕྲག་ ༥༠༠༠ ལྷག་གིས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་འདུག

དེ་རིང་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པ་བོད་ནང་གི་ཆུ་ཚོད་ ༥ སྟེང་། རེབ་གོང་དུ་སློབ་མས་ཡར་ལངས་ལས་འགུལ་སྤེལ་ཏེ། ཁྲོམ་སྐོར་དང་ཞི་བའི་སྐད་འབོད་བྱས་འདུག  སློབ་མའི་ལས་འགུལ་དེར་རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་དང་། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། རེབ་གོང་རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་ ༥༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

འདི་གར་བསྟན་རབ་དང་རྡོར་དབང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ལས་འགུལ་སྐབས་སློབ་ཕྲུག་རྣམས་ཀྱིས། ༸གོང་ས་སྐྱབས་མགོན་མཆོག་གི་ཞབས་བརྟན་གསོལ་འདེབས་ “གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།” ཅེས་པ་དབྱངས་སུ་གྱེར་བ་དང་། དེ་བཞིན། “མི་རིགས་འདྲ་མཉམ་བྱ་དགོས།” “བོད་ལ་རང་དབང་དགོས། ” “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས” ཞེས་སྐད་འབོད་བྱེད་བཞིན།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རེབ་གོང་༼ཐུན་རིན༽རྫོང་གཉིས་ཀྱི་སྲིད་འཛིན་ལྟེ་གནས་ཡིན་པའི་རོང་བོ་རྒྱལ་ཐང་གི་ལམ་གཞུང་གང་སར་སྐོར་བསྐྱོད་ཀྱིས་སྐད་འབོད་ཁྲོམ་སྐོར་བྱས་རྗེས། ད་ཆ་རོང་པོ་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་དུ་མཉམ་འཛོམས་ཀྱིས་སྐད་འབོད་དང་རྒྱལ་བའི་ཞབས་བརྟན་དབྱངས་སུ་གྱེར་བཞིན་བསྡད་ཡོད་འདུག

ད་ལྟའི་ཆར་སྒྲོལ་མ་ཐང་ཆེན་དུ་ཐག་ཉེ་རིང་གི་མི་མང་འདུ་འཛོམས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ད་ནངས་སྐད་འབོད་སྐབས་ལམ་གཞུང་ཡོངས་སློབ་མས་ཁེངས་ནས་རླངས་འཁོར་འགྲུལ་བཞུད་སོགས་མཚམས་འཇོག་དགོས་པའི་གནས་སྟངས་ཆགས་ཡོད་འདུག དེ་རིང་གི་སློབ་མའི་ལས་འགུལ་འདིའི་ནང་། ཁུལ་དང་རྫོང་གི་སྲིད་འཛིན་ལྟེ་གནས་འདབས་འབྲེལ་དུ་ཡོད་པའི་སློབ་གྲྭ་ཚང་མ་མཉམ་ཞུགས་ཀྱིས་ད་ལྟ་སློབ་ཕྲུག་སྟོང་ཕྲག་ལྔ་དྲུག་ཙམ་འདུ་འཛོམས་བྱུང་ཡོད་འདུག ལམ་མདོ་ཁག་དང་སྲིད་གཞུང་ལས་ཁུངས་ཁག་གི་སྒོ་འགྲམ་བཅས་ན་དྲག་ཆས་ཉེན་རྟོག་པ་སོགས་ཡོད་པ་ལས། སློབ་མའི་ལས་འགུལ་འདིར་ཐད་ཀར་དམ་དྲག་སོགས་ཀྱི་གནས་ཚུལ་དང་གདོང་ཐུག་གི་གནས་ཚུལ་རིགས་བྱུང་ཡོད་མི་འདུག

གོང་གསལ་སློབ་གྲྭ་ཁག་ནི་རྨ་ལྷོ་ཁུལ་རིམ་པའི་སློབ་གྲྭ་དང་རེབ་གོང་རྫོང་རིམ་པའི་སློབ་གྲྭ་གཉིས་ཀའི་ངོ་བོ་ལྡན་པ་ཞིག་ཆགས་ཡོད་སྟབས། སློབ་མའི་ལས་འགུལ་འདིའི་ནང་རྨ་ལྷོ་ཁུལ་གྱི་རྫོང་ཁག་བཞི་སྟེ། ཐུན་རིན་རྫོང་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། ཧི་ནན་སོག་རྫོང་བཅས་རྫོང་ཁག་བཞི་ནས་ཡོང་སྟེ། རེབ་གོང་དུ་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་སྣ་འདུས་ཀྱི་རྣམ་པ་ཞིག་ཆགས་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 13

  1. སེང་གདོང་སྐྱབས ། says:
    ལོ་ 10 སྔོན།

    རེབ་གོང་ནི་ངེས་བ་དོན་གྱི་བོད་ཀྱི་བླ་སྲོག་ལ་གསོན་ཤུགས་ལ་དཔའ་གདེང་སྤོབས་གསུམ་གྱི་རུས་པ་སྲ་ས་ཡིན་ལ། དམིགས་བསལ་གྱི་དུས་བབ་ལ་དམིགས་བསལ་ཀྱི་ལས་འགུལ་སྤེལ་སའི་བཙན་ས་ཁོ་ན་དེ་ཡིན་པས། དེ་ཀར་ངར་དབང་གི་ལས་ལ་རྩོད་བཞིན་པའི་རྒན་དང་གཞོན་གསུམ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་ཞུ།

    Reply
  2. བུ་ཡུག says:
    ལོ་ 10 སྔོན།

    བཙན་བྱོལ་ནང་གི་བོད་ཀྱི་མཐོ་རིམ་སློབ་མ་ཟེར་བའི་བོད་སྐད་བཤད་ན་ངོ་ཚ་མཁན་དག་ལ་རེ་བ་རྒྱུགས་ལས་བོད་ནང་གི་མེ་མདའི་སོ་ཁ་ན་ཡོད་པས་བོད་ཀྱི་སློབ་མ་རུས་རྐང་ཅན་ཚོ་རེ་བ་བརྒྱབ་ན་ཡག་ཤོས་རེད་བཙན་བྱོལ་ནང་གི་འདི་ཚོས་དགའ་བོ་བསྒྲིག་པ་དང་དུ་ནག་འཐེན་རྒྱུ་ལས་ཅི་མི་འཇོན་གྱི་མ་རེད་

    Reply
  3. བུ་ཡུག says:
    ལོ་ 10 སྔོན།

    བཙན་བྱོལ་ནང་གི་བོད་ཀྱི་མཐོ་རིམ་སློབ་མ་ཟེར་བའི་བོད་སྐད་བཤད་ན་ངོ་ཚ་མཁན་དག་ལ་བོད་ཀྱི་རྩ་དོན་ཕར་ཞོག་དེ་ལས་དགའ་བོ་བསྒྲིག་པ་དང་དུ་ནག་འཐེན་རྒྱུ་ལས་ཅི་ཡང་མི་འཇོན་ལ་ཅི་ཡང་མི་དགོས་དེ་ལས་ང་ཚོའི་བོད་ནང་གི་མེ་མདའི་སོ་ཁ་ན་ཡོད་པའི་སློབ་མ་རུས་རྐང་ཅན་ཚོ་རེ་བ་བརྒྱབ་ན་དེས་དགའ་

    Reply
  4. རས་པ། says:
    ལོ་ 10 སྔོན།

    རྨ་ལྷོ་ཁུལ་གྱི་རྫོང་ཁག་བཞི་ལས་གཞན། མཚོ་ལྷོའི་རྐང་ཚའི་ཕྱོགས་དང་། ཀན་ལྷོ། མགོ་ལོག ཡུལ་ཤུལ། མཚོ་བྱང་ཁུལ་སོགས་ས་གནས་སྣ་འདུས་ཀྱི་སློབ་ཕྲུག་ཡོད་པ་རེད་འདུག

    Reply
  5. བསྟན འཛིན་ཆོས་རྒྱལ says:
    ལོ་ 10 སྔོན།

    མཚམས་གཞག་ནས་རང་རང་སར་ཕེབ་སོང་ཟེར།

    Reply
  6. བློ་འཕེལ། says:
    ལོ་ 10 སྔོན།

    སྙིང་སྟོབས་ཅན་གྱི་མི་རིགས་ཤིག
    སེམས་ཀྱི་སྡུག་རུལ།
    སྙིང་ནས་འགད།
    ཁ་ནས་འཕྱུར།
    ལུས་ནས་འབར།
    མིག་ནས་བཞུར་བཞིན་སྐབས།
    ཁ་ཕྱོགས་མ་འཆུགས་དཔའ་བོ།
    གོམ་ཁ་མ་ནོར་དཔའ་མོ།
    ཁྲིམས་ལུགས་མ་བརྗེད་སྟག་ཤར།
    འཚེ་མེད་ཞི་བ་མཁྱེན་ནོ།

    Reply
  7. འཇམ་གཅེས ། says:
    ལོ་ 10 སྔོན།

    བྱེས་གྱར་བ་ཚོས་བསམ་བློ་ཡག་པོ་གཏོང་ནས་རང་མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་དངོས་གནས་ཡོད་ན། རང་རང་གང་དུ་གནས་ན་དེ་ནས་གཞིས་ལུས་བོད་མིའི་མགྲིན་ཚབ་པ་ཡག་པོ་ཞིག་ཨེ་འཁྱོངས་བལྟས་ཏེ་ཡ་ང་བའི་གནས་སྟངས་སྡུག་པོ་འདི་ཁྱབ་བསྒྲགས་དང་མི་རིགས་གཞན་གྱིས་ཤེས་རྟོག་ཡོང་བར་འབད་བརྩོན་གནང་ན་དགོས་མཚན་ཆེ་བར་སྙམ། དེ་མིན་རང་བཞུང་ལ་གཅིག་འགྲིག་ིན་གཉིང་འགྲིག་ྀན་བཤད་ན་ཕན་ལས་གནོདཆེ་བ་ཡོང་ངེས་རེད།

    Reply
  8. བསྟན འཛིན་ཆོས་རྒྱལ says:
    ལོ་ 10 སྔོན།

    འཇམ་བཟང་ལྟ་བུ་མི་བྱེད་པར་ཕྱི་ཡི་བོད་པ་མི་ངོ་རེ་ནས་ག་རེ་གནང་དགོས་པའི་ལམ་སྟོན་གནང་གལ་ལ།་དེ་བཞིན་ལས་ལ་ཞུགས་མཁན་ཡང་དགོས་པས། བསམ་བློ་བས་ལམ་སྟོན་དང་མི་མང་གིས་ཉམས་ཞུག་གང་ལེགས་བྱེད་རྒྱུ་གལ། ད་དུང་ནན་གྱིས་ཞུ་བྱ་ཞིག་ནི།་བོད་ནང་གི་ཤེས་ཡོན་ཅན་ཚོས་གང་གནང་དགོས་པ་གསལ་དོད་པོས་གསུང་གནང་མཁན་ཡོད་ན་དམིགས་བསལ་དགའ་བསུ་ཡོད། དེ་ཡང་དབུ་མའི་ལམ་དང་མི་འགལ་བར།

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 10 སྔོན།

    ངོ་དེབ་སོགས་ཀྱི་མཚོན་རྟགས་ལ་ཞི་རྒོལ་བའི་པར་རིགས་བཞག་ནས་གདུང་སེམས་མཉམ་སྐྱེད་དང་ཁྱབ་བསྒྲགས་ལ་གཞོགས་འདེགས་ཞུ་འོས།

    ལྔ་བཞིའི་གཞོན་ནུའི་ཁྲོམ་སྐོར་ཟིལ་ཤུགས་ཅན། དྲུག་བཞིའི་སློབ་ཆེན་རྔམ་སྟོན་ཡ་ང་བ།
    བཅུ་གཅིག་དགུ་བའི་སློབ་མའི་ཞི་རྒོལ་ཆེ། གཅིག་ལས་གཅིག་ལ་བདེན་སྟོབས་གཟི་བརྗིད་ཆེ།
    ཞི་རྒོལ་རླབས་ཕྲེང་འདི་ལྟར་འཕྱུར་བར་ཤོག བདེན་པའི་འཐབ་རྩོད་རྣམ་པར་རྒྱལ་བར་ཤོག
    རང་དབང་དམངས་གཙོ་ཀུན་ལ་ཐོབ་པར་ཤོག།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 10 སྔོན།

    གོང་དུ། སློབ་ཕྲུག་སྟོང་ཕྲག་ ༥༠༠༠ ལྷག ཅེས་པ་དང་། སློབ་ཕྲུག་སྟོང་ཕྲག་ལྔ་དྲུག་ཙམ་ཞེས་པ་གཉིས་ལ་གཅིག་པ་མ་རེད། རྗེས་མ་ལྟར་འབྲི་དགོས།

    ལྔ་བཞི་གཞོན་ནུའི་ཁྲོམ་སྐོར་སྐད་པོ་ཆེ། དྲུག་བཞིའི་སློབ་ཆེན་རྔམ་སྟོན་ང་ཡ་བ། བཅུ་གཅིག་དགུ་བའི་སློབ་མའི་ཞི་རྒོལ་ཆེ། གཅིག་ལས་གཅིག་ལ་བདེན་སྟོབས་དཔའ་ངར་ལྡན། ཞི་རྒོལ་རླབས་ཕྲེང་འཇགས་མེད་ཀུན་ཏུ་འཕྱོ། བདེན་པའི་འཐབ་རྩོད་རྣམ་པར་རྒྱལ་གྱུར་ཅིག རང་དབང་དམངས་གཙོ་ཀུན་ལ་ཐོབ་པར་ཤོག

    Reply
  11. གངས་རིའི་བུ། says:
    ལོ་ 10 སྔོན།

    བོད་ཀྱི་མ་འོང་དོན་གྱི་བདག་པོ་ཁྱོད་རྣམས་ལ་ཐུགས་རྗེ་ཆེ་་་་་་ཚེ་རིང་ལོ་བརྒྱ་་་་་་་བཀའ་དྲིན་ཆེ་་་་་་ནམ་ཡང་བརྗེད་ཐབས་མེད་ཁྱོད་རྣམས་ཀྱི་ལས་བཟང་་་་་་་་་ང་ཚོ་བཙན་བྱོལ་བའི་སེམས་པ་དུས་རྟག་ཏུ་ཁྱོད་ཚོའི་ཕྱོགས་སུ་འཁོར་ཡོད་་་་་༧རྒྱལ་བ་ཡིད་བཞིན་ནོར་བུ་གཙོ་བོར་བྱས་པའི་བླ་ཆེན་ཁག་གི་ཐུགས་སྨོན་ཁྱོད་ཚོར་གནང་ཡོད་་་་་ཁྱོད་ཚོ་ནི་ང་ཚོའི་རེ་བ་བཅངས་ས་ཡིན་ལ་་་་་ཁྱོད་ཚོ་ནི་གངས་ཅན་པའི་ཡོད་ཚད་ཡིན་་་་་

    Reply
  12. འཇམ་བཟང་། says:
    ལོ་ 10 སྔོན།

    ལག་གཉིས་ཐལ་མོ་སྦྱར་ནས། པུས་མོ་ས་ལ་བཙུགས་ཏེ། བཙན་བྱོལ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་། མི་དམངས་བཅས་ལ་རེ་སྐུལ། ད་ང་ཚོ་འདི་ལྟར་བལྟས་ནས་བསྡད་ན། འགྲིག་ས་རེད་པས། ངེས་པ་ཅན་དུ་བསམ་བློ་བཏང་རོགས། གལ་སྲིད་ཁྱེད་རང་ཚོའི་དངོས་གནས། རྒྱ་ནག་ལ་ཁ་གཏད་བཅག་འདོད་མེད་ན། ཁ་གསལ་པོ་གསུང་རོགས། ང་ཚོ་ལ་མགོ་བསྐོར་མ་བཏང་རོགས། མར་མེ་ཁྲོམ་སྐོར་རེ་དང་། མཆོད་འབུལ་བྱེད་པ། གསར་འགོད་གསལ་བསྒྲགས་དེ་དག་གི་ནུས་པ་ཅི་ཡོད་ང་ཚོའི་ཤེས་ཚོད་རེད། ད་ང་ཚོ་ཚང་མ་བོད་ལ་ལོག་འགྲོ། བོད་ནང་གི་སྤུན་ཟླ་ཚོ་དང་ལག་གདང་གཅིག་ཏུ་སྦྲེལ་ནས། རང་དབང་རྩོད་ལེན་བྱེད། བོད་རྒྱལ་ལོ། བོད་རང་བཙན།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།

    Reply
  13. རིག་རྒྱམ། says:
    ལོ་ 10 སྔོན།

    དཔའ་ངར་ཞུམ་པ་མེད་པའི་གདོང་དམར་བོད་ཀྱི་སློབ་མ་ཁྱེད་རྣམས་ཀྱིས་བསམ་དོན་མྱུར་དུ་འགྲུབ་པའི་སྨོན་ལམ་འདེབས། བདེན་པ་ཉིད་རྣམ་པར་རྒྱར་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist