གཟའ་ཉི་མར་བཞུཊ་སྒར་དུ་ཚོཊ་པའི་གཞུང་འབྲེལ་སྨོན་ལམ་སྟེང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་ ༡༨ པའི་རྒྱ་ནག་དམར་ཤོག་ཚོཊ་ཆེན་སྐབས། བོད་རང་སྐྱོང་ལྗོངས་ཏང་ཡོན་མགོ་ཁྲིད་ཁག་ཅིག་གིས་བོད་དོན་ཐོག་འཁྱོག་བཤད་བྱས་པར་ལན་འདེབས་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཕྱེད་ཀའི་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དབུ་བཞུཊ་ཐོག བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་གཉིས་དང་། བོད་མི་མང་སྤྱི་འཐུས་ཚོཊ་གཙོ་བགྲེས་གཞོན་རྣམ་གཉིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་མིའི་སྒྲིག་འཛུཊ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་ཕྱག་རོཊ་བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་གཞུང་ཞབས་ལས་བྱེད། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ་དང་ངྷ་སའི་སེར་སྐྱ་མང་ཚོཊ་བཅས་ཁྱོན་མི་སྟོང་ཕྲག་ལྷག་འཛོམས་ཏེ། ཉེ་ལམ་བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་ཚོཊ་སོང་།
མཆོད་འབུལ་སྨོན་ལམ་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ༢༠༠༩ ལོར་བོད་ནང་བཀྲ་བྷེ་ལཊ་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ༢༠༡༡ ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ནས་ཕུན་ཚོཊ་ལཊ་ཀྱིས་རང་ལུས་མེར་བསྲེཊ་བཏང་རྗེས། བོད་ནང་རང་ལུས་མེར་བསྲེགས་ཀྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ལྷག་པར་དུ། སྐབས་བཅོ་བརྒྱད་པའི་རྒྱ་ནག་དམར་ཤོག་ཚོཊ་ཆེན་གྱི་སྔ་ནུབ་སྟེ། ད་ལོའི་ཕྱི་ཟླ་ ༡༠ པའི་ནང་བོད་ནང་བོད་མི་ ༡༠ ཙམ་གྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༧ ཉིན་བོད་ནང་ཨ་མདོ་རྔ་བའི་གྲྭ་རྡོ་རྗེ་དང་བསམ་འགྲུབ། རྡོ་རྗེ་སྐྱབས་བཅས་དང་། རེབ་གོང་དུ་རྟ་མགྲིན་འཚོ་དང་ཁམས་ནཊ་ཤོད་པད་དཀར་ཞང་དུ་བོད་མི་གཅིག་བཅས་ཁྱོན་བོད་མི་ ༥ ཡིས་ཉིན་གཅིག་ལ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་དང་། ཕྱི་ཚེས་ ༨ ཉིན་རེབ་གོང་དུ་སྐལ་བཟང་སྦྱིན་པ་ལཊ་ཀྱིས་རང་ལུས་མེར་བསྲེཊ་དང་། ཕྱི་ཚེས་ ༡༠ ཉིན་ཨ་མདོ་ཨ་མཆོག་ཏུ་མགོན་པོ་ཚེ་རིང་ལཊ་ཀྱིས་རང་ལུས་མེར་བསྲེཊ་བཏང་ཡོད་སྐོར་ངོ་སྤྲོད་དང་འབྲེལ། བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་གཙོས་གཞིས་ལུས་བོད་མི་ཡོངས་ཀྱི་མངོན་འདོད་ནི། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་བོད་མིར་རང་དབང་དགོས་རྒྱུ་དེ་ཡིན་སྟབས། བོད་མིའི་སྒྲིག་འཛུཊ་ཀྱིས་གཞིས་ལུས་མི་མང་གི་མངོན་འདོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུར་མ་ཟད། ཅི་སྲིད་བོད་མིའི་མངོན་འདོད་མ་འགྲུབ་བར་དུ་འབད་བརྩོན་ལྷོད་མེད་གནང་རྒྱུ་ཡིན་སྐོར་ནན་བརྗོད་གནང་སོང་།
དེ་བཞིན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མུ་མཐུད་དུ། ཟླ་འདིའི་ཕྱི་ཚེས་ ༨ ཉིན་མདོ་སྨད་རེབ་གོང་ཁུལ་དུ་བོད་རིཊ་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་ཁྲོམ་གཞུང་དུ་ཐོན་ཏེ། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། རྒྱ་གཞུང་གིས་མི་རིཊ་དབྱེ་འབྱེད་བྱེད་པ། མི་རིཊ་འདྲ་མཉམ་གྱི་ཐོབ་ཐང་དགོས་པ། སྐད་ཡིག་རང་དབང་དགོས་པ་བཅས་ཀྱི་སྐད་འབོད་དང་ཁྲོམ་སྐོར་བྱས་ཡོད་ལ། ད་ལྟའི་ཆ་ལ་རྒྱ་གཞུང་གིས་བོད་རིཊ་སློབ་ཕྲུག་ཚོར་དྲག་གནོན་བྱས་པའི་གནས་ཚུལ་རིཊ་བྱུང་མེད་ཀྱང་། བཀའ་ཤག་གི་ངོས་ནས་སློབ་ཕྲུག་ཚོའི་གནས་སྟངས་ཐད་ཐུགས་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཚུལ་གསལ་བཤད་གནང་སོང་།
སྲིད་སྐྱོང་མཆོག་གིས་ད་ལྟའི་དུས་ཚོད་འདི་ནི་བོད་མིའི་བྱུང་རབས་ལོ་རྒྱུས་ནང་གཉན་འཕྲང་ཆེ་བའི་དུས་ཚོད་ཅིག་ཆཊ་ཡོད་པ་དང་། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་བོད་ལ་རང་དབང་འཐོབ་རྒྱུ་གཉིས་བོད་མི་ས་ཡ་དྲུག་གི་གཞི་རྩའི་མངོན་འདོད་ཆགས་ཡོད་ཀྱང་། བོད་ནང་བོད་མི་མང་དག་ཅིག་གིས་ང་ཚོའི་ཚབ་བྱས་ཏེ། སོ་སོའི་རྩ་ཆེའི་ལུས་སྲོག་ལ་ཕངས་སེམས་མེད་པར་རང་གི་ལུས་སྟེང་དུ་སྣུམ་གཤོལ་ཏེ་མེར་བསྲེཊ་གཏོང་བཞིན་ཡོད་སྐོར་དང་། བོད་ནང་རང་ལུས་མེར་བསྲེཊ་གཏོང་བཞིན་པའི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར། ཕྱི་ལོཊ་སུ་བོད་གཞུང་མང་གཉིས་ཐུན་མོང་ཐོག་མཆོད་འབུལ་སྨོན་ལམ་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་པར་མ་ཟད། བོད་མིའི་རྩ་དོན་ཐོག་ཕྱག་ལས་ག་རེ་གནང་དགོས་མིན་ཐད་རིག་པ་བསྒྲིམ་རྒྱུ་དང་ལས་འགུལ་སྤེལ་རྒྱུའི་དུས་ལ་བབས་ཡོད་སྐོར་ནན་བརྗོད་གནང་སོང་།
རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་མཚོན་ནའང་། སྤྱིར་བཏང་བོད་དོན་ཐོག་འཛམ་གླིང་སྟེང་གྲཊ་ཅན་བརྒྱུད་ལམ་ཁག་གིས་དོ་སྣང་བྱེད་བཞིན་ཡོད་ཀྱང་། ཨ་རིའི་སྲིད་འཛིན་འོས་བསྡུའི་གནས་ཚུལ་ཤུཊ་ཆེ་བ་དང་ཡུ་རོབ་ཁུལ་དུ་དཔལ་འབྱོར་གནས་སྟངས་ཉམས་ཆག་ཏུ་ཕྱིན་པ། རྒྱ་ནག་ནང་རྒྱ་ནག་མགོ་ཁྲིད་འཕོ་འགྱུར་འགྲོ་བཞིན་པ་བཅས་ཀྱིས། བར་སྐབས་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་བོད་དོན་ཐོག་དེ་ཙམ་དོ་སྣང་བྱས་མེད་ཀྱང་། ད་ཆར་སྲིད་འཛིན་འོས་འདེམས་གྲུབ་ཡོད་སྟབས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་བོད་དོན་ཐད་གནས་ཚུལ་སྔར་ལས་མང་བ་འགོད་རྒྱུ་དང་། རྒྱལ་སྤྱིའི་ཐོག་བོད་དོན་ཐད་མཁྱེན་རྟོཊ་མང་བ་ཡོང་རྒྱུ། བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་བོད་དོན་ཐོག་སྔར་ལས་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་དང་འབོད་སྐུལ་ཞུ་རྒྱུ་ཡིན་ཚུལ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་བོད་དོན་དྲིལ་བསྒྲགས་ཐོག་སྔར་ལས་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་གསུངས་སོང་།
ཡང་སྲིད་སྐྱོང་མཆོག་གིས་ཉེ་ལམ་ནས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་བོད་དོན་སྐོར་གྱི་གནས་ཚུལ་ཇེ་མང་དུ་ཐོན་གྱི་ཡོད་ཅིང་། ལྷག་པར་དུ་ཕྱི་ཚེས་ ༡༠ ཉིན་གྱི་ནེའུ་ཡོག་དུས་བབ་སྟེང་། བོད་མིའི་རང་བསྲེཊ་སྐོར་གྱི་རྩོམ་ཡིག་ཅིག་བཀོད་དེ། དེང་སྐབས་ལྟ་བ་གུ་ཡངས་པོ་ཡོད་ཟེར་མཁན་གྱི་རྒྱ་རིཊ་མཁས་པའི་ཁྲོད། རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། མང་གཙོ་དང་རང་དབང་། ལྐོག་ཟ་རུལ་སུངས། འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོེར་རྩོམ་ཡིག་དང་བགྲོ་གླེང་གཏམ་བཤད་སྤེལ་མཁན་མང་པོ་ཡོད་ཀྱང་། ལག་ལེན་དངོས་ཀྱི་ཐོག་བོད་མིའི་རང་ལུས་མེར་བསྲེཊ་བཏང་སྟེ་རང་དབང་དགོས་ཟེར་བ་དེར་རྒྱ་རིཊ་མཁས་པའི་ནང་གླེང་སློང་བྱེད་མཁན་ཧ་ཅང་ཉུང་ཤོས་ལས་མེད་པ་དེ་ནི། མི་རིཊ་དབྱེ་འབྱེད་ཀྱི་གུ་དོཊ་བསམ་བློ་ལས་འབྱུང་བཞིན་པའི་དོཊ་སློང་ཅན་གྱི་རྩོམ་ཡིག་ཅིག་སྤེལ་ཡོད་ཚུལ་གསལ་བཤད་དང་། རྒྱ་རིཊ་མཁས་པའི་ནང་བོད་མིའི་མེར་བསྲེགས་ལ་དོ་སྣང་བྱེད་མཁན་ཅི་ཙམ་ཡོད་མེད་ལ་མ་ལྟོས་པར། རྒྱལ་སྤྱིའི་སྟེང་བོད་མིའི་རང་བསྲེགས་ལས་འགུལ་ཐོག་དོ་སྣང་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་སྐོར་གསུངས་སོང་།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་བཅོ་བརྒྱད་པའི་རྒྱ་ནག་དམར་ཤོག་ཚོཊ་ཆེན་སྐབས། རང་སྐྱོང་ལྗོངས་ཀྱི་བོད་མི་ཏང་ཡོན་མགོ་ཁྲིད་ཁག་ཅིག་གིས། བོད་ནང་གི་གནས་སྟངས་ཐད་འཁྱོག་བཤད་བྱས་པར་ལན་འདེབས་གནང་དོན། “སྐབས་བཅོ་བརྒྱད་པའི་རྒྱ་ནག་དམར་ཤོག་ཚོགས་ཆེན་སྐབས་བོད་མི་ཏང་ཡོན་མགོ་ཁྲིད་ཡིན་ཟེར་མཁན་ཁ་ཤས་ཀྱིས། གསར་འགོད་པ་བསྐངས་ཏེ་ནེ་ཙོ་ནང་བཞིན་སྐད་ཆ་ཡ་མཚན་པོ་ཁ་ཤས་བཤད་འདུག རྣ་བའི་ཡུལ་དུ་མི་འགྲོ་བའི་སྐད་ཆ་དེར་མོས་མཐུན་རྩ་བ་ནས་མེད། བོད་མིའི་སྒྲིག་འཛུཊ་ཀྱིས་རྒྱ་གཞུང་ལ་བོད་མིའི་མེར་བསྲེཊ་གཏོང་དགོས་དོན་ཐད་རྐྱེན་དང་གནད་དོན་སེལ་དགོས་པ་གཉིས་འདུག་ཅེས་བཤད་ཡོད། རྐྱེན་མི་སེར་སྤེལ་བའི་རིང་ལུཊ་དང་མཁྲེཊ་འཛིན་སྲིད་བྱུས་ལག་བསྟར་བྱས་པས་བོད་ནང་གི་བོད་མིས་རང་ལུས་མེར་བསྲེཊ་གཏོང་གི་ཡོད། མི་སེར་སྤེལ་བའི་རིང་ལུཊ་དང་མཁྲེཊ་འཛིན་སྲིད་བྱུས་མཚམས་བཞག་ཏེ་བོད་མིར་རང་སྐྱོང་གནས་བབ་སྤྲད་ན། ཐབས་ལམ་དེ་པེ་ཅིན་ལ་ཡོད་པ་རེད། ང་ཚོས་རྒྱ་གཞུང་ལ་བོད་ནང་ཆབ་སྲིད་དམ་དྲག་དང་མི་རིཊ་དབྱེ་འབྱེད། དཔལ་འབྱོར་དབྱེ་འབྱེད། ཁོར་ཡིག་གཏོར་བཤིག རིག་གཞུང་རྩ་མེད་གཏོང་གི་འདུག་ཅེས་ཕར་སྐྱོན་བརྗོད་བྱེད་བཞིན་པ་དེར། ཉེ་ལམ་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཡིན་ཟེར་མཁན་བོད་མི་ཁག་ཅིག་གིས། བོད་ནང་གི་བོད་མི་ཚོར་ཆབ་སྲིད་རང་དབང་ཡོད། སྤྱི་ཚོཊ་དབྱེ་འབྱེད་མེད། དཔལ་འབྱོར་ཐོབ་ཐང་ཡོད། བོད་ནང་གི་བོད་མི་ཚོར་བདེ་སྐྱིད་ཡོད། ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་ས་ལོ་ལྔའི་ནང་རྒྱ་ནག་རྒྱལ་ཡོངས་ནང་གྲོང་ཁྱེར་སྐྱིད་ཤོས་དེ་ཡིན་ཞེས་བཤད་འདུག བོད་མི་ཏང་ཡོན་ཞིག་ཡིན་པའི་ཆ་ནས་བོད་ནང་རྙོག་དྲ་འབྱུང་བཞིན་པ་དེ་དག བོད་མིའི་སྒྲིག་འཛུགས་ཀྱིས་ངན་སྐུལ་བྱས་པ་ཞིག་ཡིན་པ་ལས། བོད་ནང་གི་བོད་མི་ཚོ་སྐྱིད་པོ་བདེ་མོ་ཡོད་སྐོར་བཤད་པ་དེར་བློ་ཕམ་སྐྱེ་གཞི་ཞིག་རེད། ”ཅེས་གསུངས།
མཇུག་ཏུ་སྲིད་སྐྱོང་མཆོག་གིས་ཉེ་སྔོན་རྒྱ་རིཊ་མཁས་པ་ཞོ་མིན་གྱིས་བཤད་པའི་སྐད་ཆ་ཞིག་ལུང་འདྲེན་གནང་སྟེ། ད་ཆར་བོད་ཀྱི་རྒྱལ་ས་ལྷ་སར་བོད་པ་ལས་རྒྱ་རིཊ་མང་། གྲྭ་པ་ལས་དམག་མི་མང་བ། སྒེའུ་ཁུང་ལས་པར་ཆས་མང་བ། མཆོད་མེ་ལས་མེ་མདའ་མང་བའི་གནས་སྟངས་འོག་བོད་མི་ཚོས་མི་ཚེ་སྐྱེལ་དགོས་བྱུང་ཡང་། དེང་སྐབས་རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་ལྟར། རྒྱ་ནག་ལའང་དེ་མཚུངས་ཀྱི་འགྱུར་བ་འགྲོ་བཞིན་ཡོད་སྟབས། སྐབས་དང་དུས་ལ་བསྟུན་ཏེ་བོད་མི་ཚོས་གོ་སྐབས་འཇུས་ཐུབ་རྒྱུ་གལ་ཆེན་ཡིན་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཆེད་དམིགས་བསལ་ཚོཊ་ཆེན་སྐབས་གྲོས་ཆོད་མང་པོ་བཞག་ཡོད་པ་མ་ཟད། བཀའ་སྤྱི་གཉིས་མཉམ་འབྲེལ་ཐོག་མ་འོངས་པར་སྐབས་བསྟུན་གྱི་ལས་འགུལ་ཅི་སྤེལ་ཐོག་གྲོས་བསྡུར་གནང་རྒྱུ་དང་། བོད་ནང་གི་བོད་མིའི་མངོན་འདོད་འགྲུབ་ཆེད་གཞུང་མང་གཉིས་ཀྱིས་ལས་འགུལ་ནམ་སྤེལ་ལ་ཞི་བ་དང་ཁྲིམས་མཐུན། ཆེ་མཐོང་ལྡན་པའི་ཐོག་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་ནན་བརྗོད་གནང་སོང་།
གསར་འགོད་པ། དཔལ་ལྡན།
ད་ཡང་ཚིག་ཁ་ཤས་བཤད་འདོད་བྱུང་སོང་། བོད་དོན་ལས་འགུལ་གང་འདྲ་ཞིག་སྤེལ་རུང་རྒྱ་ནག་གིས་རྩ་ཁྲིམས་གཞིར་བཟུང་ཐོག་སྤེལ་དགོས་པ་ནི་མེད་དུ་མི་རུང་བས་ལམ་ཁ་ཞིག་ཡིན། གནས་ལུགས་མི་ཤེས་མཁན་དང་། ཁ་དང་ལག་པར་བདག་པོ་རྒྱག་མི་ཐུབ་མཁན་དྲ་འབུ་དག་གིས་རྗེས་སུ་དུས་ནམ་ཡང་འགྲོ་མི་རུང་། ང་ཚོ་གཞིས་བྱེས་གཉིང་ཀའི་དམིགས་ཡུལ་གཅིག་དང་འབོད་སྒྲ་གཅིག་ལ་ཤུགས་བསྐྱེད་དགོས་པ་ནི་ལས་འགུལ་ཡིས་ནུས་ཤུགས་འབྱུང་ཁུང་ངོ་མ་དེ་ཡིན་པ་ཡང་ཤེས་དགོས། གཞན་ཡང་
ད་ཡོད་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོས་པ་ཚོས་ངོས་ནས་བོད་ནང་གིས་གནས་ཚུལ་གང་འདྲ་བྱུང་བ་ཡིན་ན་ཁ་ཐུག་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་དང་། གཞུང་དང་གཞུང་འགྲེལ་མིན་པའི་ཚོགས་སྡེ་གལ་ཆེ་དག་ལ་དུས་ལས་མ་ཡོལ་བར་མཁོ་སྤྲོད་གནང་ཐུབ་དགོས། ལྷག་པར་དུ་བོད་ནས་གནས་ཚུལ་ཡོང་ཁུང་མི་རྒེར་དང་ཚོགས་པ་སུ་ཡིན་རུང་དང་པོ་བོད་གཞུང་དང་། གཞོན་ནུ་དང་བུ་མེད། སློབ་ཕྲུག་བོད་རང་བཙན་ཚོགས་པར། དེ་བཞིན་བརྒྱུད་ལམ་ཆེ་ཁག་དག་ལ་འཕྲོད་ངེས་བཟོ་དགོས་པ་ལས་ངོ་དེབ་སོགས་སུ་ནམ་ཡང་མ་བཀོད་རོགས། ད་དུང་དམིགས་གསལ་དྲི་བསྒྲགས་ཚོགས་ཆུང་ཞིག་ཟུར་འཛུགས་ཐོག་ཉིན་མཚན་དབྱེར་མེད་ཐོག་བོད་གནས་ལོན་ཐབ་དང་ཁྱབས་བསྒྲགས་དོན་འབྲས་སྨིན་པ་ཞིག་བྱུང་ན་དགེ་མཚན་ཆེ་བར་མངོན། དེ་མིན་མི་མང་འདུར་འཛོམས་རེ་གཉིང་དང་མི་སྣ་ག་གེ་མོའི་གཏམ་བཤད་རེ་ཟུང་གིས་ཕན་ཐོག་གང་ཡོང་མེད་པར་གསལ་བཤད་དགོས་གལ་མི་ཆེ། བོད་པའི་གསར་ཁང་ཁག་ཡིན་ཡང་གནས་ཚུལ་དེ་དག་དང་པོ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་འཁོ་སྤྲོད་གནང་ནས་གཉིང་པར་བོད་ཡིག་དང་བོད་སྐད་ཐོག་ནས་སྤེལ་ན་དགེ་མཚན་ཆེ་བ་མཐོང་། ཁྱེད་ཚོས་བོད་དོན་འདི་དང་པོར་རྒྱལ་སྤྱིའི་བརྒྱུད་ལམ་དུ་བསྒྲགས་དགོས་པ་གལ་ཆེ་དང་། ཡང་ན་བོད་རིགས་ནང་ཁུལ་དུ་བསྒྲགས་་ན་དགེ་མཚན་གང་ཆེར་ཐུགས་བསམ་ངེས་པར་དུ་འཁོར་དགོས། ལྷག་པར་དུ་བོད་རིགས་གསར་ཁང་ཡངས་རྫོགས་གིས་འགན་ཆེ་བཞེས་ཐོག་ནས་བོད་གནས་གསར་འཕྲིན་དག་རྒྱལ་སྤྱི་བརྒྱུད་ལམ་སོ་སོར་གང་འདྲ་སྤེལ་དགོས་ཐུན་མོང་ནས་གོ་བསྡུར་དང་ཡང་ན་ཐུན་མོང་ནས་སྒྲིགས་འཛུགས་ཞིག་བཟོས་ཏེ་ཁྱབས་བསྒྲག་གནང་ན་དགེ་མཚན་གང་ཆེ་གོ་བསྡུར་དང་དཔྱད་བརྗོད་གནང་རོགས། །
རྣ་བར་མི་འགྲོ་ཞེས་པ་དེ་”སྣང་བར་མི་འགྲོ་”ཞེས་འབྲི་དགོས། གོ་དོན་ནི་ཡིད་དུ་མི་འཐད་པའི་དོན་ཡིན། སྐད་ཆ་རྣ་བར་ཐོས་མ་ཐོས་ཀྱི་དོན་མིན་པར། ནང་དོན་ཡིད་ལ་ཐད་མིན་གྱི་དོན་ཡིན་ནོ།།
དཔེ་གཞན་དུ། སྣང་བར་འགྲོ་སོང་ངམ་ཞེས་སྐབས། ཡིད་དུ་འཐད་དམ་ཞེས་པ་མིན་ནམ།
དེང་གིས་དུས་འདིར་ཕན་ཚུན་བསྐྱོན་འདོན་ཁོ་ན་མ་ཡིན་པར་གཉིས་སྨན་གྱི་ཐབས་ལམ་བཙལ་དགོས་པ་འདོད། ལྷག་པར་དུ་ཏང་གི་འཐུས་མི་སུ་གྲགས་པས་བོད་རིགས་ཚོར་ལ་ཡང་ཁག་ཡོད་ཁག་མེད་ཡིན་ངེས་རེད། ཁོང་ཚོར་མིང་གནས་ཙམ་ལས་དོན་དངོས་གོང་ནས་གང་གསུང་སྒྲུབ་མཁན་གྱི་བང་ཆེན་ལྟ་བུ་ཞིག་ཡིན་པར་བསམ་ཤེས་གནང་དགོས་མིན་འགྲོ་་་་་་་་་་་་་་་་་་་་
བོད་པའི་འགོ་ཁྲིད་ཡིན་ཟེར་མཁན་གྱི་རྒྱ་མེད་རྒྱུགས་ཁྱི་དེ་དག་ལ་ངེས་པར་དུ་གཞུང་མང་གཉིས་ཀས་སྐྱོན་བརྗོད་བྱེད་དགོས་ཀྱི་འདུག ཡིན་ན་ཡང་བཀའ་སྤྱི་གཉིས་མཉམ་འབྲེལ་ཐོག་མ་འོངས་པར་སྐབས་བསྟུན་གྱི་ལས་འགུལ་ཅི་སྤེལ་ཐོག་གྲོས་བསྡུར་གནང་རྒྱུ་གསུངས་ཡོད་ལགས་ན།མ་འོངས་པ་དེ་ག་དུས་ཡིན་ནམ།
ད་ཆ་ང་ཚོས་བཙན་བྱོལ་བོད་མི་ཚོས་གདུངས་སེམས་མཉམ་སྐྱེད་ཡོད་ཁུལ་དང། ཆོས་འཕུལ། རྒྱལ་སྤྱིའི་ནང་འབོད་སྐུལ་ཙམ་གྱིས་བོད་ནང་བོད་མིའི་རེ་བསྒུག་ནམ་ཡང་སྒྲུབ་ཐབ་མེད་པས། ལས་འགུལ་གཅིག་དང། འབོད་སྒྲ་གཅིག་འོག་བཙན་བྱོལ་བོད་མི་རྣམས་ཡོད་དོ་ཅོག་ཚང་མས་ཆ་རྐྱེན་གང་ཡང་མེད་པའི་ཐོག་བོད་ལ་ལོག་དགོས་པ་དེ་ཡིན། དེ་མིན་གྱི་ཐབ་ལམ་གང་ཡིན་རུང་ཉི་བསྐྱལ་དང། བོད་ནང་བོད་མིའི་རེ་སྟོང་ཆགས་རྒྱུའི་ཉེན་ཁ་ལས་མ་འདས། དེ་ལྟར་བྱུང་ན་གཞི་ནས་རྒྱ་དམར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མ་གཏང་ཐབ་མེད་ཡོང་རྒྱུ་ཡིན།
བཀའ་བློན་ཁྲི་བས་རྒྱ་ནག་ལ་ལན་གསལ་བོ་ཞིག་བསྐྱོན་འདུག ཐུགས་རྗེ་ཆེ