མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་རྟེན་གྱི་མིག

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༧༢­­­ སྟེང་གི་རྩོམ་སྒྲིག་པའི་གཏམ།

འཛམ་གླིང་ཆུང་དུ་ཕྱིན་འདུག་ཅེས་པའི་སྐད་ཆ་འདི་ནི།  དུས་རབས་ཉེར་གཅིག་པའི་མི་ཀུན་གྱི་ཁ་ནང་ལ་འཕྲེད་དུ་བཟུང་བའི་ཧ་ཅང་དར་སྲོལ་ཆེ་བའི་གཏམ་ཞིག་ཆགས་ཡོད་ལ།  འདིས་ཕྱོགས་ངོས་མང་པོ་ཞིག་ནས་གཅིག་ལ་གཅིག་རྟེན་གྱི་འདུ་ཤེས་ཤུགས་ཆེ་རུ་འགྲོ་བཞིན་པའི་དེང་གི་འཛམ་གླིང་རིལ་མོ་འདིའི་སྤྱི་ཚོགས་ཀྱི་གནས་བབ་གསལ་སྟོན་བྱས་ཡོད། འོན་ཀྱང་། གཅིག་ལ་གཅིག་རྟེན་གྱི་འདུ་ཤེས་དང་གཞན་རྟེན་སྐྱབས་འཚོལ་གྱི་འདུ་ཤེས་གཉིས་ལ་གནམ་སའི་ཧེ་བག་ཡོད་ལ་འཆི་གསོན་གྱི་ཁྱད་པར་ཡོད། 

        འུ་ཅག་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ལ་མཚོན་ན། གཅིག་ལ་གཅིག་རྟེན་ནི་དེ་བས་ཀྱང་གལ་ཆེ་བ་སྨྲ་མི་དགོས་པ་ཞིག་རེད། དེར་བརྟེན། འདས་པའི་མི་ལོ་དྲུག་ཅུའི་རིང་འཛམ་གླིང་གི་རྒྱལ་ཁབ་ཆེ་མ་ཆུང་གསུམ་ཡོངས་ལ་ལག་པ་བརྐྱང་དགོས་སར་ལག་བརྡ་དང་ཞུ་བ་འཐེན་དགོས་སར་ཁ་ལྕེ་གཡུགས་པའི་འབྲས་བུར། ད་ལྟའི་ཆར་བོད་ཀྱི་གནད་དོན་ཀྱང་རྒྱལ་སྤྱིའི་སྲིད་དོན་འབྲེལ་བའི་ཐད། ཆབ་སྲིད་པ་རྣམས་ཀྱིས་ཁ་བརྡར་སའི་གླེང་གཞི་སྙིང་རྗེ་བོ་ཞིག་ཏུ་གྱུར་ཡོད་པ་མ་ཟད།  བོད་མི་བཙན་བྱོལ་བ་ནི་སྟོབས་ལྡན་ཚོས་འབྱོར་བའི་སྤྱིན་གནང་སྩོལ་ས་དང་། འབྱོར་མེད་ཚོས་གཏམ་གྱི་སེམས་གསོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད། 

        ཉེ་བའི་ལོ་འགའི་སྔོན་ནས་བཟུང་དྷ་སའི་འབྲེལ་ལམ་གྱི་སྒོ་མོ་དེ། ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ནས་འབོར་མང་པོའི་རྒྱ་ནག་མི་མང་གི་ཕྱོགས་སུ་སྐོར་མགོ་བརྩམས་ཡོད་ལ། དེ་དང་བསྟུན་ནས་བོད་མི་བཙན་བྱོལ་མང་ཚོགས་ཁྲོད་དུའང་། སྐད་འབོད་གང་ཞིག་བྱས་ན་རྒྱ་མི་རིགས་ལ་ཕོག་འགྲོ་བ་དང་། རྣམ་འགྱུར་ཅི་ཞིག་བསྟན་ན་རྒྱ་མི་རིགས་ལ་གནོད་འགྲོ་བའི་སྐད་མགོ་མཐོ་རུ་འགྲོ་བཞིན་ཡོད།  ཡོད་ཚད་རྒྱ་མི་རིགས་ལ་བསྟུན་ན་བོད་ལ་རང་དབང་ཐོབ་ཐུབ་པར་མ་ངེས་མོད། སོ་སོའི་ཁ་གཏད་མི་རིགས་ཀྱི་མདུན་དུ་འགྲེངས་ཏེ། བདེན་པའི་གནས་ལུགས་བཤད་དགོས་རྒྱུ་དེ་ནི། མི་རིགས་ཤིག་གི་རང་དབང་འཐབ་རྩོད་ཀྱི་འཕེལ་རིམ་ཁྲོད་གོམ་ཁ་ཧ་ཅང་གལ་ཆེན་ཞིག་ཆགས་ཡོད།  

        ཡིན་ནའང་། མེད་པོ་རྒྱུ་ལ་དགའ། གཡོག་པོ་ཐོབ་ལ་དགའ་ཞེས་པའི་དཔེ་ལྟར། དེ་དང་བསྟུན་ནས་འུ་ཅག་བཙན་བྱོལ་བ་ཚོའི་བསམ་བློའི་ནང་།  གནའ་བོའི་ལྷ་ལ་སྐྱབས་སུ་འགྲོ་བའི་འདུ་ཤེས་ཏེ་རིམ་གྱིས་སྟོབས་ལྡན་འབྱོར་ལྡན་དག་ལ་སྐྱབས་སུ་འགྲོ་བའི་སེམས་ཁམས་ཤིག་གི་ངོ་བོར་འབུས་ཏེ། མི་སྒེར་དང་ཁྱིམ་ཚང་རེ་རེའི་ཁ་རྒྱབ་ལྟོ་གོས་ནས་མི་ཚེ་མདུན་ལམ་ཡོད་ཚད་གཞན་རྟེན་ཁོ་ན་བྱེད་པ་མ་ཟད། མི་རིགས་ཤིག་གི་འཐབ་རྩོད་དུ་གྱུར་པའི་རང་དབང་དང་ཐོབ་ཐང་རྣམས་ཀྱང་། ཧ་ལམ་འཛམ་གླིང་འདིའི་སྒང་གི་སྟོབས་ལྡན་དང་འབྱོར་ལྡན་རྒྱལ་ཁབ་དག་གིས་མར་གསོལ་རས་སུ་བསྩལ་དགོས་པ་ལྟ་བུའི་སྣང་བ་ཞིག་ཡོང་གི་ཡོད།

        གལ་སྲིད་མི་རིགས་ཤིག་གི་བསམ་བློའི་འདུ་ཤེས་ཀྱི་རིན་ཐང་ལྟ་བ་དེ། གཞན་རྟེན་སྐྱབས་འཚོལ་གྱི་སེམས་ཁམས་ཤིག་གི་འདམ་རྫབ་ཏུ་ཟགས་ཚེ། མི་རིགས་དེ་ནི་ནམ་ཡང་རང་གི་རྐང་ཁར་སོ་སོའི་གཟུགས་གཞི་འདེགས་མི་ཐུབ་པའི་ནད་གཅོང་ཅན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ངེས་གཏན་རེད།  དེར་བརྟེན།  སོ་སོའི་མི་རིགས་ཀྱི་རྣམ་དཔྱོད་དང་བློས་གཏོང་ལ་བརྟེན་ནས།  སོ་སོའི་ལུང་པའི་རང་དབང་དང་ཐོབ་ཐང་རྩོད་ལེན་བྱ་རྒྱུ་དེ་ང་ཚོའི་མཐའ་མཇུག་གི་ལམ་ཁ་གཅིག་པུ་ཡིན་སྟབས།  ད་ནས་བཟུང་འུ་ཅག་བཙན་བྱོལ་བ་དག་གིས་ཀྱང་། གཞན་རྟེན་མ་ཡིན་པར་རང་སྟོབས་ཀྱིས་འཚོ་བའི་བསམ་བློའི་འདུ་ཤེས་ཀྱི་ཕྱོགས་སུ་བསྒྱུར་དགོས། ལྷག་པར་དུ། ཉེ་ཆར་བཙན་བྱོལ་བ་མང་དག་ཅིག་གིས་གཞན་རྟེན་གྱི་རིན་ཐང་ལྟ་བའི་རྨང་གཞིའི་སྟེང་ནས།  བོད་ནང་གི་འཐབ་རྩོད་ཀྱི་ནུས་པ་དང་གྲུབ་འབྲས་ལ་རིན་ཐང་གཅོད་ཀྱིན་པ་དེ་ནི་ཧ་ཅང་འཇིགས་ཡེར་བའི་བྱ་སྤྱོད་ཅིག་རེད།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese