མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྔོ་སྨོན་མཆོད་འབུལ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེད་ཆེད། བཙན་བྱོལ་བོད་མིའི་གཞིས་སྒར་ཁག་དང་དགོན་སྡེ་ཁག་ཅིག་ཏུ་བསྔོ་སྨོན་མཆོད་འབུལ་གནང་འདུག

ཉེ་ལམ་རྒྱ་ནག་དམར་ཤོག་ཚོགས་ཆེན་ ༡༨ པ་ཚོགས་པའི་སྔ་གཞུག་ཏུ་བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བསྟུད་མར་བྱུང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། ཕྱི་ཚེས་ ༡༢ ཉིན་གྱི་དགོང་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ། དགའ་ལྡན་དགོན་དང་འབྲས་སྤུངས་དགོན་གཙོས་པའི་དགོན་སྡེ་ཁག་གི་དགེ་འདུན་པ་དང་། གཞིས་གྲོང་ཁག་གི་མི་མང་བཅས་མི་ ༦༠༠༠ ལྷག་འདུ་འཛོམས་ཐོག  བོད་ནང་རང་ལུས་མེར་བསྲེཊ་ཀྱིས་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་སྙིང་ལྩཊ་འབུམ་དང་སྙིང་དཀར་བཀྲ་ཤིས་གཉིས་གཙོས། རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་གནང་ཡོད་པ་མ་ཟད། བཞུགས་སྒར་ངྷ་རམ་ས་ལའི་མེག་གྷན་དང་ནོར་གླིང་གནས་སྡོད་བོད་མི་དང་། སྤིར་གཞིས་ཆགས་བཅས་སུའང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་པ་ཡོངས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་དང་མར་མེ་ཁྲོམ་སྐོར་སོགས་གནང་ཡོད་འདུག  

དེ་བཞིན། ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་དགོང་དྲོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་གོ་སྒྲིག་འོག  སེ་ར་ཐེག་ཆེན་གླིང་གི་ཆོས་རའི་ནང་སེ་ར་བྱེས་སྨད་གཉིས་གྱི་བླ་སྤྲུལ་དགེ་བཤེས་དང་དགེ་འདུན་པ་གཙོས། སེར་སྐྱ་མི་མང་ ༤༠༠༠ ལྷག་འདུ་འཛོམས་ཐོག  བོད་ནང་བོད་མི་རིགས་ཀྱི་རང་དབང་དང་བདེན་དོན་ཆེད་རང་ལུས་མེར་བསྲེཊ་གནང་སྟེ། སྐུ་གཤེགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད། མཆོད་མེ་སྟོང་ཚར་དང་བསྔོ་སྨོན་མཆོད་འབུལ་གནང་བ་དང་། གཞན་ཡང་རྒྱ་ནག་གི་བཙན་གནོན་འོག་ལྟོགས་ཤི་ཐེབས་པ་དང་། གཅར་རྡུང་ཚད་མེད་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་བོད་མི་དག་ངན་སོང་ངན་འགྲོའི་གནས་སུ་མི་སྐྱེ་བར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་སླར་ཡང་ཐོབ་སྟེ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་བྱམས་བརྩེ་ཐུགས་རྗེ་གྲིབ་གཟིགས་འོག་སྐུ་གསུང་ཐུགས་གསུམ་གྱི་མཛད་བཟང་ལ་ལོངས་སུ་སྤྱོད་ཐུབ་པ་དང་། ལྷག་པར་དུ་བོད་མི་རིགས་ཀྱི་རང་དབང་དང་རྩ་དོན་གྱི་ཆེད་དུ་རང་ལུས་མེ་ལ་བསྒྲོན་ཏེ། ཞི་བའི་ངོ་རྒོལ་གནང་ཡང་རང་སྲོག་མ་འགགས་པར་ད་ལྟ་སྡུག་བསྔལ་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། དེ་མིན་བཙོན་འོག་ན་མནར་གཅོད་ཀྱི་སྡུག་བསྔལ་ཚད་མེད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་དག་གི་སྡུག་བསྔལ་རྨེག་མེད་རང་སར་ཞུ་སྟེ། རང་ཅག་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུའི་༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ཞལ་གསུང་ལོངས་སུ་སྤྱོད་རྒྱུའི་བསྐལ་བཟང་གི་དུས་ཤིག་མྱུར་དུ་འཆར་རྒྱུ་དང་། བོད་གཞིས་བྱེས་ལྷན་འཛོམས་ཀྱིས་རྒྱལ་ས་ལྷ་སར་རང་དབང་གི་དགའ་སྟོན་གྱི་དཔལ་ལ་མྱུར་དུ་ལོངས་སུ་སྤྱོད་པའི་ཐུགས་སྨོན་སྐྱབས་འཇུག་དང་གསོལ་འདེབས་སྨོན་ལམ་གནང་ཡོད་འདུག

ཁ་སང་དགོང་དྲོ་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་བསྟན་པ་ལགས་གཙོས་དང་བླངས་བོད་མི་ཁག་ཅིག་དང་ས་གནས་གཞོན་ནུ་མཉམ་རུབ་ཐོག རྣམ་རྒྱལ་གྲྭ་ཚང་དང་བཀའ་རྒྱུད་དགོན་པའི་དགེ་འདུན་པ་གཙོས། དེར་ཡོད་བོད་མི་དང་ཕྱི་རྒྱལ་བ་བཅས་མི་ ༥༠༠ ཡས་མས་རྡོ་རྗེ་གདན་གྱི་མཆོད་རྟེན་ནང་རོལ་དུ་འདུ་འཛོམས་ཀྱིས། བོད་ནང་གི་དཔའ་བོ་དཔའ་མོའི་ཆེད་དུ་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་བསྔོ་སྨོན་མཆོད་འབུལ་དང་། མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese