མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རེབ་གོང་བཙན་མོ་རུ་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་གུང་རེབ་གོང་བཙན་མོ་རུ་བུད་མེད་ཏིང་འཛིན་སྒྲོལ་མས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་འདུག

དེ་རིང་ཉིན་གུང་བོད་ནང་ཆུ་ཚོད་ ༡༢ ཡས་མས་ཙམ་ལ།  བོད་མདོ་སྨད་རེབ་གོང་བཙན་མོ་ཞང་མགོ་དགེ་སྡེ་བའི་རང་ལོ་ ༢༣ ཡིན་པའི་ཏིང་འཛིན་སྒྲོལ་མ་ལགས་ཀྱིས།  སྡེ་བའི་འདུ་ཁང་གི་ཆོས་རྭའི་ནང་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་འདུག 

འདི་གར་གནས་ཚུལ་བཏང་འབྱོར་བྱུང་དོན།  རྒྱལ་གཅེས་དཔའ་མོ་ཏིང་འཛིན་སྒྲོལ་མ་ལགས་ཀྱི་ཕའི་མིང་ལ་བུ་ལོ་ཟེར་ཞིང་ལོ་ ༥༠ ཡིན་པ་དང་། མའི་མིང་ལ་བཀྲ་ཤིས་སྒྲོལ་མ་ལོ་ ༤༡ ཡིན་འདུག  རྒྱལ་གཅེས་དཔའ་མོ་ཁོང་གིས་རང་ལུས་མེར་བསྲེགས་བཏང་པ་དུས་ཐོག་ས་གནས་མི་མང་གིས་ཤེས་རྟོགས་བྱུང་ཐུབ་མེད་འདུག 

གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་བརྗོད་པ་ལྟར་ན། རྒྱལ་གཅེས་དཔའ་མོ་ཏིང་འཛིན་སྒྲོལ་མ་ལགས་ཀྱིས། རང་བསྲེགས་མ་བཏང་སྔོན་ལ་ཁོང་མོའི་ལག་ཁྱེར་ཁ་པར་དང་། མཛུབ་དཀྲིས། སྲུང་འཁོར་སོགས་རང་ཁྱིམ་དུ་བཞག་སྟེ།  སྡེ་བའི་འདུ་ཁང་ནང་དུ་སོང་ནས་དུང་བུད་པ་དང་བསང་མཆོད་སོགས་བྱས་རྗེས།  རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག 

དོ་དགོང་ཆུ་ཚོད་ ༡༠ ཐོག་ལ་གཅེས་དཔའ་མོ་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱ་འཆར་གནང་བཞིན་ཡོད་ཀྱང་། རོང་བོ་དགོན་པའི་དགེ་འདུན་པ་རྣམས་བཙན་མོར་བསླེབ་མེད་སྟབས། ད་ལྟའི་ཆར་སྡེ་བའི་ཉེ་འཁྲིས་ཀྱི་སྒྲུབ་སྡེ་གསུམ་གྱི་གཙོས་ས་གནས་མང་ཚོགས་མང་པོ་འདུ་འཛོམས་ཐོག་སྒུག་སྡོད་བྱས་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༣ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༧ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 6

  1. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    ཚང་མས་བསམ་ཚུལ་ཡག་པོ་ཞེ་དྲག་གསུངས་འདུག ཨ་བ་ཨ་མ།

    Reply
  2. འཇམ་གཅེས ། says:
    ལོ་ 14 སྔོན།

    དུག་མདུང་རྩེ་དགུ་ལགས། མདུང་རྩེ་བཏད་ས་མ་ནོར་བ་བྱོས། མི་ངན་ཁྱོད་དང་ཁྱོད་ལྟ་བུ་དག་གིས་འགན་ཁུར་མེད་པའི་དཀྲོགས་གཏམ་བཤད་ཏེ་ནང་ཁུལ་འདུག་བཟོད་མི་བདེ་བ་མ་བཟོ་ཤིག །བོད་རང་བཙན་རྩོད་པ་དེ་ཁྱོད་དང་ང་ཡིས་ཆེད་དུ་རེད་ལ་བོད་མི་ས་ཡ་དྲུག་གི་ཆེད་དུ་ཡང་རེད། དེ་ཙམ་ཡང་མི་ཤེས་ན་བླུན་པོའི་རང་རྟགས་མ་སྟོན་པར་ཁ་སྡུག་ཁ་ཚུམས་ནས་བསྡོད་ཤིག །ངའི་སྨ་བརྗོད་རང་དབང་ལ་མི་ངན་ཁྱོད་ལྟ་བུའི་སྡུག་སྐད་འདོན་མི་དགོས་ལ་སློབ་གསོལ་ཡང་དེ་ལས་མི་དགོས། ལེགས་ཉེས་གང་ཡིན་ཡང་འགན་ཆ་ཚང་སོ་སོའི་ཁུར་ནས་བཤད་ཡོད་པ་ལས་སོ་སོས་དངོས་མིང་ཙམ་ཡང་སྟོན་མ་ཕོད་པར་མིང་བྱང་རྫུན་མ་ཞིག་གིས་འོག་ནས་རྫུན་གཏམ་གང་ཡང་བཤད་མེད། ཐ་མ་དེར་ཁྱེད་ལ་བཤད་རྒྱུ་གཅིག་ཡོད་པ་ནི་ཁྱོད་རང་མ་ཤི་བར་དུ་དུག་མདུང་གིས་རྩེ་མོ་སོ་སོའི་སྙིང་ལ་བསྣུམ་ནས་འདུག་ཤིག་་་་་་་་་དེ་ཙམ་ལས་་སྐྱག་ཁ་མངོག་མི་འདོད།

    Reply
  3. དུག་མདུང་རྩེ་དགུ། says:
    ལོ་ 14 སྔོན།

    འཇམ་གཅེས་ལགས། ཅི་ཡང་མི་ཤེས་ན་ཚུམས་ནས་སྡོད་དང་ཁྱེད་ལྐུགས་པ་རེད་ཞུ་མཁན་མི་འདུག། བོད་རང་བཙན་རྩོད་མཁན་དཔའ་བོ་དཔའ་མོ་དག་ཁྱེད་ལྟ་བུ་ཞིག་གི་ཁ་ལ་ཉན་མཁན་དག་མ་རེད། ཁྱེད་ལ་ཉན་མཁན་ས་ཡ་དྲུག་གི་ཁྲོད་ན་ཅི་ཙམ་ཡོད་པ་ཤེས་ཀི་ཡོད་དམ། གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད།། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག་ཟེར་བའི་གཏམ་དཔེ་དེ་ཉིན་རེར་བརྒྱ་ཚར་རེ་འདོན་རོགས་ལོ། བོད་རང་བཙན་རྩོད་་པ་དེ་ཁྱེད་དང་་ངའི་དོན་དུ་རྩོད་པ་མ་རེད། གངས་ཅན་པའི་མི་རབས་ཚ་རྒྱུད་ཀྱི་ཆེད་དུ་རེད། མདོར་བསྡུས་ན་བོད་མི་རིགས་འཛམ་གླིང་ནས་མ་སྟོང་བའི་ཆེད་དུ་རེད། ཐ་མ་དེར་ཁྱེད་ལ་བཤད་རྒྱུ་གཅིག་ཡོད་པ་ནི་ཁྱི་ཁ་ཚུམས། ཤེས་སོང་ངམ།

    Reply
  4. དུག་མདུང་རྩེ་དགུ། says:
    ལོ་ 14 སྔོན།

    སྐུ་ཞབས་ཀླུ་ལགས། བོད་མདོ་སྨད་ལབ་ན་བོད་དང་མདོ་སྨད་གཞི་གཅིག་ཏུ་སྦྲེལ་བ་མ་མིན་པ་མཁྱེན་རོགས་གནང་། ང་དུས་བབ་ཚང་དང་འབྲེལ་བ་ཅི་ཡང་མེད་མོད་གསར་འགོད་པ་ཚིག་ཚོགས་ལ་འཇིགས་པ་ཤེས་ཀི་ཡོད་པས་ཚིག་ཙམ་ལ་སྐྱོན་བསྐྱོད་མི་གནང་བར་ཞུ། དཔེར་ན་རེབ་གོང་རོང་བོ། མཚོ་སྔོན་མགོ་ལོག། རྒྱ་གར་བྱང་ཕྱོགས་སོགས་ལས་ཤེས་པར་བྱ།

    Reply
  5. ཀླུ། says:
    ལོ་ 14 སྔོན།

    དུས་བབ་ཚང་ལ་
    གོང་གི་གནས་ཚུལ་ནང་”རེབ་གོང་བཙན་མོ་མགོ་དགེ་སྡེ་བའི་” ཞེས་བ་བཙན་མོ་ཞང་མགོ་དགེ་སྡེ་བ་བཅས་ཡིན་པ་རེབ་གོང་ས་གནས་མི་ཞིག་གིས་གསལ་བོ་བརྗོད་བྱུང་།
    བཙན་མོ་སྡེ་བ་དང་མགོ་དགེ་སྡེ་བ་གཉིས་ཁ་ཁ་ཡིན་པ་རེད་འདུག

    Reply
  6. འཇམ་གཅེས ། says:
    ལོ་ 14 སྔོན།

    ངས་ངོ་མ་ཡིན། ད་ནི་བོད་དབང་དང་བཙན་གང་ཡང་མ་ཐོབ་ཀྱང་འདི་ལྟ་བུ་ཡིད་སྐྱོ་དགོས་པའི་གནས་ཚུལ་མ་ཡོང་བ་ཤོག་ཅིག་ངས་སྨོན་ལམ་འདེབས་ངེས་ཡིན། རིགས་མཐུན་དྲ་གྲོགས་ཡངས་ལ་དེ་རིང་ངས་འབོད་བསྐུལ་ཞིག་ཞུ་རྒྱུར། སྤྱི་ལོ་༢༠༠༩ལོ་ནས་ད་བར་དུ་གཞིས་བྱེས་གཉིང་ཀྱིས་ནང་ནང་དུ་རང་ལུས་མེར་བསྲེགས་བཏང་མཁན་གྲོང་འབོར་༨༠ཐམས་པར་ཟིན་ལ་ཉེར་ཡོད། ཡིན་ཡང་བློས་བཏང་ལ་དཔག་ན་རྒྱལ་སྤྱིའི་ནང་དུ་དྲི་བསྒྲགས་འདོད་བློ་ཁེངས་པར་ཞིག་མི་ཡོང་བས་རྒྱུ་མཚན་གང་ཡིན་ང་ཚོས་ངེས་པར་དུ་ཞིབ་འཇུག་མཐུལ་ཕྱིན་པར་ཞིག་གནང་དགོས་པ་ལས་སྐད་འབོད་དང་། གཏམ་བཤད། སྔོན་སྨོན་གཅིག་པུའི་ཆོག་པར་དུས་ནམ་ཡང་འཛིན་མི་རུང་བ་སེམས། ལྷག་པར་དུ་སྐད་ཡིག་འདྲ་མིན་མཁྱེན་མཁན་ཚོས་རང་འགན་རང་ཁུར་ཐོགས་ནས་སྤྱིར་སྤྱོད་དྲ་ལམ་ནམ་ཡང་ན་་facebook.དང་twitter.ཁེའུ་ཁུས་དྲ་བ་བེད་བསྐྱོད་གནང་མཁན་ཚོས་ཨ་རི་གཙོས་པས་སྟོབས་ཆེན་རྒྱལ་ཁབ་དག་གིས་དབུ་ཁྲིད་དང་གྲོས་ཚོགས་འཐུས་མི་སོགས་དང་། དེ་བཞིན་རོ་ཏྲལ་གསར་ཁང་དང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས། སྦིས་སིས་གསར་ཁང་ལ་སོགས་གྲགས་ཅན་གསར་འགྱུར་བརྒྱུད་ལམ་དེ་དག་གིས་དྲ་ལམ་དང་། ངོ་དེབ་ནང་མཆན་གང་མང་སྤེལ་དགོས། མདོ་ན་ཁོང་ཚོར་བློ་བདེ་བག་ཕེལ་ངང་དུ་འཇོག་མི་རུང་། ལྷག་པར་དུ་མཁྱེན་སྤྱན་དང་ལྷག་བསམ་ལྡན་པའི་གཞིས་བཞུགས་སྤུན་ཟླ་ཚོས་ངོས་ནས་ཡང་ཁྱོད་ཚོས་སྤྱན་སྔར་གནས་ཚུལ་ངན་པ་འདི་ལྟ་བུར་བྱུང་སྐབས་ལམ་སེང་པེ་ཅིང་དུ་ཡོད་པས་རྒྱལ་སྤྱིའི་གསར་འགོད་པ་དག་ལ་འགྲེལ་ལམ་བཟོ་ཐབས་གནང་དགོས། རྒྱ་ནག་གིས་རྒྱ་ས་པེ་ཅིང་དུ་མེད་པའི་འཛམ་བུ་གླིང་གིས་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་གང་ཡང་མེད་པས་ངེས་པར་དུ་ཐབས་ཤེས་གནང་དགོས། འདི་ནི་ཆེས་གལ་གནད་ཆེན་པོ་ཆགས་ཡོད། རྒྱུ་མཚན་གང་ལགས་ཞེ་ན། རང་ལུས་མེར་བསྲེགས་ལྟ་བུའི་གནས་ཚུལ་དེ་ཚོ་ཐད་ཀར་ཁོང་ཚོར་གནང་ཐུབ་པ་ཡིན་ན་བོད་ནས་རྒྱལ་གར་དང་དེ་ནས་ཕྱིར་ཕྱོགས་བརྒྱུད་ལམ་དག་ལ་འབྲེལ་བ་བཟོ་ནས་ཨ་བསྐོར་ཡང་བསྐོར་མང་པོ་མི་དགོས་མ་ཟད། གོང་གསར་རྒྱལ་སྤྱིའི་གསར་ཁང་དག་གིས་ཡིད་ཆེས་བཟོ་བར་ཁྱད་པར་ཆེན་པོ་ཡོད་འདུག །གཞན་ཡང་བཙན་བྱོལ་ནང་དུ་ཡོད་པའི་བླ་ཆེན་རྣམ་པར་ཡིན་ན་ཡང་ཆོས་པ་རྣམ་དག་གིས་མཛད་སྤྱོད་མི་གནང་བར་རིགས་ཀྱིས་ཁྲེལ་བས་ལས་འགན་ལ་ཐུགས་བསམ་བཞེས་ཏེ། གོང་གསར་བཞིན་དྲི་བསྒྲགས་ཀྱིས་ཕྱོགས་སུ་ཐུགས་བསྐུར་བཞེས་གནང་ཚེ་ཆོས་དང་མི་མཐུན་པ་ཅིའི་ཕྱིར་ཡིན་ནམ། གལ་སྲིད་ཆོས་དང་མི་མཐུན་པ་ཡིན་ཚེ་༧གོང་ས་ཡིད་བཞིན་ནོར་བུའི་དུས་རྟག་ཏུ་ཆོས་དང་འགལ་བས་ཕྱག་ལས་གནང་གྱི་ཡོད་པར་ཁྱོད་ཚོས་དོན་གྱི་ཁས་བླངས་པ་མ་ཡིན་པས་དེ་ནི་ནམ་རྒྱུན་རྒྱ་གཞུང་གིས་༧གོང་ས་མཆོག་ལ་ཆོས་འབག་གྱོན་པའི་ཆབས་སྲི་པ་ཞེས་ངས་སྨས་ཞུས་དང་གཅིག་མཚུངས་མིན་པར་དབང་ཆེན་རྒྱ་བྱིན་ཡིན་ཡང་སྒྲུབ་མི་ནུས་སོ། བླ་མ་ག་གེ་མོ་དང་། དེ་ཚོས་ཞབས་ཞུ་བ་ག་གེ་མོ་ནས་ངས་དང་ང་ཚོས་རིན་པོ་ཆེ་ནི་ཆོས་ཕྱོགས་ཁོ་ན་མ་གཏོགས་ཆབས་སྲིད་གནང་གི་ཡོད་པ་མ་རེད་བཅས་ངོ་སོ་དང་བཅས་ཏེ་བཤད་པ་ཐོས་ཚེ་སེམས་གཏིང་ནས་ཁྲེལ་དགོད་ཤོར་གྱི་འདུག །དེ་བཞིན་གཞུང་ཞབས་ཟུར་པ་དང་། སྐུ་ཚབས་ཟུར་པ་ཚོ་ཡིན་ནང་ང་ཚོས་ལས་དུས་རྫོགས་ཟིན་པ་ཡིན། ད་ནི་རྡ་སར་བསྒྲིག་འཛུགས་ནས་ག་རེ་བྱས་ན་བྱས་བསམ་པར་མ་གནང་རོགས། མདོར་བསྡུས་ནས་བཤད་ན་བོད་མིའི་མི་རེ་ངོ་རེ་ནས་སྤྱིར་སེམས་མ་བོར་རོགས། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese