མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྷ་རྒྱ་རི་ཁྲི་ཆེན་ཊེ་ཌི་གླེང་སྟེགས་གཏམ་བཤད་པར་བདམས་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་བཙན་པོའི་གདུང་རྒྱུད་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་འདི་ལོའི་ཨ་རིའི་བྷོ་སི་ཊོན་དུ་འཚོགས་ལ་ཉེ་བའི་ཊེ་ཌི་གླེང་སྟེགས་ཀྱི་གཏམ་བཤད་མི་སྣའི་གྲས་སུ་བདམས་ཐོན་བྱུང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ནས་ཉིན་གཉིས་རིང་ཨ་རིའི་བྷོ་སི་ཊོན་(Boston) ནང་གི་ལེན་ཀཱོ་ལན་སློབ་གྲྭ་(Lincoln School) ་རུ།  རྒྱལ་སྤྱིའི་སྟེང་གི་གཏམ་བཤད་གླེང་སྟེགས་སྐད་གྲགས་ཅན་ཊེ་ཌི་(TED) ཡི་ཕུལ་བྱུང་བསམ་བློ་དར་སྤེལ་གྱི་ལྷན་ཚོགས་འཚོགས་ཀྱི་ཡོད་པ་དང་། ལྷན་ཚོགས་དེའི་གླེང་སྟེགས་སྟེང་གཏམ་བཤད་སྤེལ་མཁན་རྣམས་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་གི་ཚན་རིག་པ་དང་ཚོང་ལས་པ། ཇུས་འགོད་པ། རོལ་མོ་བ། གློག་བརྙན་འཁྲབ་ཁྲིད་པ། སྒྱུ་རྩལ་པ། གསར་གཏོད་པ། སྤྱི་ཚོགས་ལས་འགུལ་བ་སོགས།  དེ་བཞིན། ལས་རིགས་དང་སྤྱི་ཚོགས་རྒྱབ་ལྗོངས་འདྲ་མིན་སྣ་ཚོགས་ཐོག་ཤུགས་རྐྱེན་ཡོད་མཁན་དང་དམིགས་བསལ་ཅན་རྐྱང་འདེམས་སྒྲུག་བྱ་བཞིན་ཡོད་པའི་ཁྲོད། རང་ལོ་ ༡༩ སོན་པ་བོད་བཙན་པོའི་གདུང་རྒྱུད་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་བདམས་ཡོད་འདུག

ཐེངས་འདིའི་ཊེ་ཌི་གླེང་སྟེགས་ཀྱི་གཏམ་བཤད་སྤེལ་མཁན་གྱི་ཁྲོད་དུ་སྲིད་འཛིན་ཨོ་བྷ་མའི་གསུང་བཤད་འབྲི་མཁན་ཨ་ཌམ་ཧྥི་རན་ཁེལ་དང་། རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚིགས་སྟངས་འཛིན་ཟུར་པ་ཊོམ་ཧོ་རན། ཕུལ་བྱུང་དམག་འཐབ་གནམ་གྲུའི་ཁ་ལོ་པ་སི་ཁཱོ་ཌི་ཝེ་ལེམ། འཕྲུལ་ཆས་མི་བཟོ་ཇུས་འགོད་པ་ཌ་ནེལ། འགུལ་རིས་གློག་བརྙན་ཆེད་མཁས་པ་བྷེལ་ཤཱི་རེབ་མན། བྱིས་སྒྲུང་རྩོམ་པ་པོ་གྲགས་ཅན་ཇེ་ནེ་སོགས་ཡོད་པ་དང་། “ལག་ལེན་ཁྲོད་ཀྱི་བསམ་ཚུལ” ཞེས་པའི་གླེང་གཞིའི་འོག་ཁོང་ཚོ་རེ་རེ་ནས་གཏམ་བཤད་སྤེལ་རྒྱུ་ཡིན་འདུག

གཏམ་བཤད་སྤེལ་མཁན་རྣམས་ཊེ་ཌི་ཡི་འགན་འཛིན་ལྷན་ཚོགས་དང་འབྲེལ་ཡོད་ཆེད་མཁས་མི་སྣའི་ཚོགས་ཆུང་གིས་འདེམས་སྒྲུག་བྱས་པ་ཞིག་ཡིན་པ་ལྟར། ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་ནི། གཅིག་ནས་བོད་བཙན་པོའི་གདུང་རྒྱུད་ཆགས་ཡོད་པ། གཉིས་ནས་ཁོང་གིས་བཟོ་སྐྲུན་བྱས་པའི་ “ངའི་རྒྱལ་ཁབ་བོད་ཡིན”ཞེས་པའི་གློག་བརྙན་དེར་རྒྱལ་སྤྱིའི་བྱིས་པའི་གློག་བརྙན་དུས་སྟོན་ཐོག་འདེམས་ཐོན་དང་། གཟེངས་རྟགས་མང་པོ་ཞིག་ཐོབ་ཡོད་པ་མ་ཟད། ཁོང་ཨ་རིའི་སློབ་གྲྭ་ཁག་ཏུ་ཆེད་སྐྱོད་ཀྱིས་གློག་བརྙན་གཟིགས་འབུལ་དང་བོད་དོན་གཏམ་བཤད་སྤེལ་ཡོད་ལ། ད་ལོའི་ལོ་སྟོད་དུ་རྒྱལ་སྤྱིའི་གོ་ལ་ཁྱིམ་ཚང་གཅིག་གྱུར་ (Global Family Foundation) གྱིས་ཁོང་རྒྱལ་སྤྱིའི་ན་ཆུང་དབུ་ཁྲིད་ ༣༠ ནང་འདེམས་ཐོན་བྱུང་པ་སོགས་ཀྱི་ཐད་ནས།  དམིགས་བསལ་ངོས་འཛིན་གྱི་ཐོག་ནས་བདམས་པ་ཞིག་ཡིན་འདུག

གསར་འགོད་པས་ཁ་པར་བརྒྱུད་རྒྱུས་ལོན་བྱུང་བ་ལྟར་ན། ཁྲི་ཆེན་ལགས་ཀྱི་གཏམ་བཤད་བརྗོད་གཞི་གཙོ་བོ་ཁོང་རང་ཉིད་ཀྱི་སྐོར་བརྗོད་དགོས་ཀྱི་ཡོད་ཀྱང་། ཁོང་གིས་གླེང་སྟེགས་དེར་རྒྱལ་སྤྱིའི་ནང་ལྟ་མཁན་དང་དོ་སྣང་བྱེད་མཁན་ཧ་ཅང་མང་པོ་ཡོད་སྟབས། སོ་སོའི་སྐོར་བཤད་རྒྱུ་ལས་གོ་སྐབས་དམ་འཛིན་ཐོག་བོད་ཀྱི་གནས་བབ་དང་། ལྷག་པར་དུ་ཛ་དྲག་ཅན་གྱི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་ཡིན་འདུག་ལ། རྒྱ་ནག་གིས་བོད་བཙན་འཛུལ་དང་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པའི་སྐོར་ལ་གློག་བརྙན་ཐུང་ངུ་ཞིག་ཀྱང་གྲ་སྒྲིག་གིས་སྟོན་འཆར་ཡོད་འདུག

ལྷ་རྒྱ་རི་ཁྲི་ཆེན་ལགས་ནི་བོད་པའི་སློབ་ཕྲུག་ཅིག་ཊེ་ཌི་གླེང་སྟེགས་ཀྱི་གཏམ་བཤད་མི་སྣར་བདམས་པ་ཐེངས་དང་པོ་དང་། བོད་པ་ཊེ་ཌི་གླེང་སྟེགས་སུ་གཏམ་བཤད་སྤེལ་མཁན་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད། ༢༠༠༩ ལོར་༸རྒྱལ་བ་ཀརྨ་པ་མཆོག་གླེང་སྟེགས་དེར་འདེམས་ཐོན་གྱིས་ཁོང་ཉིད་༸རྒྱལ་བ་ཀརྨ་པའི་ཡང་སྲིད་དུ་ངོས་འཛིན་བྱེད་སྟངས་སྐོར་ལ་གསུང་བཤད་གནང་པ་དེ་ནི་ཐོག་མ་ཆགས་ཡོད་འདུག

ཊེ་ཌི་ནི་རྒྱལ་སྤྱིའི་སྟེང་སྐད་གྲགས་ཡོད་པའི་རང་དབང་ཅན་གྱི་གླེང་སྟེགས་ཤིག་ཡིན་པ་དང་། དུས་རྒྱུན་རྒྱལ་སྤྱིའི་སྤྱི་ཚོགས་ནང་བསམ་བློ་དང་ཉམས་མྱོང་། གནས་ཚུལ་སོགས་གསར་པ་དང་དམིགས་བསལ་བ་དར་སྤེལ་བྱེད་མཁན་ཞིག་ཡིན་འདུག  ཊེ་ཌི་ཡི་གླེང་སྟེགས་གཏམ་བཤད་དང་ལས་རིམ་གཞན་མང་པོ་ཞིག་སྤེལ་གྱི་ཡོད་པ་དེར། འཛམ་གླིང་གང་ས་ནས་ལྟ་མཁན་འབུམ་ཕྲག་མང་པོ་ཡོང་གི་ཡོད་འདུག་ལ། ཐེངས་འདིའི་གཏམ་བཤད་ཁག་ཀྱང་ཐད་ཀར་ཊེ་ཌི་དྲ་གནས་ནས་ཐད་གཏོང་བྱ་རྒྱུ་ཡིན་འདུག

ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་ནི་བོད་བཙན་པའི་གདུང་རྒྱུད་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་ལགས་ཀྱི་སྲས་ཡིན་ཞིང་།  ཁོང་གི་ཡབ་དགོངས་པ་རྫོགས་རྗེས་ ༢༠༠༤ ལོར་༸གོང་ས་མཆོག་གིས་ཁོང་བཙན་པོའི་གདུང་རྒྱུད་ཀྱི་རྒྱུན་འཛིན་པར་ཁྲི་འདོན་གནང་ཡོད་པ་དང་། ད་ལྟ་ཨ་རིའི་སན་ཨན་ཌི་རེབ་(St. Andrew’s School) སློབ་གྲྭར་སློབ་གཉེར་བྱེད་བཞིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བོད་རིགས་བུད་མེད་བསམ་སྐྱིད་སྒྲོལ་མ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་འདུག པར་འབྲེལ་ཡོད་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་།
Mobile App

སེམས་སྐྱིད་སྒྲོལ་མ་ལགས་སུ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད།

༢༠༢༣/༡༢/༠༨
རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་དབུ་འབྱེད་གནང་།  ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

དབུས་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་སྒོ་འབྱེད་གནང་།

༢༠༢༣/༡༢/༠༨
Advertisement for App

ཡེ་ཤེས་སྡེ་ཆོས་པར་ཁང་གི་གསལ་བསྒྲགས།

༢༠༢༣/༡༢/༠༨
Front Slider

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།

༢༠༢༣/༡༢/༠༧
Mobile App

ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་སྟེང་བོད་དོན་གླེང་སློང་དགོས་པའི་རེ་སྐུལ་ཞུས།

༢༠༢༣/༡༢/༠༦
རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་ཨ་བྷི་ཤེཀ་དྷུ་དྷེ་ཡཱ་ལགས་དང་།གློག་བརྙན་བཟོ་སྐྲུན་པ་རྗེ་པ་ཊེལ་ལགས་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས། དུས་བབ་ཀྱི་པར། ༢༠༢༣།༡༢།༠༧
༸གོང་ས་མཆོག གསར་འགྱུར།

རྒྱ་གར་གྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༣/༡༢/༠༦

མཆན། 6

  1. དེད་དཔོན། says:
    ལོ་ 11 སྔོན།

    བོད་ཀྱི་བཙན་པོ་སླར་ཡང་ཕེབས་སོང་།
    ང་ཡི་མིག་ཆུ་རང་དབང་མེད་པར་ཤོར་སོང་།

    Reply
  2. མཉམ་ཞུགས says:
    ལོ་ 11 སྔོན།

    འདི་ནི་དངོས་གནས་བཀྲ་ཤིས་པའི་གཏམ་བཟང་ཞིག་རེད། ཊེ་ཌི(TED)ཡི་སྡང་ཆའི་ཐོག་གཏམ་བཤད་ཀྱི་གོ་སྐབས་ཐོབ་པ་འདི་ནི་ཁྱོན་ནས་ལས་སླ་བོ་ཞིག་མེད་པ་བོད་མི་རྣམས་ནས་མཁྱེན་དགོས་པ་གལ་ཆེན་པོ་རེད། ལྷ་རྒྱ་རི་ཁྲི་ཆེན་དབང་ཕྱུག་རྣམ་རྒྱལ་ལགས་བོད་བཙན་པོའི་གདུང་རྒྱུད་ཡིན་པ་ཡིན་ཁོབ་ཆོད་འདུག གཏམ་བཤད་ཀྱི་བརྗོད་གཞི་ཡང་འབྲེལ་ཆགས་ཤིང་དོན་ཟབ་ཞིག་འདེམས་འདུག ཁོང་གིས་ཊེ་ཌི(TED)ཡི་ཉན་མཁན་དང་ལྟད་མོ་བ་རྣམས་ཡིད་འགུག་ཐུབ་པ་ཞིག་བྱེད་ཐུབ་པའི་རེ་བ་དང་སྨོན་འདུན་གྲངས་མེད་ཡོད།བཙན་པོའི་གདུང་རྒྱུད་དང་བོད་ཀྱི་བདེན་པ་རྒྱལ་ཅིག

    Reply
  3. ཚྭ་སྒང་ཕོ་ཉ། says:
    ལོ་ 11 སྔོན།

    བོད་བཙན་པོའི་གདུང་རྒྱུད་དངོས་ཀྱི་རང་བཤིས་ལྡན་པའི་ཚོར་སྣང་བྱུང། དངོས་གནས་རེད། མི་སྒེར་གཅིག་གི་སྐོར་བཤད་པ་ལས་བོད་བཙན་པོའི་གདུང་རྒྱུད་དང་འབྲེལ་ནས་བོད་མི་རིགས་ཀྱི་སྐོར་དང་ལྷག་པར་དེང་སྐབས་བོད་ནང་གི་ཛ་དྲག་ཆེ་བའི་སྐོར་རྒྱལ་སྤྱིའི་རང་བཞིན་གྱི་གླེང་སྟེགས་འདི་འདྲའི་སྟེང་གླེང་ཐུབ་ན་དངོས་གནས་ཡག་པོ་རེད། སྙིང་ནས་ཐུགས་རྗེ་ཆེ་ཞུའོ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    གཉའ་ཁྲི་སྲོང་བཙན་གྱི་དུང་རྒྱུད་སླར་ཡང་དར་རྒྱས་ཤོག །

    Reply
  5. ནོར་ཚེ། says:
    ལོ་ 11 སྔོན།

    གོང་གི་གསར་འགྱུར་ནང་བོད་པ་ཊེ་ཌི་གླེང་སྟེགས་སུ་གཏམ་བཤད་སྤེལ་མཁན་ཐེངས་གཉིས་པ་དེ་ཆགས་ཡོད་ཅེས་འཁོད་འདུག་ཀྱང་། ཕྲན་གྱིས་བལྟས་མྱོང་བ་ཞིག་ལ། སེ་ར་ཐེག་ཆེན་གླིང་གི་དགེ་འདུན་པ་ཚན་རིག་སློབ་གཉེར་བ་ཞིག་གིས་ཀྱང་གཏམ་བཤད་གནང་བ་དྲན་གྱི་འདུག དེས་ན་ད་རེས་འདི་གཉིས་པ་མིན་པ་ཐག་གིས་ཆོད།

    Reply
  6. འཇམ་གཅེས ། says:
    ལོ་ 11 སྔོན།

    གསར་འགོད་པས་ཁ་པར་བརྒྱུད་རྒྱུས་ལོན་བྱུང་བ་ལྟར་ན། ཁྲི་ཆེན་ལགས་ཀྱི་གཏམ་བཤད་བརྗོད་གཞི་གཙོ་བོ་ཁོང་རང་ཉིད་ཀྱི་སྐོར་ཡིན་ཡང་། ཁོང་གིས་གླེང་སྟེགས་དེར་རྒྱལ་སྤྱིའི་ནང་ལྟ་མཁན་དང་དོ་སྣང་བྱེད་མཁན་ཧ་ཅང་མང་པོ་ཡོད་སྟབས། སོ་སོའི་སྐོར་བཤད་རྒྱུ་ལས་གོ་སྐབས་དམ་འཛིན་ཐོག་བོད་ཀྱི་གནས་བབ་དང་། ལྷག་པར་དུ་ཛ་དྲག་ཅན་གྱི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་ཡིན་འདུག་ལ། རྒྱ་ནག་གིས་བོད་བཙན་འཛུལ་དང་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པའི་སྐོར་ལ་གློག་བརྙན་ཐུང་ངུ་ཞིག་ཀྱང་གྲ་སྒྲིག་གིས་སྟོན་འཆར་ཡོད་འདུག་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist