མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པུས་བཙུཊ་ཞུ་འབོད་ལ་རྒྱལ་ཚོཊ་ཀྱིས་གསན་བཞེས།

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་མདུན་པུས་བཙུགས་ལས་འགུལ་སྤེལ་མཁན་བོད་མི་བཞིའི་ཞུ་འབོད་ལ། ཁ་སང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་འབྲེལ་ཡོད་དཔོན་རིགས་ནས་གསན་བཞེས་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ མགོ་བཙུགས་ཏེ་ཉིན་ ༣ རིང་སུད་སི་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་སྒོ་འགྲམ་དུ་བོད་མི་བཞིས་པུས་བཙུགས་ཀྱི་ཞུ་འབོད་ལས་འགུལ་ཞིག་སྤེལ་བཞིན་པ་ལྟར།  ཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་འགན་འཛིན་ནེ་ཝི་པེ་ལི་མཆོག་ལས་ཁུངས་སུ་ཕེབས་བཞིན་པ་དང་གདོང་ཐུག་བྱུང་ཡོད་པ་དང་། སྐབས་དེར་བོད་མི་ལས་འགུལ་བ་བཞིས་པུས་མོ་ས་བཙུགས་ཏེ་ངུ་འབོད་ཀྱི་ལམ་ནས་བོད་ནང་གི་བོད་མི་ཚོར་རྒྱབ་སྐྱོར་ཡོང་བའི་ཞུ་འབོད་དང་། དགོས་འདུན་དོན་ཚན་ ༤ ཅན་གྱི་སྙན་ཞུ་ཡི་གེ་དེ་དངོས་སུ་ཁོང་གི་ཕྱག་ལ་ཕུལ་ཡོད་འདུག 

དེ་བཞིན། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ནེ་ཝི་པེ་ལི་མཆོག་གིས་ཀྱང་། ཁོང་གིས་ལས་བྱེད་བཏང་སྟེ་བོད་མི་ལས་འགུལ་བ་ཚོའི་བདེ་སྡུག་སྙན་ཞུར་ཉན་རྒྱུའི་ཞལ་བཞེས་གནང་བ་ལྟར།  བོད་མི་ལས་འགུལ་ཚོ་རྒྱལ་ཚོགས་ལས་ཁུངས་ནང་མི་མང་སྤྱི་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ (Chief Civil Society of the High commissioner for Human Rights) གི་དབུ་འཛིན་ཇོན་རཱའེ་ (June RAY) མཆོག་དང་དངོས་སུ་ཐུག་འཕྲད་ཀྱིས།  བོད་མི་ལས་འགུལ་བ་བཞིས་ཕུལ་བའི་སྙན་ཞུ་ལ་གསན་བཞེས་གནང་ཡོད་པ་མ་ཟད།  དབུ་འཛིན་མཆོག་ནས་བཀའ་ལན་གནང་གི་ཡིན་པའི་ཞལ་བཞེས་ཀྱང་གནང་ཡོད་འདུག

རྒྱལ་ཚོགས་མདུན་པུས་བཙུགས་ཞུ་འབོད་ཀྱི་ལས་འགུལ་སྤེལ་མཁན་བོད་མི་བཞི་ནི། མཁར་ནང་འཕགས་པ་དང་། ཐར་ཤུལ་བསོད་གྲགས། སེར་ཤུལ་ཨུ་རྒྱན་ཚེ་རིང་། འཇིགས་བྲལ་བསྟན་འཛིན་བཞི་ཡིན་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༠ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 8

  1. མི་རྒོད། says:
    ལོ་ 14 སྔོན།

    འཇིགས་འབྲལ་བསྟན་འཛིན་ལགས་གསུངས་ལ་ཉན་དང་། འདྲ་པར་དགོས་པ་དེ་ཨ་འདིར་བཀོད་མི་འདུག་དུས་བབ་ཚང་ཅི་རེད། འདྲ་འབུ་ཚོ་ཅི་འདྲ་རེད།
    བདེན་པ་ཉིན་མྱུར་དུ་རྒྱལ་གྱུང་ཅིག།།།།།

    Reply
  2. རིག་རྒྱམ། says:
    ལོ་ 14 སྔོན།

    དཔའ་མཛངས་དང་ཤེས་རབ་ལ་ཡིད་རང་ལན་བརྒྱར་ཞུ། བདེན་ཉིད་རྣམ་པར་རྒྱལ་གྱུར་ཅིག །

    Reply
  3. ཤག་སྒང་པ། says:
    ལོ་ 14 སྔོན།

    ཐབས་ལ་མཁས་ན་ཆེན་པོ་ཡང་་་་་་་་

    ཤིན་ཏུ་ལེགས།

    ང་ཚོ་འགུལ་སྟངས་འདི་རང་རེད་དོ།།

    ཐུགས་རྗེ་ཆེའོ།།

    Reply
  4. མི་ཆུང་། says:
    ལོ་ 14 སྔོན།

    ཐུགས་རྗེ་ལན་བརྒྱར་ཆེ་ཞུ། མི་རྐྱང་ཧྲེང་པོ་བཞིས། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་ལས་ཤུགས་ཆེ་བ་ཞིག་སྤེལ་ཡོད། ཐབས་ལ་མཁས་ན་ག་རེ་ཡིན་ནའང་འགྲུབ་སྲིད་པ་ཞིག་རེད།

    Reply
  5. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    http://www.tibetswiss.ch ཟེར་བའི་དྲ་རྒྱའི་ནང་གཟིགས་རོགས། དེ་གར་གནས་ཚུལ་ཆ་ཚང་ཡོད་པ་རེད།

    Reply
  6. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    གོང་དུ་རྒྱ་གར་བ་འདྲ་པོ་ཞིག་ང་ཚོ་དང་ཐུག་བཞིན་ཡོད་པ་དེ་ང་ཚོ་ལས་ཁུངས་སུ་སྐད་གཏོང་བར་ཡོང་མཁན་གྱི་ལས་བྱེད་ཅིག་རེད། ང་ཚོས་སྙན་ཞུ་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ནེ་ཝི་པེ་ལེ་མཆོག་མོ་ཀྲ་ཡར་ལས་ཁུང་དུ་འགྲོ་སྐབས་སྒོ་ཆེན་མདུན་ནས་མོ་ཀྲའི་འགྲམ་དུ་པུས་མོ་སར་བཙུགས་ཏེ་མོ་རང་གི་ལག་ཏུ་དངོས་སུ་ཕུལ་བ་ཡིན། དེ་རྗེས་མོ་རང་གི་ལས་བྱེད་གཅིག་ང་ཚོ་ཡར་ལས་ཁུངས་སྐད་གཏོང་བར་ཡོང་བ་དེའི་དཔར་དེ་བཀོད་འདུག མོ་རང་ལ་དངོས་སུ་འབུལ་བཞིན་པའི་དཔར་བཀོད་མི་འདུག

    Reply
  7. མི་རྒོད། says:
    ལོ་ 14 སྔོན།

    ཞལ་བཞེས་གནང་སོང་ཞེས་པ་འདས་པའི་ནང་མང་པོ་བྱུང་ཡོད་པ་རེད། བོད་མིའི་ནོར་ས་འདི་ཡིད་ཆེས་མགྱོགས་དྲགཛ་ནས་ནོར་ཡོད་པ་དང་། སྔ་མོ་ཡང་བོད་མ་ཤོར་གོང་དབྱིན་ཇི་དང་། ཨ་རི། རྒྱ་གར་སོགས་ལོ་རྒྱུས་སུ་ཕྱི་བལྟས་གནང་དགོས། ད་ལྟ་ཁོ་ཚོས་ཁེ་ཚོང་ཆེད་བེད་སྤྱོད་པ་ལྟ་བུ་རེད། ལས་འགུལ་བ་ནས་ད་དུང་གནོན་ཤུགས་འབོད་བསྐུལ་མུ་འཐུད་གནང་གལ་ཆེ་ལ། ཁྱེད་རྣམས་པས་དངུལ་ལོར་ཡ་བ་དོར་ནས་ལས་འགུལ་མཉམ་བསྐྱེད་གནང་བ་གུས་འདུད་ཡོད།
    བོད་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།།།།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    འདིར་གཟིགས་དང་། ལས་འགུལ་སྤེལ་ན། སྒྲུབ་འབྲས་ད་ལྟ་རང་ཡོད་པས་མ་ཁྱབ་ཀྱང་། སྒྲུབ་འབྲས་ཅིག་འོང་བའི་ཁྱབ་པ་རེད་མི་འདུག་གམ། ལགས། ལས་འགུལ་པ་བཞི་པོ་རྒྱལ་འགྱུར་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese