མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཤེས་རིཊ་ཀྱི་སློབ་ཡོན་ད་ཡོད་གྲངས་འབོར་ལས་བརྒྱ་ཆའི་ ༥༠ སྤར་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་ལས་ཁུངས་ཀྱིས་མ་འོངས་པར་བོད་པའི་སློབ་ཕྲུག་ཚོར། དགའ་ལྡན་ཕོ་བྲང་ལེགས་གསོལ་བྱ་དགའ་དང་སྲིད་སྐྱོང་སློབ་ཡོན། སྲིད་སྐྱོང་གཟེངས་བསྟོད། ལེགས་གསོལ་བྱ་དགའ། ཉམ་ཐག་ཆེད་དམིགས་བསལ་སློབ་ཡོན་བཅས་སྡེ་ཚན་མི་འདྲ་བ་དྲུག་གི་ཐོག་སློབ་ཡོན་སྤྲོད་འཆར་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༢།༠༠ སྟེང་། དབུས་བོད་མིའི་སྒྲིག་འཛུཊ་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ། ཤེས་རིག་དྲུང་འཕར་སྟོབས་རྒྱལ་ཚེ་རིང་དང་ཟུང་དྲུང་འཆི་མེད་ཚེ་དབྱངས། དྲུང་གཞོན་སྐལ་བཟང་རིན་ཆེན་གསུམ་དབུ་བཞུགས་ཐོག  ཤེས་རིག་ལས་ཁུངས་ཀྱིས་མ་འོངས་སློབ་ཡོན་སྤྲོད་ཕྱོགས་ཐད་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་ལ། གསར་འགོད་ལྷན་ཚོགས་ཐོག་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་གསར་འགོད་པ་བཅས་མཉམ་ཞུགས་གནང་ཡོད།

གསར་འགོད་གསལ་བསྒྲགས་ཐོག་ཤེས་རིག་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས། ཤེས་རིག་ལས་ཁུངས་ཀྱིས་མ་འོངས་མཐོ་སློབ་འགྲིམས་མཁན་གྱི་སློབ་མར་སློབ་ཡོན་སྤྲོད་ཕྱོགས་ཐད། སློབ་མའི་གྲངས་འབོར་དང་དངུལ་འབོར་སྤར་ཆ་བྱུང་བ་ཁག་དང་། སློབ་ཡོན་སྤྲོད་ཕྱོགས་ཀྱི་འཆར་གཞི་གསར་བ་ཁག་བཅས་དོན་ཚན་དྲུག་ཅན་གྱི་གསལ་བསྒྲགས་ཤིག་སྒྲོག་སྦྱོང་གནང་སོང་ལ། དེའི་ནང་དང་པོ། དགའ་ལྡན་ཕོ་བྲང་ལེགས་གསོལ་བྱ་དགའ། ཤེས་རིག་ལས་ཁུངས་ནས་མཚན་སྙན་ཆེ་བའི་བྱ་དགའ་འདིའི་དངུལ་འབོར་དང་སློབ་ཕྲུག་ཁ་གྲངས་གཉིས་ཀར་སྤར་ཆ་གནང་ཡོད། ཁྱོན་བསྡོམས་སློབ་ཕྲུག་དགུ་ལ་བྱ་དགའ་བསྩལ་རྒྱུ་དང་།  དེའང་ཚན་རིག་དང་སྒྱུ་རྩལ། ཚོང་རིག་བཅས་སྡེ་ཚན་གསུམ་སོ་སོའི་ཨང་དང་པོ་དང་གཉིས་པ། གསུམ་པ་སོ་སོར་རིམ་པ་ལྟར་ཧིན་སྒོར་ཉིས་ཁྲི་ (༢༠༠༠༠) དང་། ཧིན་སྒོར་ཆིག་ཁྲི་ལྔ་སྟོང་(༡༥༠༠༠)། ཧིན་སྒོར་ཆིག་ཁྲི་ (༡༠༠༠༠)རེ་བཅས་གནང་རྒྱུ།

གཉིས་པ། སྲིད་སྐྱོང་སློབ་ཡོན། སློབ་ཡོན་གསར་པ་འདིའི་དགོས་དམིགས་སློབ་ཕྲུག་ཚོས་སློབ་སྦྱོང་ལ་བརྩོན་འགྲུས་གོང་སྤེལ་དང་། རྒྱལ་ཡོངས་རྒྱུགས་སྤྲོད་སྐབས་གྲུབ་འབྲས་ལེགས་པོ་ཡོང་བའི་ཆེད་དུ་ཡིན། འཛིན་རིམ་ ༡༢ ཀྱི་རྒྱལ་ཡོངས་རྒྱུགས་སྤྲོད་མཐའ་མའི་སྐབས་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ཡན་ལོན་མཁན་ཚང་མར་སྲིད་སྐྱོང་སློབ་ཡོན་ཧིན་སྒོར་འབུམ་གཅིག་ (༡༠༠༠༠༠) རེ་གནང་རྒྱུ།  གསུམ་པ། སྲིད་སྐྱོང་གཟེངས་བསྟོད། རིགས་གཅིག་རྐང་འཛིན་གྱི་འབུམ་རམས་པ་ (Ph. D) བསླབ་པ་མཐར་སོན་རིགས་ལ། སྲིད་སྐྱོང་གཟེངས་བསྟོད་ལག་འཁྱེར་དང་ཧིན་སྒོར་ཉིས་ཁྲི་ (༢༠༠༠༠) རེ་གནང་རྒྱུ།

བཞི་བ། མཐའ་མའི་རྒྱལ་ཡོངས་རྒྱུགས་སྤྲོད་ནང་བརྒྱ་ཆ་མཐོ་བ་ཐོབ་མཁན་ཚོར་སློབ་ཡོན་མང་བ་འཐོབ་རྒྱུ། ད་ལྟའི་ཆར་བརྒྱ་ཆ་མཐོ་དམའ་ལ་མ་ལྟོས་པར་སློབ་ཡོན་ཐོབ་པའི་སློབ་ཕྲུག་ཚང་མར་སློབ་ཡོན་དངུལ་འབབ་གཅིག་མཚུངས་ཐོབ་ཀྱི་ཡོད། དཔེར་ན་བརྒྱ་ཆ་དྲུག་ཅུ་ལོན་པ་དང་བརྒྱ་ཆ་བརྒྱད་ཅུ་ལོན་པ་ལ་དབྱེ་བ་མེད་པ་ལྟ་བུ་ཡིན། འོན་ཀྱང་འཆར་གཞི་གསར་བ་འདིའི་འོག་སློབ་ཕྲུག་ཚོར་རྒྱལ་ཡོངས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཀྱི་བརྒྱ་ཆ་ལ་གཞིགས་ཏེ་ལོ་རེར་སློབ་ཡོན་སྒོར་སུམ་ཁྲི་ལྔ་སྟོང་(༣༥༠༠༠)ནས་སྒོར་འབུམ་གཅིག་(༡༠༠༠༠༠)བར་གནང་རྒྱུ།

ལྔ་བ། ལེགས་གསོལ་བྱ་དགའ། མཐོ་རིམ་སློབ་སྦྱོང་ཆེད་ཤེས་རིག་ལས་ཁུངས་ནས་སློབ་ཡོན་ལེན་མུས་ཀྱི་སློབ་ཕྲུག་གང་ཞིག་ནས། སློབ་ཡུན་གྱི་ལོ་སོ་སོའི་ཡིག་རྒྱུགས་སྐབས་བརྒྱ་ཆ་ ༧༥  ཡན་ལོན་ན། རྒྱུན་ལྡན་སློབ་ཡོན་གྱི་ཐོག་ལེགས་གསོལ་སྒོར་ཁྲི་གཅིག་ ༡༠༠༠༠ རེ་འཕར་མ་གནང་རྒྱུ།  དྲུག་པ། ཉམ་ཐག་ཆེད་དམིགས་བསལ་སློབ་ཡོན། དབུས་བོད་མིའི་སྒྲིག་འཛུགས་ནས་ཞིབ་འཇུག་གིས་ཉམ་ཐག་ཨང་རྟགས་ཅན་གྱི་ཁྱིམ་ཚང་གི་བུ་ཕྲུག་ཚོའི་ཆེད་དུ་སློབ་ཡོན་འདི་གསར་གཏོད་གནང་བ་ཡིན། འདིའི་དམིགས་ཡུལ་ཁྱིམ་ཚང་ཉམ་ཐག་གི་བུ་ཕྲུག་མཐོ་རིམ་སློབ་སྦྱོང་མཐར་འཁྱོལ་ཐབས་ལ་རམ་འདེགས་བརྒྱུད་དེ། རིམ་བཞིན་ཁྱིམ་ཚང་དེ་ཉིད་ཉམ་ཐག་གི་གནས་ལས་སྒྲོལ་ཐབས་བྱ་རྒྱུ་དེ་ཡིན། འཛིན་རིམ་ ༡༢ ཀྱི་རྒྱལ་ཡོངས་རྒྱུགས་སྤྲོད་ནང་བརྒྱ་ཆ་ ༤༠ ལོན་པའི་ཉམ་ཐག་ཁོངས་གཏོགས་ཀྱི་སློབ་ཕྲུག་ཚོར་དམིགས་བསལ་སློབ་ཡོན་འདིའི་ཆེད་སྙན་འབུལ་གྱི་གོ་སྐབས་གནང་རྒྱུ་ཡིན། ཞེས་འཁོད་འདུག

བོད་མིའི་སྒྲིག་འཛུཊ་ཤེས་རིག་ལས་ཁུངས་ཀྱིས་སློབ་མའི་སློབ་ཡོན་གྲངས་འབོར་དང་དངུལ་འབོར་སྤར་བ་དང་། སློབ་ཡོན་སྤྲོད་ཕྱོགས་ཀྱི་སྡེ་ཚན་གསར་གཏོད་བྱ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་པའི་སློབ་མ་ཚོའི་སློབ་སྦྱོང་ཡར་རྒྱས་གཏོང་རྒྱུ་ཁོ་ན་མིན་པར། འབྱུར་འགྱུར་མཁས་པ་དང་རིགས་གཅིག་རྐང་འཛིན་མང་ཙམ་སྐྱེད་སྲིང་བྱ་རྒྱུ་དང་། དེ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ནང་མགོ་ཁྲིད་པ་དང་མིའི་ནུས་ཤུགས་དང་འཇོན་ཐང་གོང་འཕེལ་དུ་གཏོང་རྒྱུ། སློབ་ཕྲུག་ཚོའི་སློབ་སྦྱོང་ལ་སྐུལ་མ་དང་འབད་བརྩོན་གྱི་གྲུབ་འབྲས་ལ་ལེགས་གསོལ། འབྱོར་འཁོས་ཞན་པའི་སློབ་ཕྲུག་དང་ཁྱིམ་ཚང་བཅས་ལ་རོགས་འདེགས་ལ་དམིགས་པ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་༸གོང་ས་མཆོག་གི་ཐུགས་དགོངས་བསྐོངས་ཐབས་དང་། བཀའ་ཤག་སྐབས་ ༡༤ པས་ཤེས་ཡོན་གལ་ཆེན་དུ་བཟུང་བའི་སྲིད་བྱུས་ལག་བསྟར་བྱ་ཆེད་ཡིན་འདུག་ལ། སློབ་ཡོན་འཆར་གཞི་གསར་བ་འདིས་ད་ཡོད་སློབ་ཡོན་གྲངས་འབོར་གྱི་བརྒྱ་ཆ་ ༥༠ ལྷག་སྤར་ཆ་ཞུས་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་སློབ་ཡོན་ཇེ་མང་དུ་གཏོང་ཐབས་བྱ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 6

  1. མི་རྒོད། says:
    ལོ་ 11 སྔོན།

    བོད་མིའི་སྲིད་སྐྱོང་མཆོག་ནས་རང་རིག་གཞུང་གཅེས་འཛིན་ཆེད་ཕྱག་ལས་ཚག་ཚག་འུར་འུར་གནང་བ་མི་མཐོང་ལག་ཟིན་འདུག་པས་ངས་རང་གི་དབུ་ཁྲིད་རྣམས་ལ་གུས་འདུད་ཞུ་རྒྱུ་མ་ཟད་མ་འོངས་དུས་ཚོད་གཉན་ཕྲང་ཅན་ནང་བོད་མིའི་དབུ་ཁྲིད་རྣམས་སྐུ་ཁམས་བཟང་ལ་ཕུགས་བསམ་ལྷུན་སྒྲུབ་ཡོང་བའི་མཆོག་གསུམ་སྨོན་འདེབ་ཡང་ཞུ་རྒྱུ་ཡིན། ད་ང་ཚོ་རིག་གཞུང་ཡར་རྒྱས་ཆེད་ཐབས་དང་རིག་པ་མང་ཙམ་དགོས་པ་བོད་རྒྱུད་ནང་པའི་སྙིགས་དུས་སྟོན་པ་༧ གོང་ས་བླ་ན་མེད་པས་གསུངས་ཡོད། མི་འགའ་རེ་རང་གི་བུ་ཕྲུག་ལ་དབྱིན་སྐད་ཁོ་ནར་མཐའ་སྦྱོང་བྱས་ནས་ར་མ་ལུག་བཟོ་བ་ནི་མི རིགས་འདི་ཉམས་གུད་རྟགས་ཡིན་པས་སླར་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་དང་དབུ་ཁྲིད་རྣམས་སུ་བཀྲིན་སྙིང་དབུས་ནས་ཆེ་ཞུ་རྒྱུ་ཡིན། བོད་ནང་ལུས་སེམས་མཆོད་མེ་སྒྲོན་པ་ནི་བློ་ཡུལ་དུ་མི་ཕྱུར་བའི་བོད་མིའི་འཐབ་རྩོད་དང་། ལོ་རྒྱུས་ནང་འབྱུང་རབས་གསར་པ་ཞིག་ཆགས་རྒྱུ་རེད། བཙན་བྱོལ་རང་མི་རིགས་ངོ་བོ་སྲུང་སྐྱོབ་གནང་རྒྱུ་ང་ཚོའི་འོས་འགན་ཡིན་པས་ཀླད་ཆུང་ལྐུག་རྟགས་དང་དངུལ་དམར་ག་བཟོའི་ནང་མི་འགས་སྐྱོན་བརྗོད་བྱེད་མཁན་ཡོད་པས་དེ་ནི་མི་རིགས་འདི་ལ་བསམ་བློ་གཏིང་ཟབ་བསྐྱེད་པ་གཏན་ནས་མིན། ལར་ཡང་སྲིད་སྐྱོང་མཆོག་ནི་དེང་དུས་བོད་མི་མི་རབས་གསར་པ་ནང་ཆེད་ལས་མཁས་དབང་འགའ་རེ་ནང་གི་གཅིག་ཡིན་པས་ཁོང་ལ་ཐོས་བསམ་གྱིས་ནུས་པ་ཧ་ཅང་མཐོ་པོ་ཡོད། དེ་བོད་མིའི་དོན་དུ་སྤུང་པ་ཡིད་ནས་བསྔགས་བརྗོད་ཞུ་འོས་རེད། ཁོང་རང་དོན་རང་གཅེས་ལས་ལ་འབད་མཁན་ཞིག་ཡིན་ཚེ་དེ་ནི་སྐད་ཅིག་ཙམ་ལ་དངུལ་དམར་མང་པོ་བཟོ་ཐུབ་པའི་ནུས་པ་ཡོད་རེད། ཁོང་དང་འདྲ་བ་བོད་མི་ནུབ་ཕྱོགས་ལུང་པར་ཡོད་ཀྱང་དེ་རྣམས་ད་ལྟ་སོ་སོའི་ལྟོ་གོས་ཙམ་དང་། བོད་དོན ་འགའ་རེ་ཙམ་ཁུལ་ལས་རང་གི་སྐེ་མཇིང་སྟེང་ལས་འགན་ལྕིད་མོ་གནང་གི་མེད་པ་རེད། གང་ལ་ཟེར་ན་འདི་ལས་སླ་བའི་བྱ་བ་ཞིག་མེད་པ་བདེན་མཐོང་ཟིན་པས་རེད། མཐར་དོན་བོད་རྒྱུད་ནང་བསྟན་༧ སྟོན་པ་འཕགས་མཆོག་སྙིང་རྗེ་ཆེན་པོ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་མིའི་དབུ་ཁྲིད་རྣམས་བསམ་མདུན་གངས་ཆུ་ལྟར་སྒྲུབ་ནས་བདེན་པ་ཉིད་ལས་རྣམ་པར་མྱུར་ཏུ་རྒྱལ་བ་ཤོག་ཞེས་་་་མཆོག་གསུམ་གསོལ་འདེབ་ཡང་ཡང་ཞུ་འོས་བཅས་་་་་་་བོད་བདེན་པ་ཉིད་རྒྱལ་ལོ།།།།།

    Reply
  2. མི་ཉག་བཙན་པོ says:
    ལོ་ 11 སྔོན།

    སྲིད་སྐྱོང་མཆོག་གིས་གནང་བའི་་ཕྱག་ལས་དེ་དག་ལ་ཡི་རང་དང་ངག་བརྗོད་ཡོད་ཅེས་ཞུ་རྒྒུ་དང་ཐུགས་རྗེ་ཆེ་ལགས་ཞུ་རྒྱུ་ཡིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འཛམ་གླིང་ཤེས་ཡོན་སྡེ་ཚན་ཡོད་ཚན་གྱིས་ལམ་ལུགས་དང་ཁྲིམས་སྲོལ་དང་མཐུན་པའི་ལེགས་བྱས་ཤིང་རེད་ལ།་སློབ་ཕྲུག་གི་ཤེས་ཡོན་ཡར་རྒྱས་ཡོང་ཆེད་རྒྱུགས་སྤྲོད་ཀྱི་ལམ་སྲོལ་བྱུང་བ་དང་དེ་ཙམ་གྱི་མི་ཆོག་པར་གྲུབ་འབྲས་ཡག་ཉེས་འབྱེད་བྱས་ནས་རྩེ་ཕུད་རྣམས་ལ་བྱ་དགའ་གསོལ་རས་གནང་བའི་ལུགས་སྲོལ་བྱུང་བ་རེད།་ཤེས་ཡོན་ཡག་པོ་ཡོད་མཁན་སློབ་ཕྲུག་གསོ་སྐྱོང་དང་སྐྱེད་སྲིང་གནང་དགོས་ན་ཤེས་ཡོན་ཡག་པོ་རྣམས་རྒྱུགས་འབྲས་བརྒྱུད་གདམས་རྒྱུ་ལས་ཐབས་ལམ་གཞན་མེད་དོན

    Reply
  3. Dawai Shonu says:
    ལོ་ 11 སྔོན།

    སྲིད་སྐྱོང་མཆོག

    ཡིག་རྒྱུགས་ཀྱི་གྲུབ་འབྲས་རྒྱ་ཆ་ཁོ་ནར་མཐོང་ཆེན་གནང་བ་ནི་ནོར་འཁྲུལ་ཆེན་པོ་ཡིན། ཁྱེད་ཀྱི་དེ་འདྲ་གནང་བ་གསར་གཏོང་རེད་མོད་ཀྱང་ཕན་འབྲས་མེད་པའི་གསར་གཏོད་ཙིག་རེད་ལགས། གང་ལ་ཞེ་ན། ཡིག་རྒྱུགས་གྲུབ་འབྲས་ག་ཚོད་ལེགས་ཀྱང་ཤེས་ཡོན་གྱི་གཏིང་ཚད་མེད་ན་སློབ་གྲྭ་ཐོན་རྗེས་དམིགས་གསལ་ཟེངས་སུ་ཐོན་པ་ཞིག་བྱེད་མི་ཐུབ། ཁོང་ཚོས་བྱེད་ཐུབ་རྒྱུ་ནི་ལས་ཁུངས་ཞིག་ནང་དྲུང་ཡིག་དང་རྩིས་པའི་ལས་ཀ་རེད། དྲུང་ཡིག་རྩིས་པ་ནི་སུས་ཀྱང་བྱེད་ཐུབ་ལ་དེ་ལ་རྒྱ་ཆ་་༩༠་ལོན་དགོས་དོན་མེད། འོ་ན་ག་རེ་བྱེད་དགོས་ཞེ་ན། ང་རང་ཚོའི་སྤྱིད་ཚོགས་ནང་ཆེས་ཤིན་ཏུ་དཀོན་པ་དང་ནམ་རྒྱུན་བོད་ཕྲུག་ཚོས་བྱེད་མི་འདོད་པའི་སློབ་སྦྱོང་དཀའ་བའི་རིགས་དཔེར་ན། ཚན་རིག་གི་སློབ་སྦྱོང་བཟོ་བསྐྲུན་རིག་པ། རྫས་སྦྱོར་རིག་པ། ཨང་རྩིས། སྨན་པ། དེ་བཞིན་རྒྱུ་རྩལ་གྱི་སློབ་སྦྱོང་ལ་ཆ་རྐྱེན་དང་སློབ་ཡོན་ཚད་ཐོ་བོ་གནང་དགོས་པ་རེད། ཁོང་ཚོར་སེམས་ཤུགས་སྤྲོད་དགོས་པ་རེད། དེ་ལྟར་བྱས་ན་ཕན་ཐོགས། དེ་མིན་གཞན་རྣམ་དབྱེ་དང་པོ་རེད། བྱེད་ཀྱི་ཡོད་ལབ་ཡས་ཙམ་རེད།།

    Reply
  4. དོན་འགྲུབ་ says:
    ལོ་ 11 སྔོན།

    ༄༅། བོད་མིའི་བསྒྲིགས་འཛུགས་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་རྣམས་ལ་བཟང་ཕྱོགས་ཀྱི་བརྒྱུད་བསྐུལ་དང་བརྩོན་པ་ཧུར་བསྐྱེད་ཀྱི་ལམ་ནས་མཁས་པ་དང་རིག་གཅིག་རྐང་འཛིན་ཇི་མང་སྐྱེད་སྲིང་ལ་དམིགས་ཏེ་སློབ་ཡོན་གནང་ཕྱོགས་གསར་གཏོད་གནང་བ་འདིས་དངོས་གནས་སེམས་འགུལ་ཞིག་འཐེབ་རེ་འདུག
    ལེགས་གསོལ་བྱ་དགའ། མཐོ་རིམ་སློབ་སྦྱོང་ཆེད་ཤེས་རིག་ལས་ཁུངས་ནས་སློབ་ཡོན་ལེན་མུས་ཀྱི་སློབ་ཕྲུག་གང་ཞིག་ནས། སློབ་ཡུན་གྱི་ལོ་སོ་སོའི་ཡིག་རྒྱུགས་སྐབས་བརྒྱ་ཆ་ ༧༥ ཡན་ལོན་ན། རྒྱུན་ལྡན་སློབ་ཡོན་གྱི་ཐོག་ལེགས་གསོལ་སྒོར་ཁྲི་གཅིག་ ༡༠༠༠༠ རེ་འཕར་མ་གནང་རྒྱུ། ཞེས་འདུག་པ་ཤེས་རིག་ལས་ཁུངས་ནས་སློབ་ཡོན་མ་ཐོབ་པ་རང་ངོས་ནས་འགྲོ་སོང་བཏང་སྟེ་སློབ་སྦྱོང་བྱེད་བཞིན་པ་དང། ཁུངས་གཞན་ནས་སློབ་ཡོན་འཐོབ་ནས་སློབ་སྦྱོང་བྱེད་བཞིན་པ་རྣམས་ཀྱང་བརྒྱ་ཆ་ ༧༥་ཡན་ལོན་ན་ལེགས་གསོལ་བྱ་དགའ་སྤྱི་མཚུངས་གནང་དགོས་ངེས་ཞིག་འདུག

    Reply
  5. འཇམ་གཅེས ། says:
    ལོ་ 11 སྔོན།

    དགའ་ལྡན་ཕོ་བྲང་དང་སྲིད་སྐྱོང་གིས་མཚན་ཐོག་ནས་འདི་ལྟར་གནང་བར་ཡིད་རངས་ཞུ་རྒྱུ་དང་། ད་དུང་ལོ་རེ་བཞིན་སྤར་འཆར་དགོས་པར་གལ་ཆེ་་་་་་་་་་་

    Reply
  6. ཡར་ཀླུང་ལྷ་རྗེ། says:
    ལོ་ 11 སྔོན།

    ད་ལྟའི་དུས་དེར་འཆར་གཞི་ལས་ལག་ལེན་དུ་དགོས་རྒྱུ་ནི་གལ་ཆེ་ལ། ཤེས་ཡོན་དང་རིགས་པས་འབྱོན་རུང་ཁྱིམ་ཚང་དབུལ་བས་རང་འདོད་ལྟར་སློབ་སྦྱོང་རྒྱུན་འཁྱོངས་མ་བྱུང་བར་བལྟ་རྟོགས་དང་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེ་བ། གཟིགས་གསོལ་གནང་རྒྱུའི་སྲིད་སྐྱོང་མཚན་ལས་བོད་མིའི་སྒྲིག་ཚུགས་སྤྱི་ཡི་མཚན་བེད་སྤྱད་ན་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist