མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་འགྲུབ་དབང་ཆེན་ལ་གཟེངས་རྟཊ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་རྒྱལ་སྤྱིའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པས་༼འཇིགས་བྲལ༽གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་ལ་གསར་འགོད་རང་དབང་གི་གཟེངས་རྟགས་ཕུལ་འདུག

འདི་ལོའི་ཕྱི་ཟླ་ ༩ བའི་ཚེས་ ༡༣ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པས་ (Committee to Protect Journalist) ། ༢༠༡༢ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ (International Press Freedom Awards) ད་ལྟ་རྒྱའི་བཙོན་འོག་ཏུ་ཡོད་པའི་བོད་མི་དོན་འགྲུབ་དབང་ཆེན་ལཊ་གཙོས་པའི་གསར་འགོད་པ་བཞིའི་མིང་ཁྱབ་བསྒྲགས་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱལ་སྤྱིའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ཐེངས་ ༢༢ པའི་མཛད་སྒོའི་ཐོག དོན་འགྲུབ་དབང་ཆེན་ལགས་ཀྱི་བཟའ་ཟླ་ལྷ་མོ་མཚོས་ཁོང་གི་བཟའ་ཟླའི་ཚབ་བྱས་ཏེ་གཟེངས་རྟགས་འབུལ་བཞེས་གནང་ཡོད་འདུག

རྒྱལ་སྤྱིའི་རང་དབང་སྲུང་སྐྱོབ་ཚོགས་པས་གསར་འགོད་རང་དབང་གི་གཟེངས་རྟགས་དེ་ནི། འཛམ་གླིང་ནང་གསར་འགོད་ཀྱི་ལས་ཀའི་ངོ་བོའི་ཐོག་སྡུག་སྦྱོང་མནར་གཅོད་དང་བཙོན་འཇུག  འཇིགས་སྐུལ། ཉེན་བརྡ་འབྱོར་བ་སོགས་ཀྱི་རིགས་བྱུང་བའི་གསར་འགོད་པར་སྤྲོད་ཀྱིན་ཡོད་པ་ཞིག་ཡིན་འདུག་ལ།  འདི་ལོ་བོད་མི་དོན་འགྲུབ་དབང་ཆེན་ལགས་དང་བྷིར་ཛལ་ནས་ཡིན་པ་མའུ་རེ་ཀོོ་ནེཀ་ (Mauri Konig) ། ཁཱ་ཛ་ཀི་སི་ཐན་ནས་ཡིན་པ་ཨ་ཛེམ་ཇོན་(Azimjon Askarow)། ལེ་བྷི་རེ་ཡའི་མའེ་ཨ་ཛན་གྷོ་(Mae Azango) བཅས་མི་བཞིར་ཕུལ་ཡོད་ཀྱང་།  ཐེངས་འདིའི་གཟེངས་རྟགས་འབུལ་འབུལ་བཞེས་ཀྱི་མཛད་སྒོའི་ཐོག བྷིར་ཛལ་ནས་ཡིན་པ་མའུ་རེ་ཀོོ་ནེཀ་དང་ལེ་བྷི་རེ་ཡའི་མའེ་ཨ་ཛན་གྷོ་གཉིས་ལས། ཁཱ་ཛ་ཀི་སི་ཐན་ནང་དཔོན་རིགས་ཚོའི་ལྐོག་ཟ་རུལ་སུངས་དང་སྡུག་སྤྱོད་སྐོར་ཕྱིར་བསྒྲགས་བྱས་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པའི་གསར་འགོད་པ་ཨ་ཛེམ་ཇོན་དང་། རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་བོད་མི་ཚོའི་དཀའ་སྡུག་དང་མངོན་འདོད་གློག་བརྙན་དུ་ཕབ་ལེན་བྱས་ཏེ་ལོ་ ༦ ཁྲིམས་ཆད་བཅོན་འཇུག་བྱས་ཡོད་པའི་བོད་མི་དོན་འགྲུབ་དབང་ཆེན་གཉིས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་མཉམ་ཞུགས་གནང་མ་ཐུབ་པར་སོ་སོའི་ནང་མི་སོགས་ཀྱི་གཟེངས་རྟགས་འབུལ་བཞེས་གནང་དགོས་བྱུང་ཡོད་འདུག

ཉེ་ཆར་གསར་འགོད་རང་དབང་གཟེངས་རྟགས་ཐོབ་མཁན་གྱི་མིང་བྱང་ཁྱབ་བསྒྲགས་སྐབས། རྒྱལ་སྤྱིའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་ཇོལ་སེ་མོན་ (Joel Simon) གྱིས། གསར་འགོད་པ་ཁོང་རྣམ་པས་བདེན་པའི་ཆེད་དུ་རླབས་ཆེན་གྱི་ལས་དོན་བསྒྲུབས་པ་དེས་ཁོང་ཚོ་ལ་བློ་སྟོབས་བསྩལ་ཡོད་པ་དང་། ད་ལྟའི་ཆར་ཁོང་ཚོའི་ཁྲོད་ཀྱི་ཨ་ཛེམ་ཇོན་དང་དོན་འགྲུབ་དབང་ཆེན་གཉིས་འཇུ་བཟུང་བཙོན་འཇུག་བྱས་ཡོད་སྟབས། རྒྱལ་སྤྱིའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པས་ཁོང་གཉིས་ལ་རང་དབང་མ་ཐོབ་བར་མུ་མཐུད་ལས་འགུལ་འདྲ་མིན་སྤེལ་རྒྱུ་ཡིན་པའི་གཏམ་བཤད་སོགས་སྤེལ་ཡོད།   

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

ཆུ་ཚོད་ ༢ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

༢༠༢༦/༠༥/༡༨
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥

མཆན། 3

  1. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    གངས་ཅན་བོད་རིགས་བཙོན་ནས་ཐར་བར་ཤོག
    དོན་གྲུབ་དབང་ཆེན་བསམ་པ་འགྲུབ་པར་ཤོག
    གཞོན་ནུ་ཚོགས་པའི་དམིགས་ཡུལ་དོན་འཁྱོལ་ཤོག
    སྐྱབས་མགོན་ཆེན་པོ་བོད་དུ་ཕེབས་པར་ཤོག
    བཀྲ་ཤིས་བདེ་ལེགས།

    Reply
  2. བྱེ་ཐང་གི་གླག་རྒོད། says:
    ལོ་ 13 སྔོན།

    དོན་གྲུབ་དབང་རྒྱལ་ལ་འཚམས་འདྲི་དང་བཅས་བཙོན་ནས་མྱུར་གྲོལ་ཡོང་བའི་སྨོན་འདུན་ཡོད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་རིགས་ཚོ། འདི་ནི་ཆོས་ཕྱོགས་ནས་བཤད་ན། ལས་བྱས་པ་ཆུད་མི་ཟ་ཟེར་བ་འདི་འདྲ་ལ་ཟེར་བ་རེད། དོན་དབང་མྱུར་དུ་བཙོན་གྲོལ་ཐོབ་པའི་སྨོན་འདུན་ཡོད། བོད་ནང་བོད་རིགས་རྒྱལ་ལོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese