མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་སྒོར་ས་ཡ་ ༢ ཀྱི་བོད་མིའི་ཤེས་ཡོན་འཐུན་འགྱུར་ལས་འཆར་དབུ་འཛུགས།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་བཀའ་ཤག་ཚོགས་ཁང་ནང་། ཤེས་རིག་ལས་ཁུངས་དང་ཨ་རིའི་བོད་ཀྱི་ཐེབས་རྩ་གཉིས་མཉམ་འབྲེལ་ཐོག  ལོ་གཉིས་རིང་གི་ཨ་སྒོར་ས་ཡ་ ༢ ཀྱི་ཤེས་ཡོན་ལས་འཆར་དབུ་འཛུགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ།  མ་འོངས་པར་ལས་འཆར་དེ་ལག་ལེན་ཚགས་ཚུད་གནང་རྒྱུ་ཡིན་སྐོར་བརྗོད་སོང་།

ཁ་སང་ཕྱི་ཚེས་ ༢༣ ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤོག་ཐོག་ཁང་ཡང་སྟེང་ཚོགས་ཁང་དུ།   ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་སྟོབས་རྒྱལ་ཚེ་རིང་དང་། ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩ་ཁང་གི་ཚོགས་གཙོ་རིན་ཆེན་དར་ལོ་རྣམ་གཉིས་ལྷན་བཞུགས་ཐོག  ཨ་རིའི་རྒྱལ་སྤྱིའི་ཡར་རྒྱས་ངོ་ལས་ཁང་(USAID) གིས་ཨ་སྒོར་ས་ཡ ༢ ཀྱི་འགྲོ་གྲོན་མཐུན་འགྱུར་སྦྱར་ཏེ།  ལོ་གཉིས་རིང་གི་བོད་མིའི་ཤེས་ཡོན་ཡར་རྒྱས་ཀྱི་ལས་འཆར་དེ་དབུ་འཛུགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

ལས་འཆར་འདི་ནི་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་སྤེལ་རྒྱུའི་ཆེད་དུ་ཡིན་པ་དང་། བོད་མིའི་ཤེས་ཡོན་གྱི་གནད་དོན་གལ་ཆེར་བཟུང་བ་རྣམས་ལག་ལེན་དོན་འཁྱོལ་ཡོང་ཆེད། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་མཉམ་ལས་དམ་ཟབ་ཀྱི་སྒོ་ནས་ལས་འཆར་འདི་ལག་བསྟར་བྱ་རྒྱུ་ཡིན་པ་དང་།  ཨ་རིའི་རྒྱལ་སྤྱིའི་ཡར་རྒྱས་ངོ་ལས་ཁང་གིས་འདི་ལོ་ཕྱི་ཟླ་ ༩ པའི་ནང་། ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩ་ཁང་བརྒྱུད་ནས་ཨ་སྒོར་ས་ཡ་ ༢ ཀྱི་ཤེས་ཡོན་མཐུན་འགྱུར་རོགས་དངུལ་དེ་གནང་ཡོད་འདུག 

ཨ་རིའི་རྒྱལ་སྤྱིའི་ངོ་ལས་ཁང་ནས་རོགས་རམ་མཐུན་འགྱུར་གནང་བའི་དངུལ་འབོར་དེ་བོད་མིའི་སྤྱི་ཚོགས་ནང་བསླེབས་པར་བྱེད་པ་ལ། ཨ་རིའི་གཞུང་གི་འགྲོ་སྟངས་དང་སྲིད་བྱུས་ལྟར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ངེས་པར་བརྒྱུད་དགོས་པའི་ཆ་རྐྱེན་གཞིར་བཟུང་།  ཤེས་རིག་ལས་ཁུངས་ཀྱི་ངོས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གཙོས།  དེ་མིན་གྱི་རྒྱ་གར་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གསུམ་བཅས་ཀྱི་འདས་པའི་ཕྱག་ལས་གནང་བཞག་པའི་ལོ་རྒྱུས་གཞི་ལ་བཞག་སྟེ་མིང་འདོན་བྱས་པ་ལྟར། ཨ་རིའི་གཞུང་དང་ཨ་རིའི་རྒྱལ་སྤྱིའི་ངོ་ལས་ཁང་གིས་དེ་དག་ཁྲོད་འདེམས་སྒྲུག་གནང་སྟེ།  ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་བརྒྱུད་དེ་རོགས་དངུལ་གནང་རྒྱུ་ཐག་གཅོད་བྱུང་བ་ཞིག་ཡིན་འདུག 

དེ་བཞིན། ཁ་སང་སྔ་དྲོ་སྲིད་སྐྱོང་བློ་བཟང་སེང་གེ་དང་རྒྱ་གར་ནང་རྟེན་གཞི་བྱས་པའི་ཨ་རིའི་རྒྱལ་སྤྱིའི་ཡར་རྒྱས་ཁང་གི་ངེས་སྟོན་པ་སྐུ་ཞབས་ཝེལ་ཡམ་ཧ་མའེ་ཁི་(William Hammick)རྣམ་གཉིས་ཆེད་ཕེབས་ཐོག  དེ་སྔའི་བཀའ་ཤག་རྙིང་པའི་ཡང་སྟེང་སྟེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཚོགས་ཁང་ནང་།  ལས་འཆར་འདི་དང་འབྲེལ་བའི་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་ཡན་ལག་འབྲེལ་མཐུན་ལས་ཁང་ཞིག་གསར་འཛུགས་དབུ་འབྱེད་གནང་ཡོད་པ་དང་། མ་འོངས་པའི་ལོ་གཉིས་ནང་ཤེས་ཡོན་མཐུན་འགྱུར་ལས་འཆར་དེའི་ཐད།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལྷན་ཁང་དང་མཉམ་དུ་ཕྱག་ལས་གནང་རྒྱུ་ཡིན་འདུག་ལ།  འབྲེལ་མཐུན་ལས་ཁང་དེའི་འགན་འཛིན་ལ་ཨ་རིའི་བོད་ཀྱི་ཐེབས་རྩའི་ཁང་གི་ཚོགས་གཞོན་སྐུ་ཞབས་བྷ་བྷི་ཨན་ཀེར་སིན་(Bob Ankerson)དང་།  ལས་རོགས་ཌི་བྷི་བྷི་ཆིས་བྷི། གཞན་པའི་རྩིས་པ་ཞིག་བཅས་བསྐོ་འཇོག་བྱ་རྒྱུ་ཡིན་འདུག

གསར་འགོད་གསལ་བསྒྲགས་ཐོག་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་ཚོགས་གཙོ་རིན་ཆེན་ཐར་ལོ་ལགས་ཀྱི་བརྗོད་པ་ལྟར་ན།  ལས་གཞི་དེ་རྒྱ་གར་གཅིག་པུའི་ནང་མ་ཡིན་པར།  བལ་ཡུལ་ནང་ལའང་ལག་བསྟར་དགོས་ཀྱི་ཡོད་པ་དང་། བལ་ཡུལ་ནང་གི་ལས་འཆར་ཐད་དངུལ་གྱི་འགྲོ་ཕྱོགས་དང་ལས་དོན་ལག་བསྟར་སོགས་གངས་སེང་ཚོགས་པ་བརྒྱུད་དེ་བྱེད་དགོས་ཀྱི་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་དང་འབྲེལ་བའི་ལས་དོན་རྣམས་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་ཡིན་སྟབས།  ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་རྣམས་ཤེས་རིག་ལྷན་ཁང་གིས་གནང་དགོས་ཀྱི་ཡོད་འདུག 

ལོ་གཉིས་རིང་གི་བོད་མིའི་ཤེས་ཡོན་ཡར་རྒྱས་ཀྱི་ལས་གཞི་དེའི་ནང་། གཙོ་བོ་ལས་དོན་ཁག་དྲུག་གི་ཐོག་ལས་འཆར་སྒྲིག་ཡོད་འདུག  དང་པོ། དགེ་རྒན་འོས་སྦྱོང་དང་དགེ་རྒན་གྱི་སྤུས་ཚད་ཡར་རྒྱས་གཏོང་ཆེད།  ཀུ་ལུ་བྷོན་ཏཱ་ལ་དགེ་རྒན་འོས་སྦྱོང་གི་གཞི་རྟེན་གསར་འཛུགས་གནང་ཡོད་པ་ལྟར། ལོ་རིམ་དང་པོ་ནས་བཟུང་སྟེ་བོད་ཡིག་ཐོག་དམིགས་བསལ་དགེ་རྒན་འོས་སྦྱོང་དང་། དམའ་རིམ་དང་གཞི་རིམ། གོང་རིམ་བཅས་ཀྱི་ཐོག་དབྱིན་ཡིག་དང་བོད་ཡིག་རེས་མོས་ཐོག་དགེ་རྒན་འོས་སྦྱོང་ཟབ་ཁྲིད་གནང་རྒྱུ། གཉིས། སློབ་ཡོན་རོགས་དངུལ་ཇེ་མང་དུ་གཏོང་བ་དང་།  ལྷག་པར་ཚན་རིག་དང་ཨམ་རྗེ། འཕྲུལ་རིག་ཆེད་ལས་སྦྱོང་མཁན་རིགས་ལ་དམིགས་བཀར་སློབ་ཡོན་འཕར་མ་སྤྲོད་ཐབས།  གསུམ། མདུན་ལམ་སློབ་སྟོན་གྱི་ལས་གཞི་ཡར་རྒྱས་རྒྱ་སྐྱེད་བཏང་སྟེ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་མདུན་ལམ་སློབ་སྟོན་པ་འདང་གི་མེད་པའི་དཀའ་ངལ་སེལ་རྒྱུ།  བཞི། སློབ་གྲྭ་ཁག་ནང་བོད་པ་ཚན་རིག་དགེ་རྒན་ཧ་ཅང་དཀོན་པའི་དཀའ་ངལ་སེལ་ཐབས་དང་། སློབ་ཕྲུག་རྣམས་ཚན་རིག་ཐོག་དོ་སྣང་ཡོང་ཆེད་སློབ་གྲྭ་ཁག་ནང་ཚན་རིག་ཞིབ་འཇུག་ལྟེ་གནས་དང་འགྲེམས་སྟོན་གསར་འཛུགས། ལྔ། ཨེམ་ཆི་དང་སྨན་ཞབས་སློབ་སྦྱོང་ཐོག་སློབ་འཇུག་གོ་སྐབས་ལེན་མཁན་དཀོན་པའི་དཀའ་ངལ་སེལ་ཐབས། དྲུག ཤེས་ཡོན་གྱི་འཛིན་སྐྱོང་ཡར་རྒྱས་གཏོང་ཐབས་སུ་ཚོགས་འདུ་ཆེ་ཆུང་སྐོང་འཚོགས་ཀྱིས་གོ་སྡུར་བགྲོ་གླེང་གནང་རྒྱུ་བཅས་ཡིན་འདུག

གཞན་ཡང་། གསར་འགོད་པས་དྲི་བར་ལན་འདེབས་སྐབས།  ཤེས་རིག་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས།  “ཉེ་ཆར་བཀའ་ཤག་གིས་སློབ་ཡོན་ད་ཡོད་ཀྱི་བརྒྱ་ཆ་ ༥༠ སྤར་ཆ་བྱས་པ་དེ་ནི། ད་ལྟའི་ལས་འཆར་འདི་དང་འབྲེལ་བ་ཡོད་པ་རེད། མཐུན་འགྱུར་རོགས་དངུལ་དེ་ལོ་གཉིས་ཀྱི་རྗེས་སུ་མཚམས་ཆད་པ་ཡིན་ནའང་། སློབ་ཡོན་སྤར་ཆ་བྱས་པ་ཏེ་མུ་མཐུད་ནས་འགྲོ་བསྡད་ཀྱི་རེད་མ་གཏོགས། རོགས་རམ་ཆད་སོང་ཟེར་ནས་ཕྱིར་འཐེན་རྩ་བ་ཉིད་ནས་ཡོང་གི་མ་རེད། ང་ཚོས་ཐབས་ཤེས་གཞན་པ་བཏང་འགྲོ་གི་རེད།” ཅེས་བརྗོད་དེ།  ལས་འཆར་འདི་ལག་ལེན་དོན་འཁྱོལ་དང་སྤྱི་ཚོགས་ནང་ཕན་ཐོགས་ཡག་པོ་བྱུང་ཚེ། ཨ་རིའི་གཞུང་གིས་ལས་འཆར་འདི་མུ་མཐུད་གནང་སྲིད་པ་ཞིག་ཡིན་སྟབས། ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་དང་ཤེས་རིག་ལས་ཁུངས་གཉིས་མཉམ་རུབ་ཐོག མ་འོངས་པར་ཨ་རིའི་གཞུང་གིས་མུ་མཐུད་རོགས་རམ་འདི་ཞལ་བཞེས་གནང་སྐྱོང་ཡོང་ཐབས་སུ། ལས་འཆར་མཐའ་དག་དངོས་དོན་ནུས་པ་ཐོན་པ་ཞིག་ཡོང་རྒྱུར་འབད་རྩོན་ཞུ་རྒྱུའི་བསམ་འདུན་སྐོར་བརྗོད་སོང་། 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༠ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 5

  1. མི་རྒོད། says:
    ལོ་ 14 སྔོན།

    ཨེམ་རྗེ་ཞེས་པ་རིགས་གཅིག་རྐང་འཛིན་གོ་གནས་མིང་རེད། ལྷ་རྗེ་ཞེས་འབོད་དགོས་ཀྱང་རང་གི་རང་ལ་ཆེ་བསྟོད་ཆགས་པ་བརྟེན་འདི་ལྟར་འབོད་པ་རེད། དེར་ཆོས་རྒྱལ་གོང་མ་ཚོས་རང་སོར་གཞག་པ་ལས་བྱུང་བ་རེད། ད་སྲོལ་རྒྱུན་ཟུར་ཆག་འདོད་ན་ཁ་ལ་དཔྱ་ཁྲལ་མེད་པའི་མི་རྣམས་ལབ་ཤིག་ཧ་ཧ་ཧ། བོད་འདི་དྲ་སེ་ཉམས་ལེ་རེད་ད།།།།།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    ཨམ་རྗེ་ཞེས་པ་ནི་མངའ་རིས་ཕྱོགས་སུ་ཡོངས་གྲགས་རེད། ཨམ་རྗེ་ཞེས་འབོད་པ་ལས་སྨན་པ་ཟེར་མཁན་ཧ་ཅང་ཉུང་ཉུང་རེད།

    སོག་སྐད་ནས་སླེབས་མིན་མི་ཤེས། ཇི་ལྟར་ཡིན་མིན་ཞིག་གསུང་དང་།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཨེམ་ཆེ་མ་ལབ་སྨན་པ་ལོབས།

    Reply
  4. དྲང་སྲོང་། says:
    ལོ་ 14 སྔོན།

    གསར་འགོད་པ་དང་། གསར་འགྱུར་རྒྱང་སྒྲོག་པ། རྒྱ་ཆེའི་ཀློག་པ་པོ་སོགས་བོད་ཀྱི་སྐད་ཡིག་བེད་སྤྱོད་མཁན་གྱི་མཁྱེན་ལྡན་པ་རྣམས་ལ་རེ་སྐུལ་ཐུང་ངུ་ཞིག་ཞུ་རྒྱུར། སྨན་པའི་མིང་ལ་ཨེམ་རྗེ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་མ་གཏོང་རོགས། རང་རེའི་སྲོལ་རྒྱུན་རིག་གཞུང་དང་ཚད་ལྡན་གཞུང་ལུགས་ཁག་ཏུ་སྨན་པ་ཞེས་པའི་ཚིག་མཐོ་ས་སྔགས་བླ་མེད་དང་། དམའ་ས་ཡུལ་པ་ཚུན་གྱིས་བེད་སྤྱོད་པའི་ཚིག་སྨན་པ་ཞེས་པ་འདི་རང་གོ་བདེ་སྤྱོད་བདེ་ཡིན་པས། སོག་སྐད་དུ་གྲགས་པའི་ཨེམ་རྗེ་ཞེས་པ་འདི་ཡིན་གཅིག་ཨུ་ཚུགས་ཀྱིས་བཅུ་དགོས་དོན་མེད། རང་རེའི་སྤྱི་ཚོགས་ནང་ཁ་སྐད་དུ་སྨན་པའི་མིང་ལ་ཨེམ་རྗེ་ཞེས་པ་རྒྱུན་འབྱམས་སུ་སོང་བ་དེ་དེང་སང་ག་ལེར་ག་ལེར་ཡིག་སྐད་ནང་བྲིས་ཡོང་དུས་སྐད་ཡིག་ཉམས་སྨད་འགྲོ་བའི་གཞི་རྩ་ལྟ་བུར་མངོན་པས་དེ་ཐད་ཁུར་ཉམས་ལེན་གྱིས་བསྒྱུར་བཅོས་ཡོངས་ཐབས་ཞུ་ཞུ་ཞུ།།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་ རོགས་རམ་ཆད་སོང་ཟེར་ནས་ཕྱིར་འཐེན་རྩ་བ་ཉིད་ནས་ཡོང་གི་མ་རེད། ང་ཚོས་ཐབས་ཤེས་གཞན་པ་བཏང་འགྲོ་གི་རེད། ་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese