མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་ཤར་ཡ་རྫི་རྫོང་དུ་དམ་དྲག

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱལ་གཅེས་དཔའ་བོ་དབང་ཆེན་ནོར་བུའི་ནང་མིར་མྱ་ངན་འཚམས་འདྲིར་བསྐྱོད་མཁན་རྣམས་འཛིན་བཟུང་བཀག་འགོག་བྱས་ཡོད་པ་མ་ཟད། ཡ་རྫི་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོ་གུང་གསེང་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་  ༡༩ ཉིན་བོད་མདོ་སྨད་མཚོ་ཤར་ཡ་རྫི་རྫོང་རྐང་ཚ་བོད་རིཊ་རང་སྐྱོང་ཞང་རུ་ཁག་དང་པོའི་རང་ལོ་ ༢༥ ཡིན་པའི་རྒྱལ་གཅེས་དཔའ་བོ་དབང་ཆེན་ནོར་བུ་ལགས་ཀྱིས། རྐང་ཚ་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་དགོན་འདབས་ནས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཟིན་པ་ལྟར། ཨ་ཁུ་བཟོད་པ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་བའི་ཕྱི་ཉིན་ཡ་རྫི་རྫོང་བིས་མདོ་ཞང་བིས་མདོ་དགོན་ཆེན་གྱི་དགེ་འདུན་པ་རྣམས་ཀྱིས་རྒྱལ་གཅེས་པ་ཁོང་གཙོས། བོད་ནང་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་བསྔོ་སྨོན་མཆོད་འབུལ་གནང་ཡོད་པ་མ་ཟད། བིས་མདོ་དགོན་ཆེན་གྱི་དགེ་འདུན་པ་ཚོས་རླངས་འཁོར་ཆེན་པོ་གཉིས་གླས་པ་དང་། དགོན་པ་གཞན་དག་གི་དགེ་འདུན་པ་ཚོས་འཕྲུལ་རྟར་ཞོན་ཏེ། རྒྱལ་གཅེས་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་ནང་མིར་མྱ་ངན་འཚམས་འདྲིའི་ཆེད་རྐང་ཚར་བསྐྱོད་ཡོད་ཀྱང་། ཡ་རྫི་རྫོང་གི་ལས་བྱེད་དང་ཉེན་རྟོག་མི་སྣས་སྐབས་དེར་རྒྱལ་གཅེས་པ་ཁོང་གི་ཁྱིམ་དུ་མྱ་ངན་འཚམས་འདྲིར་བསླེབས་ཟིན་པའི་སྐྱ་སེར་གཉིས་ཀ་འཛིན་བཟུང་བྱས་པ་དང་། གཞན་རྣམས་རྐང་ཚ་ཞང་གི་འདབས་རོལ་གྱི་གསེར་སྒའི་ཉག་གར་བསླེབས་སྐབས་བཀག་འགོག་བྱས་ཡོད་འདུག

ཕྱིས་སུ་གྲྭ་བ་ཚོས་འཛིན་བཟུང་བྱས་ཟིན་པའི་བོད་མི་དེ་དག་གློད་གྲོལ་གཏོང་དགོས་པའི་རེ་སྐུལ་ཞུས་མཐར་བོད་མི་མང་ཆེ་བ་ཀློད་ཡོད་ཀྱང་། རླངས་འཁོར་བདག་པོ་གཉིས་བཀག་ཉར་བྱས་ཡོད་འདུག

གཞན། རྒྱལ་གཅེས་དཔའ་བོ་དབང་ཆེན་ནོར་བུ་ལགས་ཀྱི་མེར་བསྲེཊ་གནས་ཚུལ་བྱུང་བའི་ཕྱི་ཉིན་ཡ་རྫི་རྫོང་བོད་ཡིག་སློབ་འབྲིང་ (ཞོན་ཧྭ་བོད་ཡིག་སློབ་འབྲིང་) གི་སློབ་མ་ཞིག་གིས་རང་ལུས་མེར་བསྲེཊ་གནང་རྩིས་བྱེད་སྐབས། དེར་ཡོད་དགེ་སློབ་རྣམས་ཀྱིས་ཤེས་རྟོགས་བྱུང་ཡོད་པ་དང་། ཕྱིས་སུ་ཉེན་རྟོག་པ་དང་དམག་མི་ཡོང་སྟེ་སློབ་མ་ཚོའི་ཉལ་ཁང་ལ་སྔོག་བཤེར་དང་ཉིན་ཤས་རིང་སློབ་གྲྭའི་དགེ་སློབ་གཉིས་ཀ་སློབ་གྲྭའི་ཕྱི་ལོག་ཏུ་མ་བཏང་བར་བཀག་སྡོམ་ནན་མོ་བྱས་པ་མ་ཟད། ཕྱི་ཚེས་ ༢༡ ཉིན་ནས་བཟུང་སློབ་གྲྭའི་དགེ་རྒན་ཚོས་རྡོ་སྦིས་ཞང་དང་བསེ་ཆང་བཅས་ཞང་ཁག་གཞན་ནས་ཡོང་བའི་སློབ་མ་རྣམས་རང་ཁྱིམ་དུ་བསྐྱལ་ཏེ་སློབ་གྲྭ་གུང་གསེང་བཏང་ཡོད་འདུག་ལ། ད་ཆར་ཡ་རྫི་རྫོང་རྐང་ཚ་ཞང་དང་བིས་མདོ་བཅས་སུ་དམ་དྲག་བཀག་སྡོམ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༤ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese