མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགྲ་བོའི་ཁྱད་ཆོས་ཨང་དང་པོ་ངོ་ཚ་དང་སྙིང་རྗེ་མེད་པ་དེ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

སྐལ་བ་ས་ལ་ཆགས་པ་ནས་འུ་ཅག་གིས་དགྲ་བོའི་ས་ཐོག་ནས་ཕར་ཁྲག་ཐིགས་ཤིག་ཀྱང་ཕམ་མྱོང་མེད། (བཙན་པོའི་སྐབས་སུ་ཁྲང་ཨན་ཚུར་འདབས་བླངས་ཞེས་པ་ནི་རང་མགོ་རང་གིས་སྐོར་བྱེད་ཀྱི་སེམས་གསོ་ཙམ་ཡིན་པར་འདོད།)འོན་ཀྱང་ཚུར་ཡ་ང་སྙིང་རྗེ་ཏིལ་ཙམ་མེད་པར་བསད་ནས་གཏུབ་ནས་བཅོམ་ནས་འུ་ཅག་གི་ཡོད་ཚད་འཕྲོག་སོང་བ་རེད། དེའི་མིང་ལ་བཅིངས་འགྲོལ་བཏགས་ཤིང་། དེའི་མིང་ལ་གསར་བརྗེ་ཞེས་འབོད། ང་ཚོའི་ཡོད་ཚད་དགྲ་ལག་ཏུ་ཤོར་ནས་ལོ་ངོ་ག་ཚོད་འགྲོ་ཡི་ཡོད་མེད་འདིར་འཆད་དགོས་དོན་མེད་མོད། ལོ་ངོ་དེ་དག་གི་ནང་ང་ཚོའི་མི་རབས་གསུམ་ཙམ་གྱི་མགོ་ལ་ཡོང་མྱོང་བའི་སྡུག་བསྔལ་དེར་འུ་ཚོས་བསམ་བློ་མི་གཏོང་རང་གཏོང་ཆགས་ཡོད།

ཡ་ཁོག་ན་སྙིང་ཡོད་པ་ཚོས་བསམ་བློ་ཞིག་ཐོངས་དང་། དགྲ་བོས་གཞན་གྱི་ཕུན་ཚོགས་རང་ལག་ཏུ་ཐོབ་ཆེད་གསོད་གཏུབ་བཅོམ་གསུམ་བྱ་ཆོག་ན། འུ་ཚོས་ཅིའི་ཕྱིར་རང་གི་ཕུན་ཚོགས་ལ་བདག་པོ་རྒྱག་ཕྱིར་གསོད་གཏུབ་བྱ་མི་ཆོག་གམ། ལོས་ཡིན། རང་ཅག་གི་སེམས་ན་སྙིང་རྗེ་ཆེན་པོའི་ས་བོན་ཡོད་ལ། རང་ཅག་གི་སེམས་ན་སྔགས་བླ་མེད་ཀྱི་བཟོད་སྒོམ་ཡོད། ད་དུང་དེ་བས་ཀྱང་བདག་གཞན་མཉམ་བརྗེ་ཞེས་པའི་ཕ་རོལ་དགོད་ཁ་སློང་བྱེད་ཀྱི་རྒུད་པའི་འཕྲུལ་འཁོར་ཡོད། དེའི་སྟབས་ཀྱིས་ང་ཚོའི་མགོ་ཐོག་ལ་དེ་རིང་གི་སྡུག་བསྔལ་དྲག་པོ་འདི་བབ་པ་མ་ཡིན་ནམ།

ངས་རང་བཙན་བཤད་ཀི་མེད། ངས་དབུ་མའང་བཤད་ཀི་མེད། ངས་བརྗོད་ཀྱིན་པ་ནི་དགྲ་བོ་ཅི་འདོད་གང་འདོད་དུ་རང་ཅག་གི་ས་ཐོག་ལ་ཡོང་ནས། སུ་གསོད་འདོད་ན་དེ་གསོད་པ་དང་སུ་འཛིན་འདོད་ན་དེ་བཟུང་ནས་དུས་རབས་ཉེར་གཅིག་པའི་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཡོད་སྡོད་པའི་འགྲོ་བ་མིའི་རང་དབང་ཟེར་བ་དེ་དང་ཐོབ་ཐང་ཟེར་བ་དེ་མེད་པ་ནི་བཤད་ཅི་ལ་དགོས། ད་དུང་འུ་ཅག་གི་སྤུན་ཟླ་ཚོས་ང་ཚོ་ལ་རང་དབང་དང་ཐོབ་ཐང་ཏོག་ཙམ་སྤྲོད་རོགས་ཞེས་ཕར་ཞུ་བ་བྱེད་ཚད་ལ་དྲག་གནོན་གྱིས་བསད་སོང་བ་དང་བཙོན་དུ་བཅུག་པ་སོགས་གྲངས་ཀྱིས་ག་ལ་ཟིན། ད་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པ་རྙེད་པའི་གང་ཟག་རེ་གཉིས་ཤིག་ལས་བཟོད་ཐབས་མེད་པའི་དུས་ཚོད་ཅིག་རང་ཅག་གི་མགོ་ལ་ཤར་ཡོད་ཨང་།

ད་ལྟའི་དུས་ཚོད་འདི་ལ། གཞིས་ལུས་སྤུན་ཟླ་དག་གིས་མ་གྲོས་རང་མཐུན་གྱིས་སྲོག་འདོར་ཕོད་ཀྱི་ཡོད། ཉིས་སྟོང་བརྒྱད་ནས་དེ་རིང་ལ་ཐུག་གི་བར་གྱི་དཔའ་བོ་ཚོའི་ཞི་བའི་ལས་འགུལ་གྱི་རྣམ་གྲངས་རེ་རེར་བསམ་ན། ད་ནི་དགྲ་བོའི་ཕྱོགས་ལའང་འདང་རྒྱག་རྒྱུ་ཞིག་བཞག་ཡོད་ཀྱང་། དེ་ལས་ལྡོག་པའི་རྣམ་འགྱུར་ཞིག་ལས་ཅི་ཞིག་ཐོབ་བྱུང་ཨང་། ད་དུང་མུ་མཐུད་ནས་རང་རེའི་གདོང་མཆོངས་དཔའ་བོ་ཚོ་འདི་ལྟར་ཉི་མ་རེ་རེར་རྒྱུན་མཐུད་ནས་བསྲེག་ཚེ་གྱོང་རག་མཁན་དེ་སེམས་ན་སྙིང་རྗེ་དང་ངོ་ཚས་ཁེངས་པའི་རང་ཅག་ལས་སུ་ཞིག་ཡིན། དེ་བས་ས་གནས་ཁག་སོ་སོ་ནས་དགྲ་བོའི་ཕྱོགས་ཀྱི་ཟ་དང་ཟུར་ནས་བཏོག་ཅིང་། བྱིས་པས་བྱིས་པ་དང་རྒན་པས་རྒན་པོར་ཉེས་པ། སུའི་ལག་ལ་སུ་ཡོང་ན་དེ་མ་ཐག་དམར་གསོད་དང་ཞ་གཅོང་དུ་བཏང་ནས་ཁེར་རྐྱང་དུ་འགྲོ་མི་ཕོད་པ་དང་ལྷོད་ལྷོད་དུ་འདུག་མི་བདེ་བ་བཟོ་བའི་བྱ་སྤྱོད་ཅིག་ངེས་པར་དུ་སྤེལ་དགོས་ངེས་ཡིན།

ཕར་ལ་དམག་འཐབ་རྒྱག་པའི་ནུས་པ་མེད་ནའང་སུན་པོ་བཟོ་བའི་ནུས་པ་ང་ཚོ་ལ་ཏན་ཏན་ཡོད་པས། ངོ་ཚ་དང་སྙིང་རྗེ་མེད་པའི་དགྲ་བོའི་སེམས་ལ་འདས་པའི་དུས་རིམ་གྱི་འཚེ་མེད་ཞི་བ་དྲན་དུ་འཇུག་དགོས། ངོ་ཚ་དང་སྙིང་རྗེ་མེད་པའི་སྲིད་གཞུང་གི་ཁ་གཏད་དུ་ང་ཚོའི་བྱང་ཆུབ་ཀྱི་སེམས་འདི་གཏན་ནས་འོས་ཚོད་མི་འདུག་པ་ནི་མིག་མཐོང་ལག་ཟིན་ཡིན། ངས་འདི་ལྟར་བཤད་དགོས་དོན་ནི་འུ་ཅག་གི་དམིགས་སྔའི་གནས་སྟངས་ཀྱིས་དེ་ལྟར་བྱེད་ཐུབ་པ་ར་འཕྲོད་སོང་ལ། དེ་ལྟར་ཁྲག་དང་སྲོག་གི་སྡུག་བསྔལ་དེ་དགྲ་བོའི་སེམས་ནས་གང་འདྲ་ཡིན་མིན་བྲོ་བ་ཙམ་མྱོང་ཐུབ་ངེས་ཡིན།

ངེད་ཅག་གི་མ་འོངས་པའི་གཅེས་ཕྲུག་ཚོར་རེ་གཞག་གསར་བ་ཞིག་སྐྱེས་སོང་། སྔོན་མའི་གླེན་ལྐུགས་ཀྱི་ཚད་གཞི་ལས་འཕར་ནས་ཕ་རོལ་བས་རྔ་བོ་ཇི་ལྟར་བརྡུང་ན་དེ་ལྟར་དུ་བྲོ་འཁྲབ་རྒྱུའི་དཔའ་དང་བློ་ཁོག་ཡོད་པ་མཐོང་བྱུང་། ལས་འགུལ་གྱི་ཚད་གཞི་ཇེ་མཐོར་སོང་བ་དང་བསྟུན་ནས་མི་རིགས་དང་རྒྱལ་ཁབ་ཀྱི་མ་འོངས་པ་ཡང་ཇེ་གསལ་དུ་འགྲོ་ཡི་འདུག སྐབས་འདི་དང་དུས་འདི་ནི་རང་ཅག་ལ་གཞིས་བྱེས་ལྷན་འཛོམས་(འདི་ནས་རང་བཙན་དང་རང་སྐྱོང་གང་ཡིན་ཡང་རུང་།)འབྱུང་རྒྱུ་དང་འདས་གསོན་དཔའ་བོ་དཔའ་མོ་ཚོས་རེ་སྒུག་བྱས་པའི་སྐྱིད་པའི་ཉི་མ་དེ་ཡང་ཤར་རྒྱུའི་གོ་སྐབས་ཧ་ཅང་ཆེ་བ་མཐོང་བྱུང་། མི་ཁག་ཅིག་གིས་བཤད་ན། ཕྱི་ལོགས་ཀྱི་བོད་པ་རྒྱུ་ཆེན་དག་དང་སྲིད་ཀྱི་སྟེགས་བུར་འཛེག་ནས་རྒྱུ་དངོས་གསོག་སྒྲུབ་བྱ་རྒྱུའི་གོ་སྐབས་ཅན་དག་ཕྱིར་ལོག་འདོད་མེད་པར་བརྗོད་ཀྱང་། དེ་དག་གཡུག་ནས་༸གོང་ས་མཆོག་གཙོས་གསར་འབྱོར་བ་ཉི་མ་རེ་རེའི་ལྟོ་གོས་ལ་སེམས་ཁྲལ་དང་དཀའ་ངལ་གྱིས་གཙེས་ནས་སྡོད་པ་དག་ཕྱིར་ལོག་རྒྱུར་རེ་ནས་རྨི་ལམ་ཚུན་ཆད་གཏོང་གི་ཡོད། རང་གི་ཕ་ས་ཕ་ཡུལ་དུ་ལོག་འདོད་ཀྱི་ཡོད། རང་གི་ལྟེ་འཚལ་གཏོར་སའི་ས་གཞི་ལ་ལོག་འདོད་ཡོད། བྱིས་དུས་ཀྱི་རྨི་ལམ་ཐོག་མ་རྨི་སའི་ཕ་ཁྱིམ་དྲོན་མོ་ལ་ལོག་འདོད་ཡོད།

ཞོར་དུ་ཞུ་རྒྱུར། ངས་ཁ་སང་《དྲག་པོར་དྲག་པོས་རྒོལ་དགོས》ཞེས་པའི་བསམ་ཚུལ་ཞིག་བྲིས་ཏེ་ཀློག་མཁན་དག་གི་སྤྱན་སྔར་ཕུལ་མ་ཐག ནམ་རྒྱུན་བསམ་ཚུལ་སོགས་འབྲི་རྒྱུན་ཆད་ནས་རྩོམ་ཡིག་ཚང་མའི་གཤམ་དུ་གོར་ཐིག་ཅིག་བབ་ནས་འདུག་རྒྱུར་ཆགས་པའི་དུས་བབ་ཀྱི་བསམ་ཚུལ་རྩོམ་ཡིག་གི་གར་སྟེགས་སྟེང་། བསྐྱར་དུ་ཚ་ཚ་འུར་འུར་གྱི་དྲོད་རླབས་ཤིག་འཕྱུར་ནའང་། བདག་གི་ཁ་གཏད་དུ་ལང་མཁན་དང་རྒྱབ་སྐྱོར་ཞུ་མཁན་ཚང་མས་གནད་གཅིག་མ་རྟོགས་པར་དོན་མེད་དུ་འུར་གཏམ་སྒྲོག་སོང་བའི་སྣང་བ་ཞིག་སྐྱེས་སོང་ལ། སྔ་གཞུག་ཐམས་ཅད་ནས་དྲག་པོའི་ལས་ནི་ལོ་རྒྱུས་ཀྱི་ནག་ཉེས་ཤིག་ཡིན་པར་ངོས་འཛིན་གྱི་འདུག་པ་མཐོང་ནས་དགོད་བྲོ་བ་ཞིག་ཀྱང་བྱུང་། དོན་དངོས་ཀྱིས་བཤད་ན། ང་ཡང་དྲག་པོ་ལ་དགའ་མཁན་ཞིག་མིན་ནའང་། འདྲེ་ཉལ་བར་ཕག་གིས་འདྲོགས་སློང་ཟེར་བ་ལྟར་འུ་ཅག་གི་གཞོན་སྐྱེས་ཕལ་མོ་ཆེའི་སེམས་ན་ལྷོག་ལྷོག་ཏུ་འཁོལ་བའི་ཚོར་བའི་མདངས་དེ་ངས་སྔ་ཙམ་དང་མ་འཕྱི་བ་ཙམ་གྱིས་མི་བརྗོད་ཐབས་མེད་བྱུང་། དེ་ལྟ་ལོས་ཡིན་ཏེ། འུ་ཅག་ཚང་མས་མིག་ཆུ་འདོན་གྱི་མེད་ཀྱང་སེམས་ན་ངུ་ཡི་ཡོད་པ་རང་རང་གི་སེམས་ན་ཁྲིག་ཁྲིག་ཡིན་ཨང་།

ངས་གནད་དོན་མང་བོ་མི་ཤེས། ལྷག་པར་དུ་ངས་ཆབ་སྲིད་དེ་བས་ཀྱང་མི་ཤེས། ཡིན་ནའང་ངའི་སེམས་ན་དྭངས་མཐའ་མེད་པའི་སྡུག་བསྔལ་ཞིག་དང་ཁོང་ཁྲོ་ཞིག་ཡོད། དེའི་སྟབས་ཀྱིས་གསོད་གཏུབ་བཅོམ་གསུམ་གྱི་བསམ་བློ་ཞིག་ཀྱང་རང་བཞིན་གྱིས་འཁོར་འོང་གི་འདུག དེ་ནི་བཟོད་མ་ཐུབ་པའི་རྣམ་པ་ཞིག་ལོས་ཡིན། དེའི་སྟབས་ཀྱིས་རང་རེའི་གཞོན་སྐྱེས་ཚོས་ཀྱང་མགོ་འབུར་འབུར་ཚང་མ་དགྲ་དང་སྐྱོན་དུ་མི་རྩི་བར་དཔྱད་ཞིབ་དང་བསམ་ཚུལ་བརྗེ་རེས་བྱེད་པ་ལས། དོན་མེད་དུ་ཁ་བརྡུང་དང་ལྷག་དོན་མ་ཉེས་པའི་ཞྭ་མོ་མི་གཡོག་རྒྱུའི་རེ་སྐུལ་ཞུ།

༢༠༡༢ །༡༡། ༣༠ ལ་བྲིས།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༩ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 7

  1. མི་རྒོད། says:
    ལོ་ 14 སྔོན།

    ཡ་ལགས་སོ་ངས་བོད་ཚང་དྲྭ་གྲོགས་ཚོགས། ད་འདི་འདྲ་ཡིན་འགྲིག་ལེ་རེད་སེམས་ཤུགས་འདུག་ལེགས་སོ་། འདྲི་བ་དང་པོ་དེ་ལས་ཇུས་ག་འདྲ་སེ་སྤེལ་ལམ། གོང་གསལ་མཆན་བུ་ཚོས་དྲག་རྒོལ་བ་ཞི་བའི་གཟེངས་བསྟོད་བྱུང་བ་ཡང་བདེན་པ་རེད། ཡིན་ནའང་མི་འདི་ལ་བྱ་བ་བྱེད་པའི་ཡུལ་ཁོ་རང་ཡིད་ཆེད་འཇོག་སའི་ཁ་ཆེ་ཁྱིམ་མཚེས་རྒྱལ་ཁབ་བྱུང་ཡོད་རེད། རྒྱུ་དེ་དང་། རྐྱེན་ཁོས་བློས་གཏང་གི་རྒྱལ་ཁབ་ཁོ་ནར་དམིགས་པའི་བྱ་བ་བསྒྲུབ་པ་གཉིས་མཉམ་འཛོམས་བྱུང་ནས་བྱུང་བ་རེད། དེ་ང་ཚོར་ག་ནས་རག་ཐུབ་བམ། ངས་བསམ་ན་དཔལ་འབྱོར་གྱི་བསླུ་བ་ཡོང་གི་མ་རེད། བོད་པ་ཚང་དཔལ་འབྱོར་འདུ་རྒྱུར་གང་སར་འཇོན་པོ་ཡོད་རེད། གང་ལ་ཟེར་ན་༢༠༠༨ ལོར་འཛམ་གླིང་ཕྱི་ནང་གི་བོད་པས་བྱ་བཞག་ཆེན་པོ་བྱུང་ཡོད། དེ་ཡང་ལོ་རྒྱུས་ནང་གཅེས་ཉལ་དགོས་པ་ཞིག་རེད། ལས་འགན་དེ་བོད་མིའི་བསྒྲིག་འཛུགས་ཀྱི་གནང་དགོས་པ་རེད་ལ་ གནང་ཡོད་ཤག་རེད། ད་འདི་ལྟ་བུའི་ཞི་དྲག་གཉིས་ལྡན་གྱིས་ལས་ཞིག་འབད་འདོད་ཡོད་ཚེ་དང་ཐོག། ༼གངས་ཕྲུག་གསང་ལས་བློས་གཏོང་ཞི་དྲག་ཚོགས་པ་ཞེས་པ་གཅིག་དགོས་པ་རེད༽

    ལས་ཁུལ་དང་པོ།
    འཆར་དང་འཆར་བཞིན་པའི་འཛམ་གླིང་རྒྱལ་སྤྱིའི་རྩེད་འགྲན་སྐབས་ལུས་སྲོག་བློས་གཏང་གིས་རྒྱ་ཡི་གཞུང་ཚབ་མདུན་དང་ རྩེད་ཐང་། མི་དམངས་འདུ་འཛོམས་ཆེ་སར་མེ་ཡི་བྱང་སེམས་ཤོག་སྒྲོ་རྐྱང་ནས་འཕུར་དགོས།།

    གཉིས་པ་།
    ལས་དོན་མ་སྤེལ་གོང་དགོས་པ། རྒྱུ་མཚན། མངོན་འདོད། གསུམ་སྒྲ་བརྙན་བྲིས་གསུམ་གནང་དགོས།

    གསུམ་པ།
    འཛམ་གླིང་རང་དབང་ནང་ཡོད་པའི་བོད་རིགས་ཙམ་གཟན་མི་་རེ་རེ་ནས་ཉིན་རེ་ས་གནས་དེའི་སྒོར་གཅིག་རེ་ཆད་མེད་ཚོགས་པ་འདིར་གསང་བཏབ་ཀྱི་མ་དངུལ་བརྒྱབ་སྐྱོར་བྱེད་དགོས།
    བཞི་པ།
    ཞི་དྲག་ལས་དོན་པ་རྣམས་དམ་ཆོས་སྤང་བཞག་གིས་མནའ་བསྐྱལ་དམ་བཅའ་འཇོག་དགོས།
    དེ་ནས་རྒྱ་དམར་གྱི་ངོ་མདོང་ས་ག་འདྲ་ཞིག་སྟེང་ལྷུང་གི་འདུག་བལྟ་ཆོག་པ་རེད།།།
    རྒྱལ་གཅེས་སེམས་ཤུགས་ཡོད་པའི་བོད་ཕྲུག་དར་མ་རྣམས་སུ་ཐུགས་རྗེ་ཆེ་ཡོད་ལ་ད་ང་ཚོའི་དཔུང་སྟེང་གི་འོས་འགན་ཡང་ཡིན་པ་འདོད་དོ། བཀྲིན་ཆེ།
    བོད་བདེན་པ་ཉིད་རྒྱལ་གྱུར་ཅིག།
    ༧ མགོན་ཡིན་བཞིན་ནོར་བུ་རྒྱལ་གྱུར་ཅིག།
    བོད་དཔའ་མཛངས་བདེན་དོན་རྒྱལ་གྱུར་ཅིག།།།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དགྲ་བོའི་ཁྱད་ཆོས་ཨང་དང་པོ་ངོ་ཚ་དང་སྙིང་རྗེ་མེད་པ་དེ་ཡིན་ན། ང་ཚོས་ཀྱང་ངོ་ཚ་དེ་བས་ཆེ་བ་དགོས་པ་དང་། དགྲ་བོར་ཡང་སྙིང་རྗེ་ཡང་མཐའ་མེད་པ་ཞིག་དགོས་པ་ནི། ཞི་བའི་ལས་འགུལ་གྱི་རྣམ་པ་འབུར་དུ་ཐོན་པ་ལ་མེད་དུ་མི་རུང་བ་མིན་ནམ། སྙམ་ལགས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་ ངས་གནད་དོན་མང་བོ་མི་ཤེས། ལྷག་པར་དུ་ངས་ཆབ་སྲིད་དེ་བས་ཀྱང་མི་ཤེས། ཡིན་ནའང་ངའི་སེམས་ན་དྭངས་མཐའ་མེད་པའི་སྡུག་བསྔལ་ཞིག་དང་ཁོང་ཁྲོ་ཞིག་ཡོད། དེའི་སྟབས་ཀྱིས་གསོད་གཏུབ་བཅོམ་གསུམ་གྱི་བསམ་བློ་ཞིག་ཀྱང་རང་བཞིན་གྱིས་འཁོར་འོང་གི་འདུག ་་་་ཟེར།

    Reply
  4. མེ་ཏོག་དཀར་པོ། says:
    ལོ་ 14 སྔོན།

    རྩོམ་ཡིག་སྔ་ཕྱི་གཉིས་ཀའི་བསྟན་བྱ་ལ་རྒྱབ་སྐྱོར་ཡོད། རང་ལུས་མེར་སྲེག་དེ་འཚེ་མེད་ཞི་བའི་ལས་འགུལ་གྱི་ཡང་རྩེ་ཞིག་རེད། བོད་ནང་དུ་ཉི་མ་རེ་རེ་བཞིན་རང་ལུས་མེ་རུ་སྲེག་བཞིན་ཡོད་པ་དེ་བོད་ནང་གི་བོད་མི་ཚོ་འཚེ་བ་མེད་པའི་ལས་འགུལ་སྤེལ་སྟངས་ལ་གོ་རྟོགས་མཐོན་པོ་ཡོད་པ་དང་། དེང་གི་དུས་རབས་དང་འཛམ་གླིང་གི་ཁ་ཕྱོགས་ལ་མཐུན་པའི་ལས་འགུལ་སྤེལ་ཕྱོགས་འདི་ལྟ་བུ་ཞིག་ལ་ནང་བྱན་ཆུད་སོང་བ་མ་རེད། ཨུ་ཐུགས་སོང་བ་རེད། ཨུ་ཐུགས་སོང་ཟེར་བ་དེ་ཡང་དགྲ་ཁ་གཏད་ཀྱི་གཉའ་གནོན་དང་བརྙས་བཅོས་ལ་ཨུ་ཐུག་པ་མ་རེད། དགའ་ཁ་གཏད་ལ་ཁ་གཏད་ཇི་ལྟར་གཅོག་དགོས་པ་དང་། སེམས་ཀྱི་སྡུག་བསྔལ་སངས་ཐབས་ལ་ལས་ཀ་བཞན་བྱེད་པའི་ལམ་ཁ་གཅིག་ཀྱང་མེད་སོང་བ་རེད། ལམ་ཁ་གཞན་མ་རྙེད་པ་མ་རེད། ཕྱི་རྐྱེན་ནང་རྐྱེན་མང་པོ་ཞིག་གིས་ལམ་ཁ་དེ་དག་ནང་ཞུགས་པའི་གོ་སྐབས་མ་སྤྲད་པ་རེད།

    Reply
  5. ཡར་ཀླུང་པ། says:
    ལོ་ 14 སྔོན།

    རྩོམ་ཡིག་སྔ་མ་དེ་རྩོམ་ཡིག་ཅིག་གི་ཐད་ནས་ཧ་ཅང་ཐབ་ཅག་ཅིག་ལས་མཐོང་མ་སོང་མོད། རྩོམ་པ་པོས་གང་བཤད་ན་འདོད་ཀྱི་ཡོད་པའི་བརྗོད་བྱ་དེར་མོས་མཐུན་བརྒྱ་ཆའི་བརྒྱ་ཡོད། ང་རང་གིས་སྔོན་མ་ཞིག་ནས་དེ་ལྟར་དྲན་མྱོང་ཡོད་ལ། ང་དང་ང་ལྟ་བུ་གཞན་མང་པོ་ཞིག་གིས་ཀྱང་དེ་ལྟར་ཤོད་ཀྱི་ཡོད་པ་ཐོས་མྱོང་།
    ཡིན་ནའང་ད་རེ་ཞོར་འཕྲོས་སུ་ངན་པའི་རང་སྟོད་ཀྱི་བཟོ་འདྲ་ཞིག་བྱས་ཡོད་པ་དེ་ཁྱོན་ནས་སྣང་བར་འགྲོ་མ་སོང་ལ། བསམ་ཚུལ་ཤོད་ཀྱིན་ཤོད་ཀྱིན་ཕུགས་ན་ཅི་གང་མེད་པ་ཇེ་གསལ་དུ་འགྲོ་བཞིན་འདུག་པས། ངས་གྲོགས་པོ་འདིས་བསམ་ཚུལ་ལ་ཆ་འཇོག་བྱེད་ཐུབ་མ་སོང་།

    Reply
  6. འཇམ་གཅེས ། says:
    ལོ་ 14 སྔོན།

    དེ་རིང་༸ གོང་ས་མཆོག་གིས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བྱང་ཆུ་ལམ་རིམ་ཆེན་མོའི་གསུང་ཆོས་དབུ་འཛུགས་གནང་སྟེ། བྱང་ཆུབ་ལམ་རིམ་ཆེན་མོའི་གཞུང་ལ། བྱ་བྲལ་རྫོགས་ཆེན་པ་ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་ས་དགེ་བཀའ་རྙིང་རིས་ཀྱི་བླ་སྦྲུལ་ཚོས་ཐུགས་སྣང་གནང་སྟེ་རྒྱལ་བའི་བསྟན་པར་ཞབས་འདེགས་བསྒྲུབས་ཡོད་སྐོར་སོགས་གསུངས་འདུག

    རྒྱ་གར་ལྷོ་ཕྱོགས་མུམ་བྷེ་གྲོང་ཁྱེར་དུ་ཡོད་པའི་དུད་འགྲོ་སྲུང་སྐྱོབ་ཚོཊ་པས་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཚེས་ ༢༨ ཉིན་༧གོང་ས་མཆོག་འཛམ་གླིང་བྱམས་བརྩེའི་ཉིན་མོ་ (World Compassion Day) ཞེས་པའི་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། ཚོགས་ཐོག་ཏུ་དཀར་ཟས་བསྟེན་ན་ཡག་པོ་ཡོད་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་གདན་ས་གསུམ་གཙོས་གྲྭ་ཚང་ཕལ་མོ་ཆེའི་དཀར་ཟས་སྟེན་གྱི་ཡོད་ཚུལ་སོགས་གསུངས་འདུག

    སྐབས་དེར་གསར་འགོད་པས་རྒྱ་ནག་གི་མགོ་ཁྲིད་གསར་བའི་འཕོ་འགྱུར་ཐད་ཐུགས་རེ་གང་ཡོད་དྲིས་པའི་ལན་དུ་ “ རྒྱ་ནག་གི་མགོ་ཁྲིད་གསར་པ་ཚོ་མི་སྒེར་གྱི་ཐོག་ནས་ལྟ་སྐབས་མི་ཡག་པོ་ཡོད་ཀྱང་། དམར་པོའི་ལམ་ལུགས་དེ་ཧ་ཅང་མཁྲེགས་པོ་ཡིན། དེང་སྐབས་འཛམ་གླིང་ནང་གཅིག་བསྡུས་རིང་ལུགས་ཇེ་ཉུང་དུ་འགྲོ་བཞིན་ཡོད། རྒྱ་ནག་ནས་ཀྱང་འཛམ་གླིང་སྤྱི་མཚུངས་ཐོག་ནས་དམངས་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཕྱོགས་སུ་འགྱུར་བ་གཏོང་རྒྱུ་ལས་གདམ་ཀ་གཞན་གང་ཡང་མེད། འོན་ཀྱང་འགྱུར་བ་ལམ་སེང་ཡོང་མིན་བརྗོད་རྒྱུ་ད་ཆར་ཏོག་ཙམ་སྔ་དྲགས་པ་རེད། དེར་བརྟེན་ངང་སྒུག་བྱས་ནས་ལྟ་རྒྱུ་རེད” ཅེས་གསུངས་འདུག

    Reply
  7. མི་ཆུང་། says:
    ལོ་ 14 སྔོན།

    གྲོགས་པོ་ལགས་ཁྱེད་ཀྱིས་འཛིང་དགོས་རེད། བཏུབ་དགོས་རེད་ཅེས་ལན་ཅི་ཙམ་བཤད་ཀྱང་དོན་སྟོང་རེད། ཁྱེད་ཀྱིས་བཤད་ན། ཇི་ལྟར་འཛིང་རྒྱུ་ཡིན། སུས་འཛིང་དགོས་རེད། འགག་སྒོ་འདིའི་ཐད་རྩོམ་ཡིག་རེ་བྲིས་ན་དྲོ་བ་མྱོང་རྒྱུ་ཞིག་ཡོད་ཀྱི་རེད། དེ་མིན་སྐབས་ཐོག་གི་སེམས་ཚོར་ཙམ་རེད།

    དེ་སྔོན་ལྷག་བསམ་ཚེ་རིང་གིས་བོད་ནང་དུ་རྡ་སའི་རི་སྒང་ནས། དུག་སྦྲང་གི་དམག་འཁྲུགས་ཐེངས་མང་པོ་བརྒྱབས་ཚར་ཡོད། ད་དུང་རང་བཙན་ལོན་བྱེད་ཀྱི་འཆར་གཞི་ཡང་གཙང་མ་གཙང་རྐྱང་བྲིས་ནས་ཡོད། འོན་ཀྱང་བཙན་བྱོལ་སྒྲིག་འཛུགས་ལྟ་ཅི། རང་ཉིད་མགོ་གཙོ་བྱེད་མྱོང་བའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཡང་ད་བར་སྟོན་མྱོང་མེད།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese