མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབོ་རར་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་སླར་ཡང་བླ་བྲང་འབོ་རའི་གཞུང་ལམ་སྟེང་དུ་རང་ལོ་ ༡༧ ཡིན་པའི་བོད་མི་གཟུངས་འདུས་སྐྱབས་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གནང་ཡོད་འདུག

བརྒྱུད་ལམ་ཁག་ཅིག་ནང་གནས་ཚུལ་ཐོན་གསལ་ལྟར་ན། དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༣།༤༠ ཙམ་ལ། བོད་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་བསང་ཆུ་རྫོང་འབོ་ར་ཡུལ་ཚོ། བརྡར་མདོ་སྡེ་བའི་སྟག་མགོ་ཚང་གི་རང་ལོ་ ༡༧ ཡིན་པའི་བུ་གཟུངས་འདུས་སྐྱབས་ལགས་ཀྱིས་འབོ་རའི་དགོན་པའི་ཉེ་འཁྲིས་གཞུང་ལམ་སྟེང་དུ་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གནང་ཡོད་འདུག

འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་བསོད་ནམས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་བ་དང་མཉམ་དུ། རང་ཉིད་ཀྱིས་མགོ་བོས་རྩིག་ངོས་ལ་བརྡབས་ཏེ་ཁྲག་མང་པོ་འཐོན་བཞིན་ཡོད་འདུག་ལ། དེ་མ་ཐག་དུས་རྒྱུན་དགོན་པར་སྐོར་སྲུང་བྱེད་མཁན་དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོ་བསླེབས་ཏེ་ཁོང་ཀན་ལྷོ་ཁུལ་ཐོག་གི་མི་དམངས་སྨན་ཁང་དུ་འཁྱེར་ཡོད་པ་དང་། ད་ཆར་སྨན་ཁང་དེའི་ཕྱི་ནང་གང་སར་ཉེན་རྟོག་པ་དང་དམག་མིས་སྐོར་ཡོད་འདུག 
ཁོང་གི་ནང་མི་སོགས་སུ་གང་གིས་ཀྱང་ཐུག་འཕྲད་བྱེད་མ་ཐུབ་སྟབས། ད་སྔ་ཁང་ཤི་གསོན་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་དང་། གཟུངས་འདུས་སྐྱབས་ལགས་ཀྱི་ཕ་མིང་ལ་ཚེ་བྷ་དང་མ་མིང་ལ་བནྟེ་འཚོ་ཟེར་གྱི་ཡོད་པ་དང་། ཁོང་ལ་གཟའ་ཟླ་དང་བྱིས་པ་ལོ་གཉིས་མ་ཟིན་ཅན་ཞིག་བཅས་ཡོད་འདུག

ད་ཆར་འབོ་ར་དགོན་པའི་དགེ་འདུན་པ་དང་མང་ཚོགས་ཚོ་གཟུངས་འདུས་སྐྱབས་ལགས་སུ་བདག་སྐྱོང་བྱེད་པར་འགྲོ་རྩིས་བྱས་པར་རྒྱ་ནག་གི་ཉེན་རྟོག་པས་བཀག་འགོག་བྱས་ཏེ་གནས་ཚུལ་ཛ་དྲག་ཆགས་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    ཨ་རིའི་བརྙན་འཕྲིན་ཁང་གི་《དྲ་ནང་གི་བོད།》ཅེས་པའི་ལེ་ཚན་གཙོ་སྐྱོང་བ་ཚེ་རིང་སྐྱིད་ལགས་ཀྱི་ངོ་དེབ་ནང་དུ་གཤམ་གྱི་གནས་ཚུལ་འདི་བཀོད་འདུག

    17year old father of one self-immolated on December 2 in Bora,Amdo
    今天12月2号安多博拉又发生了自焚事件。
    དེ་རིང་ཨ་མདོ་འབོ་ར་རུ་ལོ་ན་༡༧ཅན་གྱི་བྱིས་པ་གཅིག་གི་ཨ་ཕས་རང་ལུས་མེར་བསྲེགས་བཏང་འདུག
    In fresh reports coming out of Tibet, a Tibetan man set himself on fire today in Bora,Amdo. (Xiahe county, Gannan Tibetan Autonomous Prefecture, Gansu province).
    Sources have identified the Tibetan as Songdhi kyab, 17, a fat
    her of one, from Bora Dhardho village of Lobrang. He is survived by his parents(Father Tsepa and mother wandey Tso), his young wife and 2year old son.
    Songdhi kyab set him-self on fire on the high way of near Bora monastery and was still alive when police took him away, reportedly to the public hospital in Tseo.
    Local Tibetans and monks from Bora monastery gathered at Songdhi kyab’s self-immolation place and the situation became very tense between local Tibetan and police.
    今天12月2号安多博拉(自甘肃省甘南州夏河县博拉乡达尔多村)又一位年级17岁的男孩对中共的不满而自焚。17岁的自焚者叫松底杰,是一位两岁不到孩子的父亲。自焚者被当局带走。家乡人说自焚者现在在合作人民医院里。情况不明.
    བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་འབོ་ར་ས་ཆའི་གཞུང་ལམ་གྱི་སྟེང་དུ་དེ་རིང་བོད་མི་རང་ལོ་༡༧་ཅན་བྱིས་པ་གཅིག་གི་ཨ་ཕ་ཡིན་པའི་གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཁོང་གི་གཟུགས་པོ་མེ་སྤར་བཞིན་པའི་སྐབས་སུ་ཉེན་རྟོག་པ་ཡོང་ནས་མེ་བསད་དེ་ཁོང་བཙན་ཁྲིད་བྱེད་ཡོད་འདུག་ལ། བོད་ནང་གི་ས་གནས་བོད་མིས་བརྗོད་ན་ད་ལྟ་གཟུངས་འདུས་སྐྱབས་འབོ་ར་ས་ཆའི་ཐག་ཉེ་གཙོས་གྲོང་ཁྱེར་གྱི་མི་མང་སྨན་ཁང་དུ་ཡོད་འདུག ཡིན་ཡང་གཟུངས་འདུས་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་བཞིན་པ་མིག་མཐོང་བྱུང་མཁན་མི་ཚོས་བརྗོད་ན་རང་ལུས་མེར་བསྲེགས་གཏོང་བཞིན་པའི་སྐབས་སུ་ཁོང་གིས་རང་གི་མགོ་བོ་འཁྲིས་ཀྱི་རྡོ་ཡི་སྒང་ལ་བཞུ་བཞིན་པ་སོགས་ཀྱིས་ཕལ་ཆེར་གཟུངས་འདུས་སྐྱབས་གསོན་པའི་རེ་བ་མི་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱིནའདུག གཟུངས་འདུས་སྐྱབས་ནི་ད་ལྟ་རྒྱ་ནག་གི་སྲིད་འཛིན་ས་ཁུལ་ལྟར་ན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོ་ར་ཞང་གི་མངའ་ཁོངས་རྡར་མདོ་སྡེ་བའི་མི་ཡིན་པོ་དང་། ཁོང་ནི་ཕ ཚེ་བྷ་དང་མ་བན་དེ་འཚོ་གཉིས་ཀྱི་བུ་ཡིན་པ་དང་། ཆུང་མ་དང་མཉམ་དུ་བུ་ཆུང་ལོ་ན་གཉིས་ལ་མ་སོན་ཙམ་ཞིག་ཡོད་འདུག
    ཡང་གནས་ཚུལ་ཡོང་ཁུངས་ཁ་ཤས་ཀྱིས་བརྗོད་ན་འབོ་ར་དགོན་པའི་དགེ་མདུན་པ་དང་མང་ཚོགས་ཚོ་གཟུངས་འདུས་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་སའི་འབོ་རའི་གཞུང་ལམ་སྒང་འཛོམས་ཏེ་གཟུངས་འདུས་སྐྱབས་ལ་སྨན་ཁང་དུ་བདག་སྐྱོང་བྱ་བར་འགྲོ་བའི་སྐད་འབོད་བྱེད་པ་དང་ཉེན་རྟོག་པས་བཀག་འགོག་བྱེད་པ་སོགས་ད་ལྟ་གནས་ཚུལ་ཛ་དྲག་ཡིན་འདུག ཡིན་ན་ཡང་ས་གནས་དེ་གའི་རྒྱུད་ལམ་སོགས་ཡོད་ཚད་བཀག་འདུག་པས་ད་ལྟ་འབོ་ར་ས་ཆར་ཐད་ཀར་འབྲེལ་བྱ་ཐུབ་ཀྱིན་མེད་པ་རེད།
    གཟུངས་འདུས་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་སའི་ས་གནས་འདི་ནི་སྤྱི་ཟླ་བཅུ་བའི་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་བྱིས་པ་གཉིས་ཀྱི་ཨ་ཕ་ཡིན་པའི་འབོ་ར་ལྷ་མོ་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་སའི་ས་གནས་དང་གཅིག་མཚུངས་གཞུང་ལམ་དེའི་སྟེང་ཡིན་པ་རེད། གཞུང་ལམ་དེ་ནི་རྨ་ཆུ་ཀླུ་ཆུ་དང་། གཙོས། སྒྱུས་ཚང་། དགེ་ཤུལ། ཨ་མཆོག་ལ་སོགས་པར་འགྲོ་སའི་བཞི་མདོའི་ལམ་ཆེན་ཞིག་ཡིན་པ་རེད།
    Source, VOA Tibetan.
    消息来源美国之音的藏语部。
    གནས་ཚུལ་ཡོངས་ཁོངས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ཡིན།
    (བོད་ཡིག་རྗེས་སུ་འཇོག་དོན་ནི་གཙོ་བོ་བོད་ཀྱི་གསར་འགྱུར་རྒྱུད་ལམ་གཞན་དུ་འགྲོ་ཆེད་ཡིན། ༽

    Reply
  2. མྱི་དཀར says:
    ལོ་ 13 སྔོན།

    སྙིང་ཉེ་བའི་དཔའ་རྒོད་དག་ངས་དུས་ནམ་ཡང་ཁྱེད་རྣམས་ལ་སྨོན་ལམ་འདེབས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese