མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀོན་མཆོག་སྐྱབས་ལཊ་སྐུ་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བོད་མདོ་སྨད་རྔ་པར་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལཊ། རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་སུ་སྐུ་གྲོངས་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ཟླ་ ༡༡ པའི་ཚེས་ ༣༠ ཉིན་བོད་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཞང་གཟའ་རུ་སྟོད་མའི་རུ་སར་ཁ་བའི་ཕུན་ཚོཊ་ཚང་གི་རང་ལོ་ ༢༩ ཡིན་པའི་བུ་དཀོན་མཆོག་སྐྱབས་ལཊ་ཀྱིས། བཞག་ལྡོམ་ཞང་ནས་སྤྱི་ལེ་བཅུ་ལྷག་གི་སར་ཡོད་པའི་སྣུམ་ལྡུག་སའི་སྒོ་འགྲམ་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས། རྒྱ་གཞུང་ཉེན་རྟོག་པས་དེ་མ་ཐག་འབར་ཁམས་སུ་ཁྱེར་ཏེ་ཞིབ་ཕྲའི་གནས་ཚུལ་ཤེས་མེད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་དགོང་མོ་རྒྱལ་གཅེས་པ་ཁོང་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་སུ་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། རྒྱ་གཞུང་གིས་ཁོང་གི་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་བའི་དུས་ནས་བཟུང་མཛོད་དགེ་ཕྱོགས་གཙོ་བོར་གྱུར་པའི་བོད་མི་སྐྱ་སེར་དང་རྒན་གཞོན་མང་པོ་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ཀྱི་ནང་མིར་གདུང་སེམས་མཉམ་སྐྱེད་དང་མྱ་ངན་འཚམས་འདྲི་ཆེད་ཕེབས་ཀྱི་ཡོད་འདུག རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས་ཀྱི་ཕ་མིང་ལ་ཕུན་ཚོགས་དང་། མ་མིང་ལ་བློ་བཟང་སྒྲོལ་མ་འབོད་ཀྱི་ཡོད་པ་དང་། ཁོང་ལ་སྤུན་གཅིག་དང་སྲིང་མོ་གཉིས་ཡོད་འདུག ཁོང་གི་བཟའ་ཟླའི་མིང་ལ་པདྨ་སྐྱིད་ཡོད་ཅིང་། ད་ལྟ་རང་ལོ་ ༢༦ ཡིན་འདུག  ཁོང་བཟའ་ཟླ་གཉིས་ལ་རང་ལོ་ ༩  ཡིན་བྱིས་པ་གཅིག་དང་རང་ལོ་ ༦ ཡིན་བྱིས་པ་གཅིག་བཅས་ཡོད་འདུག

རྒྱལ་གཅེས་དཔའ་བོད་དཀོན་མཆོག་སྐྱབས་ལགས།

རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས་ཀྱི་བྱིས་པ་གཉིས།

ས་གནས་དགེ་འདུན་པ་ཚོས་བསྔོ་སྨོན་གནང་བཞིན་པ།

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

མཆན། 3

  1. གཙང་ཞོལ་བདེ་གསལ། says:
    ལོ་ 14 སྔོན།

    མྱེ་ཞགས་ཤིག རི་རྩེ་ནས་མཚོ་གཞུང་བར་དུ་མཆེད་དེ། རི་ཆུ་ཚ་རླབས་ཀྱིས་བསྐྱོམས་ཤིང་བསྲོས་པ། སྐལ་བ་འཇིག་ཁའི་མེ་དེ་མིན་ཡང་། གཅིག་རྗེས་གཉིས་མཐུད་ཀྱིས་བསྲེགས་ཏེ། བདག་དབང་གི་བོད་སའི་གྲུ་ཟུར་རེ་རེ་སྐོར་ནས། མིའི་སེམས་སུ་དམར་ལམ་ལམ་གྱི་སྲོག་དབུགས་ཀྱིས་བདེན་པ་བརྡར་གྱིན་ཡོད།

    རང་བཙན་གྱི་ངར་སྐད་སྒྲོག་གིན། ཞི་བདེ་ཡི་ཁ་གཡང་འབོད་ཀྱིན། མེ་ལུམས་ཀྱི་འགད་སྒྲ་གཅིག་གིས་གློ་སྙིང་བྲང་གསུམ་ཚལ་བར་གཏོར་ཏེ། ཕ་ས་དམར་པོ་དེར་ཚེ་མཐའི་ཤི་སྔས་བཞག

    སྦྱིན་བསྲེག་ལ་ཕུལ་བའི་མི་ལུས་རིན་པོ་ཆེ་ཆུ་ཤུར་ཐར་རེ་ངའི་སྔས་འགྲམ་དང་མིག་སྔུན་ལ་ལྷུང་། དེའི་ཚེ་དམར་དམག་གི་མེ་མདའི་སྐག་སྒྲ་དང་། ཡུལ་མི་ཚོའི་ངུ་ འབོད་ཀྱི་འཁུན་སྒྲ། འུར་འུར་ཆེམ་ཆེམ་གྱིས་འཁྲིགས་པའི་ཚིག་དྲི་དེས་ ཤ་འཁོན་ཁྲི་ཕྲག་གི་ཚ་གཟེར་ཁྱེར་ནས་ཆས་བྱུང་།

    གཡུལ་འགྱེད་ཀྱི་བློ་སྒོ་ཕྱེས་ཏེ། དཔའ་རྟགས་ཀྱིས་གཤེགས་ལམ་རེ་ན། སྒང་བ་བོད་པའི་བླ་སྲོག་དང་ལོ་རྒྱུས་ཡོད། བཟོད་བསྲན་གྱི་སྤྱན་ཟུང་ཟུམ་སྟེ། མཆོད་སྦྱིན་གྱིས་བློས་བཏང་རེ་ན། ཆོས་ལྡན་ཞིང་གི་རེ་སྨོན་དང་ཐུགས་སྐྱེད་ཡོད།

    རང་དབང་གི་འཚོ་གཞིས་བསྐྲུན་ཕྱིར། དཀའ་སྡུག་གི་དོང་ལ་ལྕེབས་སོང་། རྒྱལ་ཁབ་ཀྱི་དར་ཆ་ཕྱར་ཕྱིར། གཅེས་སྲོག་དེ་མེ་ལ་སྦར་སོང་། མེ་འབར་གྱི་ངར་ཁ་བཙན་པའི་ལོ་སར་ཞིག་ཚེས་སོང་། ངའི་ལུས་སེམས་ཐལ་བར་བསྲེགས་སོང་།
    (ངས་སྔོན་མར་དྲ་ཐོག་ཏུ་བཞག་ཚར་བ་ཡིན་ཀྱང་ད་རེས་ཡང་འདིར་ཕུལ་བ་ཡིན)

    Reply
  2. ལོག་འཇོམས་རལ་གྲི། says:
    ལོ་ 14 སྔོན།

    ཟུངས་ཁྲག་གིས་སྨྱོས་པའི་མེ་ལྕེ།

    བསྐལ་པ་སྟོང་གི་མུན་པའི་མངལ་སྦུབས་ན་སྦྲུམ་པའི
    གོད་ཆག་དང་འཇིགས་ཉེན་གྱིས་ཟོས་པའི་པོ་ཏ་ལ
    ཟུངས་ཁྲག་གིས་སྨྱོས་པའི་མེ་ལྕེའི་འོད་ངོགས་ནས་མངོན་བྱུང
    རྡོ་སྣུམ་དང་ཟུངས་ཁྲག་གི་རྦ་རླབས་འཁྱིལ་བའི་ཁུགས་སོ་ན
    འོད་དུ་བཞེངས་བའི་བཙན་པོའི་སྙིང་སྟོབས་མེ་ལྕེའི་ཟོལ་གྱིས་མཆེད་པས
    ལོ་རྒྱུས་ཀྱི་གས་སྲུབ་ཏུ་ལྷུང་བའི་པོ་ཏ་ལ
    འཛམ་གླིང་གི་མཐོ་ས་ནས་མངོན་བྱུང

    མངོན་སྟངས་དེ སྙིང་གས་གཞི་དང་སྙིང་སྟོབས་སྐྱེ་གཞི་རུ་གྱུར་པའི
    ཟུངས་ཁྲག་གིས་སྨྱོས་པའི་མེ་ལྕེ་དེའི་སྟོབས་ཤུགས་དང་འཕྲིན་ལས་ལགས་ཏེ
    མེ་ལྕེ་དེ་ནི དཔའ་བོ་ཚོའི་ཟུངས་ཁྲག་རྡོ་སྣུམ་དང་འདྲེས་ཏེ་འཁུལ་སྟངས་ཞིག་དང
    དཔའ་མོ་ཚོའི་གསོན་སྙིང་དྲོན་མོ་མེ་ཀློང་ན་ལྡིང་བའི་སྟངས་སྟབས་ཡིན་པས་སོ
    ད་དུང་མེ་ལྕེ་དེ་ནི འཚོ་གནས་དང་དབང་གི་ཆེད་དུ
    ཆེས་ཐོག་མར་མཐོ་སྒང་ནས་འཛམ་གླིང་ལ་ཆད་ཅིང་ཐོར་བའི་ཟི་ར་དམར་པོ་ཞིག

    ཟུངས་ཁྲག་གིས་སྨྱོས་པའི་མེ་ལྕེ་དེ
    བདག་གི་ཕུ་ནུ་མིང་སྲིང་ཚོའི་ཤ་རྗེན་ཐོག་ཏུ་དམར་འུ་རུ་རུ་འབར་དུས
    དགྲ་ཚོགས་ཀྱི་སྙིང་ལ་འོད་ཀྱི་དུག་མདའ་ཟུག་ཅིང
    གངས་ཅན་པའི་ལོ་རྒྱུས་དེབ་ཐེར་གྱི་སུལ་ན་གསེར་ཡིག་ཐོར་བ་བདེན་ངེས་ཀྱང
    བོད་མི་རྣལ་མ་རེ་རེའི་སྙིང་གི་ཕྱེད་ཀ་བསྲེགས་སོང་བའང་བདེན་པ་ཡིན་ངེས
    མེ་ཡི་གཤོག་ཟུང་བརྐྱངས་ཏེ་རང་དབང་གི་དག་ཞིང་བསྙེགས་པའི་ཕུ་ནུ་མིང་སྲིང་ཚོ
    ཁྱེད་ཚོས་མེ་ལྕེ་ཡི་རྣོ་དབལ་བཟོད་ནུས་ཀྱང
    ང་ཚོའི་སྙིང་ཁོང་གི་ན་ཟུགས་བསྲན་ཐབས་བྲལ་སོང

    ༢༠༡༢་༡༡་༡༠་།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བློ་སྟོབས་ལ་རྗེས་སུ་ཡི་རང་དང༌། བསམ་དོན་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུའོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese