མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་གྱི་མདུང་ཁ་ནང་ལ་མ་གཏོད།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཞུང་པ་ཚེ་དབང་བསོད་ནམས།    

བོད་གཞུང་དམངས་གཉིས་ནས་དམངས་གཙོའི་ཁྲིམས་ལུགས་བརྒྱུད་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པའི་འགན་འཁུར་བཞེས་དགོས་པ་ལས། དབུ་མའི་ལམ་གྱི་སྲིད་བྱུས་དེ་དག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཀྱི་མི་སྣའི་ལག་ཏུ་གསོ་སྐྱོང་བྱས་ཏེ། བོད་མི་ནང་ཁུལ་དུ་མདུང་རྩེ་ཁ་གཏོད་བྱ་རྒྱུའི་ཆབ་སྲིད་ཀྱི་ལག་ཆར་ནམ་ཡང་ཁ་ཕྱོགས་མི་ཉན།

དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་ཞུ་རྒྱུ་དེ་དག་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ལ་དབུས་བོད་མིའི་སྒྲིིག་འཛུགས་དང་རྒྱ་ཆེ་པའི་མང་ཚོགས་ཚོས་ངོས་འཛིན་གནང་གི་ཡོད་ན། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་དམངས་གཙོའི་ལམ་ལུགས་དང་མཐུན་པའི་ཁྲིམས་ལུགས་བརྒྱུད་ནས་གཏན་འབེབས་ཐོག གཞུང་འབྲེལ་གྱི་དུས་ཆེན་ལ་གཞུང་དམངས་གཉིས་ནས་སྲུང་གཙི་ཞུ་ཐུབ་པའི་འགན་འཁུར་བཞེས་དགོས་པ་ལས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་ཏུ་དབུས་བོད་མིའི་སྒྲིག་འཛུགས་དང་། ཞི་བའི་མི་མང་མཉམ་བཞུགས་གནང་རྒྱུ་དེ་དག་ཁྲིམས་མཐུན་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་པ་མ་ཟད། ཁྲིམས་མཐུན་ཞིག་ཏུ་ཁ་ཡང་བསྒྱུར་མི་ཐུབས་དེ་ཡང་གསལ་པོ་མཁྱེན་དགོས།

ལུང་ཚན་ཤོག་སྒྲིལ་དང་ཕྱོགས་གཏོགས་ཆབ་སྲིད་ལ་འགན་འཁུར་ཆེ་བའི་ཚོགས་པ་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་ཏུ་གསོ་སྐྱོང་བྱེད་བཞིན་པའི་སྐབས་འཚོལ་རིང་ལུགས་པ་ཁག་ནས་ང་ཚོ་དབུ་མའི་ལམ་དང་། ཁོ་ཚོ་རང་བཙན་ཟེར་བའི་ཆབ་སྲིད་ཀྱི་གོ་རྟོགས་རང་སྐྱ་མ་ཐུབ་པའི་མི་སྣ་ཁག་ནས་འདྲེ་ཤར་གྱི་ཕྱོགས་སུ་གནས་པ་ལས་གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་ཟེར་བའི་དཔེ་ལྟར། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཕྱི་ནང་གི་སྣོད་བཅུད་ཡོངས་རྫོགས་མེད་པ་བཟོ་མཁན་གྱི་དགྲ་བོ་ལ་ཐལ་བ་སྦར་བ་གང་གཏོར་མ་ཐུབ་པར། བོད་མི་ནང་ཁུལ་དུ་ཁྱོད་ཚོ་དང་ང་ཚོ་ཟེར་བའི་དགོས་མེད་ཀྱི་གླེང་གཞི་སྤེལ་བཞིན་པ་དེ་དག དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལྟ་གྲུབ་གསུམ་གྱི་ཡ་གྱལ་ “ཆིག་བསྒྲིལ” ཟེར་བའི་ཁ་གསང་ཆེན་པོའི་གཏམ་དེ་ཚོ་དང་ཡང་འགལ་བ་ལྟག་སྤྲོད་དུ་གྱུར་ཡོད་པ་སྨོས་ཀྱང་ཅི་དགོས།  

ཉེ་ལམ་ཚོགས་ཆེན་གྱི་མཇུག་ཏུ་སྲིད་སྐྱོང་མཆོག་གིས་བཀའ་སློབ་ཕེབས་པའི་ནང་། ༸གོང་ས་མཆོག་ཐུགས་ཕམ་ཡོང་དེ་རང་བཙན་དང་དབུ་མའི་ལམ་གྱི་གནད་དོན་མ་རེད་ཅེས་ཐུགས་ཐག་ཆོད་པོས་བཀའ་ཕེབས་པ་མ་ཟད། དབུ་མའི་ལམ་དང་རང་བཙན་བགྲོ་གླེང་ཡོང་དགོས་ཀྱི་རེད། འོན་ཀྱང་དེའི་བར་ལ་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་གོ་རྒྱུ་འདུག རྣམ་པ་ཚོ་ཕྱོགས་མཐའ་ཁག་ལ་ཕེབས་སྐབས་གནད་དོན་དེ་དག་མི་ཡོང་རྒྱུར་འབད་བརྩོན་གནང་རོགས་ཅེས་བཀའ་ནན་ཕེབས་པ་ནས་ངོ་སྤྲོད་གསལ་པོ་ཆགས་རྒྱུ་དང་། ཉེ་ལམ་ངྷ་སར་ཆབ་སྲིད་༼ དཔྱད་གླེང་༽ ཟེར་བའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་འགྲེམས་སྤེལ་བྱེད་བཞིན་པའི་གསར་ཤོག་ཅིག་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་གསར་དུ་འཁྲུངས་འདུག་པ་འདི་དག་ལ་ཞིབ་ཏུ་དཔྱད་སྐབས་ལོ་རབས་བརྒྱད་ཅུ་དང་། དགུ་བཅུའི་ནང་ལྡི་ལིར་༼ མ་ཁྱོག་དྲང་ཐིག ༽ཟེར་བ་དང་། ངྷ་སར་མང་༼ གཙོའི་གསར་ཤོག ༽ཟེར་བ་དེ་དག་ལ་མང་ཚོགས་ཀྱི་ཁྲོད་དུ་བལྟ་ཀློག་གི་འགྲོ་རྒྱུག་ཡོད་ནའང་། སྐྱེས་མ་ཐག་ཏུ་འཚར་ལོངས་མ་ཐུབ་པར་གཙང་ཆུ་དྭངས་མ་བཞིན་དུ་རྒྱུག་མ་ཐུབ་པར་རྫིང་ཆུ་རྙོག་མ་བཞིན་དུ་འཁྱིལ་ནས་ཞི་བར་གཤེགས་པའི་ལོ་རྒྱུས་ལ་དཔྱད་སྐབས། ད་ལྟའི་ཆབ་སྲིད་དཔྱད་གླེང་ཟེར་བའི་གསར་ཤོག་འདིའི་སྐུ་ཚེ་ཚད་དང་འགྲོ་དོན་གྱི་དཔྱད་གླེང་ཇི་ཙམ་གནང་ཐུབ་མིན་ལའང་ཐེ་ཚོམ་གྱི་རང་བཞིན་ཆགས་འདུག

རིན་ཐང་ཅན་གྱི་ཆབ་སྲིད་དཔྱད་གླེང་གནང་རྒྱུ་ཡིན་དང་། རང་ཕྱོགས་འགེབ་སྲུང་དང་གཞན་ཕྱོགས་ལ་སྡང་སེམས་དང་མཐོང་ཆུང་བྱ་རྒྱུའི་ཕྱོགས་གཏོགས་ཆབ་སྲིད་ཀྱི་དཔྱད་གླེང་ཞིག་ཡིན་དེ་ཡང་བཤད་ཚོད་ཐུབ་དཀའ་བའི་གནས་སུ་གྱར་ཡོད། རང་དབང་ཅན་གྱི་གསར་ཤོག་གང་མང་ང་ཚོའི་སྤྱི་ཚོགས་ནང་སྐྱེད་སྲིང་ཐུབ་པའི་འགན་དེ་བསམ་ཡོད་བློ་ལྡན་བོད་མི་ཚང་མས་ངེས་པར་དུ་བཞེས་དགོས་པ་ལས། ཚོགས་པ་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་ཏུ་གསོ་སྐྱོང་བྱེད་བཞིན་པའི་གསར་ཤོག་དང་། དུས་དེབ་སོགས་ཀྱི་དྲང་བདེན་གྱི་གནས་ཚུལ་དང་། ཁུངས་ཐུབ་ཀྱི་ལོ་རྒྱུས་སྤྱི་ཚོགས་འཚོ་བའི་ལོ་རྒྱུས་ནང་། ནམ་ཡང་འཇོག་མི་ཐུབ་པ་དེ་ཡང་གསལ་པོ་མཁྱེན་དགོས་པ་བཅས། དབུ་མའི་ལམ་གྱི་སྲིད་བྱུས་དེ་དག་བོད་རྒྱའི་དཀའ་རྙོག་ཞི་བའི་ཐོག་ནས་སེལ་ཐུབ་པའི་བླ་ན་མེད་པའི་ཆབ་སྲིད་ཀྱི་ཐབས་ལམ་ཞིག་ཡིན་པ་ལས་ཚོགས་པ་སྒྲིག་འཛུགས་དང་མི་སྒེར་གྱི་མཁས་གྲགས། རང་དོན་སྒྲུབ་རྒྱུའི་ཆབ་སྲིད་ལ་ཁ་ཕྱོགས་ཏེ་བོད་མི་ནང་ཁུལ་དུ་མདུང་རྩེ་ཁ་གཏོད་བྱ་རྒྱུའི་སྲིད་བྱུས་ཤིག་མིན་པ་དེ་ཡང་གསལ་པོ་མཁྱེན་ཐུབ་པའི་གསལ་འདེབས་ཞུ་འདོད་བྱུང་། །

ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༥།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 11

  1. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    ཏཱ་ལའི་བླ་མའི་མིག་ཆུ་ཟེར་བ་ཞིག་ནམ་མཁའ་ཟེར་བ་ཞིག་གིས་ཁ་བརྡ་དྲ་ཚིགས་སུ་བཀོད་འདུག གཤམ་གཤམ་གྱི་བསམ་ཚུལ་དེ་དེ་ནས་ལུང་དྲངས་པ་ཡིན། བསམ་ཚུལ་དེའི་དྲ་ཐག་ནི། http://www.khabdha.org/?p=37839 རེད།
    རྡ་སའི་བདེ་དོན་དང་ཐད་བསྐོས་སྤྱི་འཐུས་ཟླ་བ་ཚེ་རིང་ལ་གསར་ཤོག་གིས་བཅར་འདྲི་བྱས་དུས།ཁོས་ཁོ་བོད་ལ་རང་དབང་ཐོབ་ཀྱང་བོད་ལ་ལོག་གི་མིན་ཅེས་གསལ་བོ་བཤད་ཡོད། outlookindia.comའདིའི་ཐོག་ན་ཡོད།

    འདིར་གསར་ཤོག་དེའི་མིང་དང་ཚིག་མདོར་བསྡུས་ཞིག་བྲིས་ན།

    ༼བཙན་བྱོལ་རི་སྒང་གི་དོགས་ཟོན༽

    Dawa tserang. One of most vocal supporters of this demand. Says. Many more Tibetans.including

    Many mps. Feel that feill citizenship will enable us. To participate politically and stand for elections. He candiduly adds. Even if Tibet were to become free tomorrow . I am not sure if all of us here in dharamsala would want to go back. May would stay back.

    ༼ཟླ་བ་ཚེ་རིང་།སྤྱི་འཐུས་ཚུད་པའི་བོད་མི་མང་པོ་ཞིག་ལ་རྒྱ་གར་མི་སེར་གྱི་ལག་ཁྱེར་ཐོབ་པ་ཡིན་ན། ཁོང་ཚོ་ཡང་རྒྱ་གར་ཆབ་སྲིད་ནང་འཛུལ་ཞུགས་བྱེད་ཐུབ་ལ། འོས་ཤོག་ནང་ཀྱང་ལངས་ཆོག་པ་རེད། ཁོས་ད་དུང་།གལ་སྲིད་བོད་ལ་རང་དབང་སང་ཉིན་ཐོབ་ཀྱང་རྡ་སར་སྡོད་མཁན་ཚང་མ་ཕྱིར་བོད་ལ་ལོག་གི་མ་རེད།མང་པོ་ཞིག་རྡ་རམ་ས་ལར་འདུག་གི་རེད་༽ཟེར་བས་རང་གི་ཕ་ཡུལ་ལ་ཕྱིར་ལོག་འདོད་མེད་པ་ཞིག་གིས་བོད་ནང་གི་མི་དམངས་ཀྱི་བདེ་སྡུག་ལ་ཁ་ཞེ་གཉིས་མེད་ཀྱི་བསམ་གཞིགས་བྱེད་ཀྱི་རེད་དམ། ཕྱིར་རང་གི་ཕ་ཡུལ་ལ་ལོག་འདོད་མེད་མཁན་ཞིག་གིས་ལས་ཀ་ཡང་དེའི་ཚོད་ཀྱིས་བྱེད་ཀྱི་རེད་འདོད།

    རྡ་སའི་བདེ་དོན་ཟླ་བ་ཚེ་རིང་མི་ཤེས་མཁན་དང་ཁོའི་མིང་ཐོས་མ་མྱོང་མཁན་རྡ་ས་རུ་སུ་ཡོད།

    Reply
  2. ཚུལ་ཁྲིམས། says:
    ལོ་ 13 སྔོན།

    རྩོམ་པ་པོ་འདིས་རྩོམ་རེ་ཟུང་སྤེལ་མྱོང་ཡོད་པ་ཞིག་ཡིན། སེམས་ཤུགས་དང་གཞུང་གི་ལས་དོན་ཐོག་དོ་སྣང་ཡོད་མདོག་ཁ་བོ་ཞིག་འདུག་ཀྱང་། ཚིག་སྦྱོར་དང་དག་ཆའི་ཕྱོགས་ན་དཀའ་ངལ་འདུག

    Reply
  3. གངས། says:
    ལོ་ 13 སྔོན།

    ད་རྩོད་པ་འདི་རིགས་ལ་ཆོ་མི་འདུག་ཡ། ལབ་ཡ་སུན་གི་འདུག ཡིན་ནའང། དབུ་མའི་ལམ་ལས་འགུལ་ཁང་གིས་ད་ནི་མི་མང་སྡེབས་ལངས་ཀྱི་དབུ་ཁྲིད་དེ་ལྡི་ལི་བརྒལ་ནས་བལ་ཡུལ། བལ་ཡུལ་བརྒལ་ནས་བོད་ལ་ཆས་ན་མི་ཡག་གམ། དེང་སང་གཞོན་ནུའི་དབུས་རྒྱུན་གྱི་བྱ་སྤྱོད་ལས་མི་མང་གིས་གཞོན་ནུའི་ལས་འགུལ་ལ་འཛེམས་བཞིན་པའི་སྐབས། ད་ཤུགས་རྒྱབ་ན་ཡག་ས་རེད།

    ངས་གོ་ཐོས་ལ། རྒྱ་མཚོ་ཟེར་བ་འདི་དབུ་མའི་ལམ་གྱི་དབུས་རྒྱུན་ཟུར་པ་ཞིག་རེད་ཟེར། ད་སྙིང་རྗེ། ལོ་གཅིག་གི་ནང་དབུ་མའི་མ་ཤི་བར་སྤྱི་ཚོགས་ནང་ཐོན་ཡོད་པ་ཡོངས་གྲགས་རེད། དེ་བསུབ་ས་འགྲོའམ།། ཧཧཧཧ

    Reply
  4. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    ད་ཡིན་ན། དངོས་གནས་གཙེས་སོང་། དབུ་མ་དང་རང་བཙན་གྱི་ལྟ་བ་དང་ལངས་ཕྱོགས་བརྩད་ནས། སྐྱབས་བཅོལ་བའི་ནམ་ཟླ་འདི་ལྟར་བསྐྱལ་རྒྱུ་ཡིན་ནམ།

    ད་ཡིན་ན། དངོས་གནས་སུན་སོང་། རང་བཙན་དང་དབུ་མའི་ཕྱོགས་ཁག་དཔུང་སྒྲིག་བྱས་ཏེ། འཐབ་རྩོད་ཀྱི་མདུང་ཁ་ནང་དུ་གཏད་རྒྱུ་ཡིན་ནམ།

    སྤྱིར་ན། བོད་རང་བཙན་ནི། ལོ་རྒྱུས་དང་བདེན་པའི་རྒྱབ་ལྗོངས་ཡོད་པའི་རྩོད་གཞི་ཞིག་རེད་དེ། བདེན་པ་དང་ལོ་རྒྱུས་ལ་འགན་ལེན་བྱེད་སྟངས་ཀྱིས་མཚོན་པའི་འཐབ་རྩོད་ཀྱི་འགྲོ་ཕྱོགས་གང་ཞིག་ཏུ་མཆེད་ཡོད་དམ།

    དབུ་མའི་ལམ་ནི། འཐབ་རྩོད་བྱེད་སྟངས་ཀྱི་ཐབས་བྱུས་ཤིག་མ་གཏོགས་ལོ་རྒྱུས་དང་བདེན་པའི་རྒྱབ་ལྗོངས་བཙན་པོ་ཞིག་ཨེ་ཡོད་འདོད། འཐབ་སྟངས་འདི་རྩོད་གཞིའི་ངོ་བོར་མི་བསྒྱུར་རྒྱུའི་གལ་གནད་དེ་ཆེས་མ་མཐའི་རྒྱུན་ཤེས་ཀྱི་ཐོག་ནས་རྟོགས་པ་ཞིག་རེད།

    Reply
  5. རྒྱ་མཚོ། says:
    ལོ་ 13 སྔོན།

    རྡ་རམ་ས་ལའི་དབུ་མའི་ལམ་ལས་འགུལ་ཁང་འདི། ལོ་གཅིག་སྔོན་ཙམ་ནས་མང་ཚོགས་ནང་དཀྲུགས་ཤིང་སློང་བའི་ལས་འགུལ་ཁང་ཞིག་ཆགས་ཡོད། དེ་ནས་མང་ཚོགས་ཀྱིས་མཐོང་དང་ཆ་འཇོག་ཚང་མ་རིམ་པས་ཕྱིར་འཐེན་བྱས་སོང་། ཐ་ན། ཚོགས་མིོ་གནད་ཡོད་མང་པོས་ཀྱང་དགོངས་པ་ཞུས་སོང་། ད་ཆ། དབུ་མའི་ལམ་མི་མང་ལས་འགུལ་ཁང་ལབ་ན། རྩེད་མོ་རྩེ་ས་ལྟ་བུ་ཞིག་ཆགས་འདུག

    Reply
  6. བསེ་རུ། says:
    ལོ་ 13 སྔོན།

    ངས་ནོར་བཅོས་བྱས་པའི་མཆན་བུ་འགོག་དོན་ཅི་ཡིན་ནམ།
    སྐད་ཡིག་སྲུང་སྐྱོབ་ཆེད་དུ་ཡིག་ནོར་བཅོས་པ་དེ་ཉེས་སྐྱོན་ཡིན་ནམ།
    བསེ་རུའི་ཀུན་སློང་ལ་དོགས་པ་ཡོད་དམ།
    དུས་བབ་ཀྱིས་ཡིག་ནོར་ཐེར་འདོན་རིགས་ཀྱི་མཆན་བུ་འགོག་དགོས་པའི་གཏན་འབེབས་གནང་ཡོད་དམ།
    ད་བར་ཡིག་ནོར་ཐེར་འདོན་བྱས་པ་དེས་སྤྱི་སྒེར་ཚང་མར་ཕན་པ་ལས་གནོད་པ་མང་བ་བྱུང་ཡོད་དམ།

    Reply
  7. མི་རྒོད། says:
    ལོ་ 13 སྔོན།

    འགྲིག་ལེ་རེད་ལམ་གང་ཞིག་རྩལ་ཡང་དགེ་སྐྱོན་མེད་ལམ་དེ་བརྒྱུད་ནང་ཁུལ་དཀྲུག་རྐྱེན་བྱས་ཚེ་དེ་དགྲ་དང་ངན་འབྲེལ་ཡོད་པས་དཔྱད་པ་བྱེད་དགོས་དེ་མིན་ད་ང་ཚོ་མང་གཙོ་སློབ་པའི་དུས་ཡིན་འགྲིག་གི་འདུག་ལེགས་སོ།།།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་རྡ་སའི་དབུ་ལམ་ལས་འགུལ་ཁང་ཟེར་བའི་ཚོགས་སྡེ་་འདིའི་དམིགས་ཡུལ་ནི་གཞོན་ནུའི་སྒྲིག་འཛུག་གཏོར་བཤིགས་གཏོང་རྒྱུ་དེ་རེད་འདུག་པས་དེས་བོད་བསྟན་སྲིད་ལ་ཕན་གནོད་ཅི་ཡོད་རྒྱ་ཆེ་སྤུན་ཟླ་ཚོས་དཔྱད་རོགས་ཞུ། ཟེར།

    Reply
  9. བློ་དགའ། says:
    ལོ་ 13 སྔོན།

    རྡོག་རྡོག་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད། དབུ་མའི་ལམ་གྱི་ཆ་ལག་ཡོངས་རྫོགས་ལ་བོད་གཞུང་གིས་བདག་པོ་རྒྱག་དགོས་ཀྱི་འདུག དབུ་མའི་ལམ་དབུ་བརྙས་པའི་ཉིན་མོ་ཡང་གཞུང་འབྲེལ་གྱིས་སྲུང་བརྩི་བྱེད་དགོས་ཀྱིན་འདུག རྡ་སའི་དབུ་མའི་ལམ་ཚོགས་པའི་ལས་ཀ་བྱེད་ཕྱོགས་ལ་མོས་མཐུན་མེད། ལྷག་པར་དུ་བློ་བཟང་ཆོས་འབྱོར་གྱིས་དབུ་མའི་ལམ་གྱི་ལས་འགུལ་སྣེ་འཁྲིད་སྟངས་དེར་རྩ་བ་ནས་མོས་མཐུན་མེད་ཟེར་གྱི་འདུག རྡོག་རྡོག་དེ་རེད།

    Reply
  10. བསེ་རུ། says:
    ལོ་ 13 སྔོན།

    སྐད་ཡིག་སྲུང་སྐྱོབ།

    མ་དག་པ། དག་པ།

    མདོང་ཁ། མདུང་ཁ།
    གསེལ་ཐུབ་པའི། སེལ་ཐུབ་པའི།
    འགན་འཁུར། འགན་ཁུར།
    མི་ཐུབས། མི་ཐུབ།
    རང་སྐྱ། རང་རྐྱ།
    ཀླུད། གླུད།
    བོད་རྒྱས་ཁབ། བོད་རྒྱལ་ཁབ།
    མཇུག་དུ། མཇུག་ཏུ།
    ཐུག་ཕམ། ཐུགས་ཕམ།
    ཕྱོག་མཐའ། ཕྱོགས་མཐའ།
    བཙན་བྱོལ་སྤྱི་ནང་། བཙན་བྱོལ་སྤྱི་ཚོགས།
    གདང་སེམས། སྡང་སེམས།
    ཕྱོགས་གཏོག ཕྱོགས་གཏོགས།
    འོག་དུ། འོག་ཏུ།
    མདུང་རྩེ་ཁ་སྟོང་། མདུང་རྩེ་ཁ་གཏོད།

    གོང་རྣམས་གཏགས་ནོར་ཡིན་ནའང་འདྲ། གློག་ཀླད་ཀྱི་སྐྱོན་ཡིན་ནའང་འདྲ། གང་ལྟར་ཀློག་པ་པོ་ངས་མཐོང་དུས་ནོར་བའི་རིགས་ཤ་སྟག་ཡིན་སྟབས། ཀློག་པ་པོ་ཐུགས་སྣང་ཅན་ཚོར་དག་སྡེབ་ལ་ཅུང་ཟད་ཕན་དུ་རེ་ནས་འདིར་ནོར་བཅོས་བྱས་པ་ལས། གཞུང་པ་ཚེ་དབང་ནམས་ལགས་སུ་དམའ་འབེབ་དང་ཟུར་ཟའི་ཚུལ་དུ་འདིར་བྲིས་པ་ཞིག་མ་ལགས་སོ།།
    ངས་སླར་ཡང་ཡིག་ནོར་ལ་ཇུས་མེད་ཇུས་འཁྲི་བྱེད་ཀྱིན་ཡོད།

    སྐུ་ཉིད་ཀྱིས་དཔྱད་གླེང་འདི་ལྟར་སྤེལ་བར་བཀའ་དྲིན་ཆེ་ཞུ་ཞེས་ཀྱང་ཞུ་བར་ཐལ་ལོ།།

    Reply
  11. ཡུལ་གྱར་བ། says:
    ལོ་ 13 སྔོན།

    ཁྱེད་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། ང་ལ་དེ་ལྟའི་ཚོར་སྣང་ཟབ་མོ་བྱུང་། གང་ལྟའི་རྡ་སའི་དབུ་ལམ་ལས་འགུལ་ཁང་ཟེར་བའི་ཚོགས་སྡེ་་འདིའི་དམིགས་ཡུལ་ནི་གཞོན་ནུའི་སྒྲིག་འཛུག་གཏོར་བཤིགས་གཏོང་རྒྱུ་དེ་རེད་འདུག་པས་དེས་བོད་བསྟན་སྲིད་ལ་ཕན་གནོད་ཅི་ཡོད་རྒྱ་ཆེ་སྤུན་ཟླ་ཚོས་དཔྱད་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese