མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སློབ་མ་ ༡༨ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་རེབ་གོང་ཁུལ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་མ་ ༡༨ རྒྱ་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

ད་ལྟ་རང་སུད་སིར་གནས་བཞུགས་ཤ་བོ་རྡོ་རྗེ་ལགས་སུ་བོད་ནས་གནས་ཚུལ་འབྱོར་བར། དེ་རིང་སྔ་དྲོར་མདོ་སྨད་རེབ་གོང་ཁུལ་ཐོག་གི་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་མ་ ༡༨ ཙམ་ཁུལ་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བྱས་ཡོད་འདུག སློབ་མ་དེ་དག་གི་མིང་དང་ལོ་ཚོད་འཛིན་གྲྭ་སོགས་ད་སྔ་གསལ་བོ་ཤེས་རྟོགས་མ་ཐུབ་ཀྱང་། སློབ་མ་མང་ཆེ་བ་རྩེ་ཁོག་རྫོང་ཁོངས་ཀྱི་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

གཞན། ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་ཁྲིམས་ལུགས་སློབ་གྲྭ མཚོ་སྔོན་བོད་ལུགས་གསོ་རིགས་སློབ་གླིང་བཅས་ཀྱི་ནང་། རྒྱ་གཞུང་གིས་ཁ་བྱང་ལ་<<ཏཱ་ལའི་བླ་མ>>ཞེས་པའི་དཔེ་དེབ་རྒྱབ་ཤ་དཀར་པོ་ཅན་ཞིག་འགྲེམས་སྤེལ་བྱས་ཡོད་པའི་ནང་། བོད་ནང་གི་རང་སྲེག་དོན་རྐྱེན་དང་ངོ་རྒོལ་ཟིང་ཆ་རྣམས་ཏཱ་ལའི་བླ་མས་ཕྱི་ལོགས་ནས་བརྒྱུད་སྐུལ་བྱས་པ་ཡིན་ཚུལ་བཀོད་ཡོད་སྟབས། ཕྱི་ཚེས་ ༢༤ ཉིན་སློབ་གྲྭ་དེ་དག་གི་བོད་རིགས་སློབ་ཕྲུག་བཞི་ཡིས་ཤོག་ངོས་ ༤ ཅན་གྱི་ལན་འདེབས་ཡིག་ཆ་ཞིག་སློབ་ཕྲུག་ནང་ཁུལ་དུ་འགྲེམས་སྤེལ་བྱས་ཏེ། ཐེངས་འདིར་སྲིད་གཞུང་གིས་བཀྲམས་པའི་རྫུན་གཏམ་སྤུངས་པའི་དཔེ་དེབ་དེ་ལ་ཡིད་ཆེ་གཏན་ནས་བྱ་མི་རུང་སྐོར་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་སྤྱིར་འཛམ་གླིང་ཞི་བདེ་དེད་དཔོན་ཆེན་མོ་ཞིག་དང་། ཡང་སྒོས་ཁ་བ་གངས་ཅན་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་དང་། འདུ་ཕྱི་གཉིས་ཀྱི་སྐྱབས་གནས་ཉག་ཅིག་དེ་ཡིན་སྐོར་བཀོད་ཡོད་འདུག དེའི་རྗེས་རྒྱ་གཞུང་གིས་གོང་གསལ་སློབ་མ་དག་ལས་སངས་རྒྱས་བཀྲ་ཤིས་ཞུ་བ་ཞིག་འཛིན་བཟུང་བྱས་ཏེ་ད་བར་གར་སོང་ཆ་མེད་ཆགས་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་མདོ་སྨད་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད་ པའི་གསོ་རིག་སློབ་གླིང་གི་སློབ་མ་ཚོས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པར། གཞུང་གི་ཉེན་རྟོག་པ་དང་དམག་མིས་འཛིན་བཟུང་གཅར་རྡུང་ཚད་ལས་བརྒལ་བ་བཏང་ཡོད་པ་དང་། ཟླ་འདིའི་ཚེས་ ༥ ཉིན་སློབ་མ་རབ་བརྟན་དང་དབང་འདུས་ཚེ་རིང་། བྱམས་པ་ཚེ་རིང་། ཆོས་སྐྱོང་། བཀྲ་ཤིས་ཀུན་བཟང་། རྡོ་ལ་ཚེ་རིང་། སངས་རྒྱས་དོན་གྲུབ། ཀུན་བཟང་འབུམ་བཅས་ལ་རྒྱ་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

མཆན། 3

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 10 སྔོན།

    བོད་ནང་གི་ཤེས་ཡོན་ཅན་དང་དགེ་རྒན། འཐུས་མི། ཏང ཡོན སུའི་ཐད་ནས་ཁྲིམས་རྩོད་པ་གླས་ཏེ་གནས་ཚུལ་ཕྱི་གསལ་ནང་གསལ་ཡོངས་ཐུབ་ལ་འབད་བརྩོན་གནང་དགོས།

    Reply
  2. རྨེའུ་དཀོན་རྒྱམ། says:
    ལོ་ 10 སྔོན།

    བོད་མི་རིགས་ཀྱི་སྟོབས་ཤུགས་གང་ཡིན་ནམ། དེ་ནི། བོད་ཀྱི་རིག་གཞུང་དང་དེ་རྒྱུད་འཛིན་བྱེད་ཀྱིན་པའི་བོད་པའི་སློབ་ཕྲུག་རྣམས་རེད། དེས་ན། རྒྱ་གཞུང་གིས་བོད་མི་རིགས་འདི་རྩ་མེད་གཏོང་རྒྱུ་འཆར་གཞི་ངན་པ་འདི་ལྷུང་ལ་འབུད་ཀྱིན་པ་མིན་ནམ།

    ཡང་། བོད་མི་རིགས་འདི་རྩ་མེད་དུ་གཏོང་དགོས་ན། ཐོག་མར་བོད་ཀྱི་རིག་གཞུང་དང་དེས་ཤུགས་རྐྱེན་ཐེབས་པའི་མ་འོངས་བོད་ཀྱི་སྲོག་ཤིང་དུ་གྱུར་བའི་སློབ་ཕྲུག་རྣམས་བཙོན་འཇུག་དང་སྔུག་སྦྱོང་། དམར་གསོད་གཏོང་དགོས་པའི་རྩ་དོན་བཟུང་བ་མ་རེད་དམ།

    སྤྱིར་ན། བོད་མི་རིགས་གྲངས་ཉུང་མི་རིགས་ཤིག་ཡིན་དུས། སྐད་ཡིག་དང་རིག་གནས་ཀྱིས་སྤྲེལ་བའི་འདུ་ཤེས་དེ་བསྒྱུར་དགོས་པ་གལ་ཆེན་དུ་བརྩིས་ནས། བོད་ཀྱི་སྐད་ཡིག་བེད་སྤྱོད་མེད་པར་བཟོ་དགོས་པའི་རྒྱུ་མཚན་དེ་ག་རང་མ་རེད་དམ།

    རྒྱ་གཞུང་གིས་འདི་ལྟར། སྲིད་བྱུས་རྩུབ་པོ་དང་ཕྱོགས་རིས་ཅན་ཞིག་ཨུ་ཚུགས་མཁྲེགས་འཛིན་བྱེད་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། སྲིད་བྱུས་དང་ལངས་ཕྱོགས་འདིས། རྒྱ་གཞུང་གི་རྒྱབ་མདུན་དེ་གསལ་བཤད་ག་འདྲ་བྱེད་ཀྱིན་འདུག་གམ།

    Reply
  3. ནོར། says:
    ལོ་ 10 སྔོན།

    དེ་རིང་རྨ་ལྷོ་ནས་སློབ་ཕྲུག་ ༡༨ བཟུང་བ། མཚོ་སྔོན་གྱི་བོད་རིགས་སློབ་ཆེན་ཁག་ནང་༼ཏཱ་ལའི་བླ་མ༽ཞེས་པའི་ཡིག་ཆ་བཀྲམས་པ། མཚོ་ལྷོའི་སློབ་ཕྲུག་ ༨ ལ་ཁྲིམས་ཐག་བཅད་པ། འདི་དག་གནས་ཚུལ་ཁ་ཁར་སྤེལ་རྒྱུ་ན། ཁ་གསལ་བོ་དང་དོ་སྣང་ཆེ་བ་བསླེབ་རྒྱུ་རེད་འདོད། འདི་བསམ་ཚུལ་ཙམ་ཡིན་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist