མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སའི་མི་མང་གི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ལ་འཛམ་གླིང་ཞི་བདེ་གཟེངས་རྟགས་ཐོབ་པའི་ཉིན་མོ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དུས་ཆེན་ཉིས་འཛོམས་ཀྱི་ཉི་མོ་དང་བསྟུན། བཞུགས་སྒར་ནས་ཀཱ་ཅཱ་རཱི་བར་མི་མང་གི་སྐད་འབོད་གོམ་བགྲོད་ཅིག་གནང་སོང་།

ཁ་སང་ཉིན་དགུང་ཆུ་ཚོད་ ༡༢ སྟེང་ཚོགས་པ་དྲུག་གི་སྣེ་ཁྲིད་འོག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་རང་ལུས་མེར་བསྲེགས་གནང་མཁན་བོད་ཚོར་གདུང་སེམས་མཉམ་སྐྱེད་ཆེད། ངྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གྲྭ་ཁག་གི་སློབ་ཕྲུག མི་མང་བཅས་ལྷན་འཛོམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འདྲ་པར། བོད་མིའི་སྐྱིད་སྡུག་མཉམ་མྱོང་བཀོད་པའི་འཕྲེད་དར་སོགས་སྒྲེང་བཞིན། གཙུག་ལག་ཁང་ནས་ཀཱ་ཅཱ་རཱི་བར་སྐད་འབོད་གོམ་བགྲོད་བྱས་ཡོད།

ཐེངས་འདིའི་སྐད་བོད་གོམ་བགྲོད་ནི་དབུས་བུད་མེད་ལྷན་ཚོགས་དང་ངྷ་ས་ས་གནས་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། ངྷ་ས་ས་གནས་གཞོན་ནུ་བཅས་ཀྱིས་གོ་སྒྲིག་བྱས་ཡོད་ཅིང་། ཚོགས་པ་དྲུག་གི་འགྲེམས་སྤེལ་ཡིག་ཆའི་ནང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བོད་དང་བོད་དོན་རྒྱལ་སྐྱོར་པ་ཡོངས་ནས། འདི་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཡུ་རོབ་མཐུན་ཚོགས་གཙོས་རྒྱལ་སྤྱིའི་མགོ་ཁྲིད་ཚོ་མཉམ་རུབ་ཐོག་བོད་ཀྱི་དཀའ་ངལ་ཐད་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་ཞིག་ངེས་པར་དུ་སྤེལ་དགོས་པའི་རེ་སྐུལ་ཞུས་འདུག

ཡིག་ཆེ་དེར་མུ་མཐུད་དོན། ༢༠༠༩ ཟླ་ ༢ ནས་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༩ པར་བོད་མི་ ༩༥ རང་ལུས་མེར་བསྲེགས་གནང་ཡོད་པ། ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༡༡ གཅིག་པུའི་ནང་བོད་མི་གཞོན་སྐྱེས་ ༢༨ ཀྱིས་རང་ལུས་མེར་བསྲེགས་གནང་པའི་ཛ་དྲག་གི་གནས་བབ་ཐད། རྒྱལ་སྤྱིའི་གཞུང་སྒེར་ཚང་མ་མཉམ་རུམ་ཐོག་ལས་འགུལ་སྤེལ་རྒྱུའི་རེ་སྐུལ་ཞུས་འདུལ་ལ། གནད་དོན་དེའི་ཐད་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ཀྱིས། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་བོད་མིའི་རང་སྲེག་ལས་འགུལ་མཚམས་འཇིག་རྒྱུར་རེ་བ་བརྒྱབས་པ་ཙམ་གྱི་འགྲིག་གི་མེད་པ་དང་། བཙན་བྱོལ་གཞུང་མང་གཉིས་ཀྱིས་རྒྱ་ནག་གི་མཁྲེགས་འཛིན་སྱིད་ཇུས་དེ་མཚམས་མ་བཞག་པར་དུ་སེམས་ཐག་གཙང་བཅད་ཀྱི་ཞི་རྒོལ་འདི་བཞིན་མུ་མཐུད་གནང་རྒྱུ་ཡིན་པར་གྲ་སྒྲིག་ཨང་གསར་དགོས་པར་བརྗོད་ཡོད།

ཚོགས་པ་དྲུག་གི་བསྒྲགས་གཏམ་ནང་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་བོད་ནང་གི་ས་གནས་དབང་འཛིན་ཚན་པ་ཁག་གིས་རང་ལུས་མེར་བསྲེགས་ཐད་རྒོལ་གཏམ་གྱི་ཡིག་ཆ་སྣ་ཚོམས་འགྲེམས་བསྒྲགས་བྱས་པ། མདོ་སྨད་ཆབ་ཆ་ཁུལ་གྱི་སློབ་ཕྲུག་གི་ཁྲོལ་སྐོར་ལ་དྲག་གནོན་རྡུང་རྡེག་བཏང་པར་ངོ་རྒོལ་ཡོད་སྐོར་བཀོད་འདུག་ལ། དོན་རྐྱེན་དེའི་ཐད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་བསྟན་འཛིན་འཇིགས་བྲལ་གྱིས། “བོད་ནང་གི་བོད་མི་ཚོས་འཇིགས་ཞིམ་མེད་པར་སྐད་གསེང་མཐོན་པས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་དགོས་འདུན་བཏོན་ཏེ་དཀའ་ལས་རྒྱག་བཞིན་པར་ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མི་འདིར། ཡུལ་ལུང་སོ་སོའི་སྲིད་གཞུང་ཁག་མཉམ་རུམ་གྱིས་བོད་དོན་དཀའ་རྙོག་སེམ་ཆེད་དོན་ཕན་ལྡན་པའི་ནུས་པ་འདོན་ཐབས་དང་། རྒྱ་དམར་གཞུང་ལ་གནོན་ཤུགས་སྤྲོད་རོགས་”ཞེས་འབོད་སྐུལ་ཞུས་སོང་།

ཡང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་ཐེངས་འདིའི་སྐད་འབོད་གོམ་བགྲོད་ཀྱི་ངོ་རྒོལ་ལས་འགུལ་དང་སྦྲགས་ཏེ། ད་ཆར་བོད་ནང་འགྲོ་བཞིན་པའི་རང་ལུས་མེར་བསྲེགས་ནི་ཚང་མས་དངོས་སུ་མཐོང་ཡུལ་དུ་གྱུར་པའི་དཀའ་ངལ་ཞིག་ཡིན་ཡང་། རང་ལུས་མེར་བསྲེགས་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་མཐོང་ཡུལ་ན་མེད་པར་མེར་བསྲེགས་དོན་རྐྱེན་གྱི་རྒྱབ་ཏུ་བཀབ་ནས་ཡོད་སྟབས། མི་རྣམས་ཀྱིས་མེར་བསྲེགས་ལ་དོ་སྣང་བྱེད་རྒྱུ་དང་ཆབ་ཅིག མེར་བསྲེགས་ཀྱི་རྒྱབ་ན་ཡོད་པའི་དཀའ་ངལ་རིགས་ཚོར་རྟོགས་ཐུབ་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་ཡོད།

དེ་བཞིན་བོད་ནང་གི་རང་ལུས་མེར་བསྲེགས་ཐད། ངྷ་ས་ས་གནས་གཞོན་ནུའི་དྲུང་ཆེ་བཀྲ་ཤིས་ལགས་ཀྱིས་རྒྱ་ནག་གི་བཙན་དབང་འོག་གི་བོད་མིའི་རང་ལུས་མེར་བསྲེགས་ཀྱིས་ལས་འགུལ་དེས། རྒྱ་ནག་གཞུང་གཅིག་པུ་མིན་པར་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བོད་མི་ཚོ་དང་། རང་དབང་ལ་དགའ་བའི་འཛམ་གླིང་མི་མང་དང་རྒྱལ་ཁབ་ཁག་ལའང་འབོད་སྐུལ་བྱེད་ཀྱི་ཡོད་པ་ཞིག་ཡིན་སྟབས། རང་དབང་ལུང་པར་ཡོད་མཁན་ཚོས་ཁོང་རྣམ་པའི་འབོད་སྒྲ་དེ་འཛམ་གླིང་མི་མང་ལ་ཐོས་པར་བྱས་ཏེ། ཁོང་ཚོའི་མངོན་འདོད་འགྲུབ་པར་བྱ་དགོས་པར་བརྗོད་སོང་།

གཞན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྡེ་ཙན་དང་། བྱང་ཆིངས་སྒྲིག་འཛུགས་(ཎ་ཊོ)། ཡུ་རོབ་མཐུན་ཚོགས་བཅས་ལ་སྙན་ཞུ་ཕུལ་ཏེ་བོད་ནང་གི་ཛ་དྲག་གནས་བབ་ལ་དོ་ཁུར་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་བརྗོད་པ་ལྟར་ན། སྙན་ཞུ་དེའི་ནང་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་མི་སྣ་འཕྲད་དུ་བོད་ནང་གཏོང་དགོས་པ། ཆ་རྐྱེན་གང་ཡང་མེད་པའི་ཐོག་རྒྱལ་སྤྱིའི་ཞི་བདེ་དམག་དཔུང་བོད་རྒྱུ་སོགས་དང་། རྒྱ་ནག་གི་དྲག་གནོན་སྲིད་ཇུས་མཚམས་འཇོག་རྒྱུར་གནོན་ཤུགས་སྤྲོད་དགོས་པ་སོགས་གསལ་ཡོད་འདུག

དེ་བཞིན་སྐད་འབོད་གོམ་བགྲོད་ཀྱི་མཇུག་སྡོམ་ཐོག ངྷ་ཤོད་ཤེས་ཡོན་མཐོ་སློབ་ཁང་གི་དགེ་རྒན་ཆེ་མོ་བྷ་ཌོ་ལཱ་ལགས་ཀྱིས་བོད་པའི་རང་བཙན་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་སྐོར། འདས་པའི་ལོ་ངོ་ ༥༠ ལྷག་གི་རིང་བོད་པའི་འཐབ་རྩོད་མུ་མཐུད་གསོན་གནས་ཐུབ་པ་ནི་བོད་པ་ཚོའི་གཟི་བརྗིད་ཅིག་ཡིནཚུལ། བོད་པ་ཚོ་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་ཀྱང་། རིམ་བཞིན་ཉམས་རྒུད་དུ་ཕྱིན་ཡོད་སྐོར། དེང་སྐབས་བོད་པའི་གཞོན་སྐྱེས་ཚོས་བོད་དོན་འཐབ་རྩོད་བྱེད་སྐབས། རྒྱ་གར་གྱི་གཞོན་སྐྱེས་ཚོ་དང་མཉམ་འབྲེལ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༨ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༡༩ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

མཆན། 2

  1. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    ༸གོང་ས་མཆོག་ལ་འཛམ་གླིང་ཞི་བདེ་གཟེངས་རྟགས་ཐོབ་པའི་ཉིན་མོ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དུས་ཆེན་གྱི་ཉིན་དེའི་ལས་འགུལ་ལ་མཉམ་ཞུགས་བྱས་པ་ཡིན། སྐབས་དེར། ཚོར་སྣང་ཁྱད་མཚར་གྱི་དབྱིངས་སུ་ཐིམ་སོང་། རྒྱུ་མཚན་ནི། མི་དམངས་ཀྱི་འབོད་ཚིག། དགོས་འདུན་སོགས་གཅིག་གྱུར་མེད་པའི་རྣམ་འགྱུར་བསྟན་སོང་།

    འདིས། བོད་ཀྱི་རང་དབང་དང་ཐོབ་ཐང་གི་ཆེད་དུ། ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ། འཐབ་རྩོད་ཀྱི་མ་རྐང་འཛིན་སའི་ལྟེ་གནས་སུ། འཐབ་རྩོད་པར་འཐབ་རྩོད་བྱེད་སྟངས་ཀྱི་གོ་རིམ་སོགས་མ་ཡོད་པ་བསྟན་པ་རེད་དམ། ཡང་ན། མ་རྩ་འཛུགས་ས་མེད་རུང་རང་དབང་དང་མང་གཙོའི་སྒྲིག་འཛུགས་གལ་ཆེན་དུ་བརྩི་དྲགས་པས་རེད།

    སྤྱིར་ན། རང་དབང་དང་མང་གཙོ། ཐོབ་ཐང་འདྲ་མཉམ་སོགས་མིའི་རིགས་ཀྱི་ལྷན་སྐྱེས་སུ་མཁོ་བའི་གལ་གནད་ཆེ་བའི་རིག་གནས་ཤིག་དང་ལམ་ལུགས་ཤིག་ཡིན་པ་མཟད། ངོས་འཛིན་ཞིག་ཡོད་པ་དོན་དངོས་རེད་དེ། ཕྱི་སོའི་ཁ་ཐོར་བོད་མིའི་སྤྱི་ཚོགས་ལ་མཚོན་ན། འཐབ་རྩོད་པའི་འགན་འཁྲི་ཨང་དང་པོར་འཇོག་དགོས་པ་ནི། སྐྱབས་བཅོལ་དུ་བྱོལ་བའི་དགོས་དོན་གྱི་རྒྱུ་མཚན་གཙོ་བོ་དེ་མ་རེད་དམ།

    ལྷག་པར་དུ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས། གཞིས་ཀྱི་རྒྱལ་གཅེས་པ་རྣམ་པའི་དགོས་འདུན་དང་འབོད་ཚིག་བཅས་ནི། ཚོགས་པ་རང་རང་གི་ཆེ་མཐོང་ཡོང་ཆེད་སོགས་ཀྱི་དོན་དུ་བེད་སྤྱོད་གཏོང་མི་ཉན་པའི་གཞི་རྩའི་ངོས་འཛིན་གསལ་བོ་ཞིག་ཡོད་དགོས། དེ་བས་ཀྱང་། ཚོགས་སྡེ་ཁག་མཉམ་རུབ་ཀྱིས་བོད་དོན་ལས་འགུལ་སྤེལ་དུས། ལས་འགུལ་གྱི་དམིགས་གཏད་གང་ཞིག་འཇོག་རྒྱུ་ཡིན་མིན། ད་དུང་ལས་འགུལ་གྱི་ངོ་བོ། ཁ་ཕྱོགས། འབོད་ཚིག རྣམ་འགྱུར་སོགས་གཅིག་གྱུར་ཡོང་ཐབས་སུ་འབད་རོགས་ཞུ།

    Reply
  2. འཇམ་གཅེས ། says:
    ལོ་ 13 སྔོན།

    ཀླུ་མཁར་བྱམས་ཀྱིས་ཐེངས་འདིའི་སྐད་འབོད་གོམ་བགྲོད་ཀྱི་ངོ་རྒོལ་ལས་འགུལ་དང་སྦྲགས་ཏེ། ད་ཆར་བོད་ནང་འགྲོ་བཞིན་པའི་རང་ལུས་མེར་བསྲེགས་ནི་ཚང་མས་དངོས་སུ་མཐོང་ཡུལ་དུ་གྱུར་པའི་དཀའ་ངལ་ཞིག་ཡིན་ཡང་། རང་ལུས་མེར་བསྲེགས་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་མཐོང་ཡུལ་ན་མེད་པར་མེར་བསྲེགས་དོན་རྐྱེན་གྱི་རྒྱབ་ཏུ་བཀབ་ནས་ཡོད་སྟབས། མི་རྣམས་ཀྱིས་མེར་བསྲེགས་ལ་དོ་སྣང་བྱེད་རྒྱུ་དང་ཆབ་ཅིག མེར་བསྲེགས་ཀྱི་རྒྱབ་ན་ཡོད་པའི་དཀའ་ངལ་རིགས་ཚོར་རྟོགས་ཐུབ་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་ཡོད་ཟེར། ཀླུ་བྱམས་ལགས་ཀྱིས་བཤད་པ་འདིར་ངོ་མ་རྒྱུ་མཚན་དང་གནད་འགག་ཆེན་པོ་རེད། ང་ཚོས་མེ་བསྲེགས་ལལས་དེའི་རྒྱབ་ལྗོངས་བལྟ་དགོས་པ་ནི་ངོ་མ་གནད་དོན་གལ་ཆེར་ཞིག་རེད་ལ། ལྷག་པར་དུ་འབྲེལ་ཡོད་གཞུང་དང་མི་སྒེར་སུ་ཡིན་ཡང་འགན་མཉམ་འཁུར་ཐོག་ནས་བོད་ནང་གི་བཀའ་ངལ་ཡོད་པ་དེ་དག་ཚོར་ཤུགས་ཡོད་པ་ཞིག་དང་རྒྱུ་མཚན་ལྡན་པའི་སྒོ་ནས་ཕྱ་བ་གྲུ་འདེབས་དགོས་པ་ལས་གཡས་ཁག་གཡོན་དཀྲིས་མི་རུང་། ཆིག་སྒྲིལ་གོང་བུའི་ནུས་པ་གོང་ནས་གོང་དུ་འདེབས་དགོས་པ་ལས་རང་རང་གི་ལྟ་གྲུབ་རེ་འཛིན་ནས་སྤྱིར་པའི་སྒྲོམ་གཞིར་སྣང་ཆུང་གཏོང་མི་རུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese