མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲེལ་ཐག་ནི་དྲ་འབུ་ཡོང་སའི་མངལ་སྒོ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་སྒྲོལ་མ།

༼འདི་ནི་ཉེ་ཆར་ང་ལ་འབྱོར་བའི་ཉེན་ཁ་ཅན་གྱི་འབྲེལ་ཐག་ཁག་ཅིག་རེད་ལ། གོ་རྟོགས་གསལ་པོ་ཡོང་ཆེད་འདིར་རྒྱ་ཆེ་བའི་ཀློག་པ་པོ་ཚོར་པར་རིས་ཀྱི་ལམ་ནས་གསལ་སྟོན་བྱས་པ་ཡིན།༽

དྲ་རྒྱའི་སྤྱོད་སྒོ་ཉིན་རེ་བཞིན་ཤུགས་ཆེར་འགྲོ་བཞིན་པའི་ད་ལྟའི་དུས་སྐབས་འདིར། མི་རྣམས་ཀྱིས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བྱ་བཞག་གང་མང་ཞིག་དྲྭ་ཐོག་ནས་སྒྲུབ་བཞིན་ཡོད་ལ། འབྲི་ཀློག་སྦྱོར་གསུམ་ཤེས་མཁན་གྱི་མི་ཞིག་ཡིན་ཚེ་དྲ་རྒྱ་བེད་སྤྱོད་མི་གཏོང་མཁན་ཞིག་མེད་ཅེས་ལབ་ནའང་མ་འགྲིག་པ་མེད། ཡིན་ཡང་། ཉེན་ཁ་ཧ་ཅང་ཆེ་བའི་སྐབས་བབ་ཀྱི་དངོས་ཡོད་གནས་ཚུལ་ཞིག་ནི། ཆེ་ས་ནས་དྲ་ཐོག་ཏུ་གཞུང་གི་ཕྱག་ལས་གལ་ཆེན་ཁག་སྒྲུབ་མཁན་དང་། ཆུང་ས་ནས་སྤྱིར་བཏང་གི་དྲ་ལམ་གླེང་མོལ་ལ་འཇུག་མཁན་གྱི་མི་བུ་དཀྱུས་མའི་ཁྲོད་དུ་དྲ་ཐོག་གི་བདེ་འཇགས་དང་ཉེན་སྲུང་སྐོར་གྱི་ཤེས་བྱ་འདང་ངེས་མེད་པའི་རྒྱུ་མཚན་གྱིས་དྲ་ཐོག་གི་གསང་མྱུལ་བ་དང་ཉེས་ཅན་པ་ཚོས་གོ་སྐབས་དེ་བཟུང་ནས་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོའི་གློག་ཀླད་སྟེང་གི་ཉེན་སྲུང་གི་ནུས་བ་ཞན་པའི་མ་ལག་ཁག་ལ་འཇབ་རྒོལ་རབ་དང་རིམ་པ་བྱེད་བཞིན་ཡོད་པ་ཚང་མས་མཁྱེན་གསལ་ཡིན་སྟབས། དྲ་རྒྱ་བེད་སྤྱོད་གཏོང་མཁན་ཞིག་ཡིན་ཚེ་དེའི་སྐོར་གྱི་གནས་ཚུལ་ཁག་ལ་གོ་རྟོགས་ངེས་ཅན་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

དེར་བརྟེན། འདིར་ཕྲན་གྱིས་ཁ་ཚ་དགོས་གཏུག་གི་དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་ཤེས་བྱ་ཐུང་ངུ་ཞིག་རིགས་མཐུན་བོད་མི་ཡོངས་ལ་སེམས་གཏམ་གྱི་ཚུལ་དུ་བརྗོད་འདོད་བྱུང་། ཁྱེད་རང་ནམ་རྒྱུན་དྲ་ལམ་ལ་མྱུལ་དུས་སོ་སོའི་གློག་འཕྲིན་དང་ངོ་དེབ། ཁྱེའུ་འཕྲིན་ (QQ) ཡང་ན་པོད་ཕྲན(weibo)སོགས་བརྒྱུད་ནས་འབྲེལ་ཐག་དང་ལྷན་དུ་སྦྱར་བའི་འཕྲིན་ཐུང་ཁྱད་མཚར། ཁྱེད་ཀྱི་བརྙན་པར་ཁྱད་མཚར་བོ་ཞིག་དྲ་ཐོག་ཏུ་ཤུགས་ཆེར་ཁྱབ་བཞིན་པ་དེ་མཐོང་བྱུང་ངམ། དཔེར་ན།  ཀྲུང་གོ་དང་ཉི་ཧོང་བར་གྱི་རྩོད་རྙོག་དང་འབྲེལ་བའི་གནས་ཚུལ་གསར་བ་དེ་ཀློག་རོགས། ཨ་རིའི་སྲིད་འཛིན་འོས་འདེམས་སྐོར་གྱི་གསར་འགྱུར་ཀློག་རོགས། སོགས་འབྱོར་མྱོང་ཡོད་དམ།

གནས་སྟངས་དེ་འདྲའི་སྐབས་སུ་ཁྱེད་ཀྱིས་རང་ཉིད་ཀྱི་འདོད་བློ་ལྟར་བསམ་བློ་སྣ་གཅིག་མ་བཏང་བར་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པའི་ཐོག་ནས་འབྲེལ་ཐག་དེ་དག་གི་སྟེང་དུ་ཐད་ཀར་བསྣུན་རྐྱང་བྱེད་ཀྱི་ཡོད་དམ། དོན་དངོས་ཐོག་བྱེད་ལས་དེ་འདྲའི་རིགས་ཀྱིས་རང་ཉིད་གཅིག་པུ་ཙམ་མ་ཡིན་པར་རང་ཉིད་ཀྱི་ཉེ་འཁོར་གྲོགས་པོ་དང་། རང་ཉིད་འཚོ་གནས་བྱེད་སའི་སྤྱི་ཚོགས་ཧྲིལ་པོའི་བདེ་འཇགས་ལ་དོ་ཕོག་གཏོང་གི་ཡོད། གང་ཡིན་ཞེ་ན། འབྲེལ་ཐག་དེ་འདྲའི་རིགས་ཕལ་ཆེ་བ་ཞིག་ནི་མུན་ནག་གི་ལྭ་བ་གྱོན་མཁན་གྱི་གསང་མྱུལ་བ་གནག་སེམས་ཅན་དེ་ཚོས་བསྐུར་ཡོང་གི་ཡོད་ལ། ཁོང་ཚོས་ཉེན་སྲུང་མེད་པའི་ང་ཚོའི་གློག་ཀླད་ཀྱི་མ་ལག་སྟེང་དུ་འཇབ་རྒོལ་བྱེད་པའི་ངན་ཇུས་འཐེན་གྱི་ཡོད་སྟབས། ཟུར་སྣོན་དང་འདྲ་བར་འབྲེལ་ཐག་དེ་དག་གིས་ཀྱང་ཉེན་ཚབས་ཅན་གྱི་ནད་འབུའི་རིགས་ཁུར་ཡོང་སྟེ། ག་དུས་ཡིན་ཡང་ང་ཚོར་གནོད་འཚེ་གཏོང་སྲིད་པ་ཚང་མས་ཧ་གོ་དགོས།

འོན་ཀྱང་ཁྱེད་ཀྱིས་ཚམ་ཚོམ་མེད་པར་འབྲེལ་ཐག་འབྱོར་ཚད་ཚང་མའི་སྒང་ལ་བསྣུན་རྐྱང་བྱས་ན། དེ་ནི་ཁྱེད་ཀྱིས་གསང་མྱུལ་བ་རང་ཉིད་ཀྱི་གློག་ཀླད་དུ་མགྲོན་འགུག་བྱས་པ་དང་གཅིག་མཚུངས་ཡིན་པས། འབྲེལ་ཐག་གི་ལམ་ཁ་དེ་བརྒྱུད་ནས་མི་གཞན་པས་རང་ཉིད་ཀྱི་གློག་ཀླད་ལ་སྟངས་འཛིན་བྱས་ཏེ། སོ་སོའི་སྒེར་གྱི་གསང་བའི་གནས་ཚུལ་ཆ་ཚང་བརྐུ་འགྲོ་བ་རེད། དེའི་སྐོར་གྱི་གནས་ཚུལ་གསལ་པོ་ཧ་གོ་འདོད་ཚེ་བརྙན་པར་ཐུང་ཐུང་འདི་ལ་ངེས་པར་དུ་གཟིགས་དགོས་ https://www.youtube.com/watch?v=zT_mqi3GJPg&feature=plcp

ང་ཚོར་འབྱོར་བའི་འབྲེལ་ཐག་དེ་དག་གིས་ཇི་ལྟར་གནོད་འཚེ་གཏོང་གི་རེད་ཟེར་ན། སྤྱིར་བཏང་ནས་དོགས་གཞི་ཅན་དང་ཉེན་ཚབས་ཅན་གྱི་འབྲེལ་ཐག་གང་མང་ཞིག་ང་ཚོས་ཡིད་ཆེས་བཅོལ་འོས་པའི་ཚོགས་པ་དཔེར་ན་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དྲ་ཚིགས་ http://www.qhtb.cn/ ཀྱི་ངོ་བོར་བརྫུས་ནས་ཡོང་གི་རེད་ལ། ཡང་ཁ་ཤས་ཤིག་ནི་བོད་ཀྱི་རྩོམ་རིག་དྲ་བ་ http://www.sangdhor.com/ སོགས་ཀྱི་ངོ་བོའི་ཐོག་ཡོང་སྟེ་ང་ཚོ་དྲ་ཐག་དེ་དག་ལ་མྱུལ་བའི་སྐུལ་མ་བྱས་ཏེ་མཚམས་རེར་ང་ཚོ་མགོ་བོ་རྨོངས་སུ་འཇུག་གི་ཡོད།

གནས་སྟངས་དེ་འདྲའི་འོག་ཏུ་ང་ཚོས་ཀྱང་འབྲེལ་ཐག་དེ་དག་གི་སྟེང་དུ་བསྣུན་ནས་གནས་ཚུལ་གསར་བ་དང་རྩོམ་ཡིག་གསར་བ་ཁག་ལ་ལྟ་ཀློག་བྱེད་པའི་གོམས་གཤིས་ངན་པ་འཇགས་ཡོད། ཡིན་ཡང་། བརྒྱུད་རིམ་དེའི་ཁྲོད་དུ་ཉེན་ཚབས་ཅན་གྱི་འབྲེལ་ཐག་དེ་དག་གིས་ང་ཚོ་དྲ་ངོས་གཞན་ཞིག་ལ་ཁྲིད་ནས་དེ་རུ་ང་ཚོའི་གློག་ཀླད་ལ་ནད་ཡམས་སྤེལ་གྱི་ཡོད་སྟབས། འབྲེལ་ཐག་ལའང་ཟུར་སྣོན་དང་གཅིག་མཚུངས་ཀྱི་ཉེན་ཁ་ཡོད་པ་ཚང་མས་ངེས་པར་དུ་ཡིད་འཛིན་བྱེད་དགོས། འབྲེལ་ཐག་ནི་རང་ཉིད་ཀྱི་གློག་ཀླད་ནང་གི་གནས་ཚུལ་བརྐུ་འཁྱེར་བྱེད་པའི་བརྒྱུད་ལམ་གཙོ་བོ་ཞིག་ཡིན་ན། འབྲེལ་ཐག་སྐོར་གྱི་ཉེན་ཁ་ལ་གཡོལ་བའི་ཐབས་ལམ་འཚོལ་རྒྱུ་ནི་ང་ཚོ་ཚང་མས་སྣང་མེད་དུ་འཇོག་མི་ཉན་པའི་དོན་དག་གལ་ཆེན་ཞིག་རེད། གལ་ཏེ་གཤམ་དུ་འཁོད་པའི་ལམ་སྟོན་ཁག་གི་རྗེས་སུ་འཇུག་པ་ཡིན་ན། ཁྱེད་ཀྱིས་སོ་སོའི་དྲ་ཐོག་གི་བདེ་འཇགས་བརྟན་སྲུང་བྱེད་ཐུབ།

གཅིག ཁྱེད་ལ་འབྲེལ་ཐག་རིགས་འབྱོར་སྐབས་ངེས་པར་དུ་འབྲེལ་ཐག་གཏོང་མཁན་གྱི་མི་དེ་སོ་སོའི་ངོ་ཤེས་ཡིན་མིན་རྩད་གཅོད་གཏོང་དགོས་ལ། གལ་སྲིད་ངོ་མི་ཤེས་ན་མི་དེས་བསྐུར་བའི་འབྲེལ་ཐག་སྟེང་གང་འདོད་མིན་བསྣུན་པར་རང་སོར་འཇོག་དགོས། གལ་ཏེ་ངོ་ཤེས་གྲོགས་པོ་ཞིག་གི་མིང་ཐོག་ནས་འབྱོར་ཡོད་པ་དང་། ཁྱེད་ཀྱིས་འབྲེལ་ཐག་དེ་ཁ་ཕྱེ་འདོད་ཚེ། སོ་སོའི་གྲོགས་པོར་དངོས་སུ་འབྲེལ་བ་བྱས་ནས་འབྲེལ་ཐག་དེ་དོན་དངོས་ཐོག་ཁོང་གིས་བཏང་བ་ཡིན་མིན་ཁག་ཐེག་བྱེད་དགོས།

གཉིས། གལ་སྲིད་ཁྱེད་ལ་འབྱོར་བའི་འབྲེལ་ཐག་དེ་དག་ནམ་རྒྱུན་ལྟ་བུར་མངོན་གྱི་ཡོད་རུང་། སོ་སོའི་བདེ་འཇགས་ལ་དོ་ཕོག་མ་འགྲོ་བའི་ཕྱིར་དུ་ག་དུས་ཡིན་ཡང་བརྟག་དཔྱད་གཏོང་རྒྱུ་ནམ་ཡང་བརྗེད་མི་ཉན། གློག་འཕྲིན་ནང་འབྱོར་བའི་འབྲེལ་ཐག་གི་རིགས་ཡིན་ན། དྲ་རྒྱའི་ཁ་བྱང་ངོ་མ་དེ་མདའ་རྩེའི་རྩིབ་ཀྱི་ཡིག་སྒམ་ནང་མངོན་གྱི་རེད། ལྗཱི་མེལ་(gmail)དང་གློག་འཕྲིན་དྲ་བྱང་གཞན་པའི་ཁྲོད་དུ། དྲ་རྒྱའི་ཁ་བྱང་ངོ་མ་དེ་ཁྱེད་ཀྱི་བཤེར་ཆས་འོག་གི་གཡོན་ཕྱོགས་ཀྱི་ཟུར་ངོས་སུ་ཡོད་པའི་(statusBar)ནང་དུ་མངོན་གྱི་ཡོད། ཁྱེད་ཀྱི་གློག་འཕྲིན་ནང་འབྱོར་བའི་འབྲེལ་ཐག་ཁ་ཤས་

http://v.youku.com/v_show/id_XNDc0MzEzMDcy.html དང་། http://www.tudou.com/programs/view/7r9BxARlBoI/?fr=rec2 ལྟ་བུའི་ངོ་བོར་བརྫུས་ནས་ཡོང་གི་རེད། ཡིན་ཡང་གོང་དུ་ཞུས་ཟིན་པ་ལྟར། འབྲེལ་ཐག་དེ་རིགས་ཀྱིས་ཁྱེད་རང་དྲ་བྱང་གཞན་ཞིག་གི་ངོས་སུ་ཁྲིད་ནས་དེ་རུ་སྒེའུ་ཁུང་རྟགས་ཅན་གྱི་བཤེར་ཆས་(windows browser) དཔེར་ན། (Explorer, Safari, Chrome)སོགས་བརྒྱུད་ནས་གནོད་འཚེ་ཅན་གྱི་དྲ་འབུ་རིགས་ཁྱེད་ཀྱི་གློག་ཀླད་དུ་འཛུལ་བར་སྒུག་ནས་བསྡད་ཡོད།

གསུམ། ཁྱེད་དང་མཉམ་དུ་བགོ་བཤའ་བརྒྱབ་པའི་གནས་ཚུལ་དང་གསར་འགྱུར་རིགས་ཐད་ཀར་འབྲེལ་ཐག་བརྒྱུད་ནས་བཙལ་བ་ཡིན་ན། ཉེན་ཁ་ཧ་ཅང་ཆེ་བས། འབྲེལ་ཐག་སྒང་ལ་ཐད་ཀར་མ་བསྣུན་པར། དེའི་ཚབ་ཏུ་འཚོལ་ཞིབ་འཕྲུལ་ཆས་བརྒྱུད་ནས་འབྲེལ་ཐག་དེ་དང་འབྲེལ་བའི་གནས་ཚུལ་སྐོར་གྱི་བརྗོད་གཞི་འཚོལ་ཞིབ་བྱེད་དགོས།

བཞི། རང་ཉིད་ལ་འབྱོར་བའི་འབྲེལ་ཐག་ཁག་ལ་བརྟག་དཔྱད་གཏོང་ཕྱིར། འབྲེལ་ཐག་དེ་ངོ་བཤུས་བརྒྱབ་ནས་https://www.virustotal.com/#url ཡི་ངོས་ཀྱི་བར་སྟོང་དེར་བླུགས་རྗེས། འབྲེལ་ཐག་གང་དེར་དྲ་འབུ་ཡོད་མེད་ཀྱི་ལན་ལ་བསྒུག་དགོས། འོན་ཀྱང་། ཡིད་འཇོག་བྱེད་དགོས་པའི་དོན་གནད་གལ་ཆེན་ཞིག་ནི་(virustotal) ཡིས་དྲ་འབུ་འགོག་སྲུང་གི་མཉེན་ཆས་མ་ལག་ ༡༤ ལྷག་བེད་སྤྱོད་བཏང་ནས་ཞིབ་བཤེར་དང་བརྟག་དཔྱད་གཏོང་གི་ཡོད་ཀྱང་། དེས་གནོད་པ་ཅན་གྱི་ཡིག་ཆ་དང་འབྲེལ་ཐག་ཡོད་ཚད་ངོས་འཛིན་ཐུབ་ཀྱི་མེད་ལ། ལྷག་པར་དུ་ཚོགས་པ་དང་མི་སྡེ་གང་རུང་ལ་དམིགས་འབེན་དུ་བཟུང་བའི་དྲ་འབུ་གསར་བའི་རིགས་དེ་བས་ཀྱང་ངོས་འཛིན་ཐུབ་རྒྱུ་ཁག་པོ་ཡིན་སྟབས། འབྲེལ་ཐག་འདྲ་མིན་འབྱོར་སྐབས། མ་བསྣུན་སྔོན་ལ་བསམ་བློ་གཏོང་རྒྱུ་དེ་ཁྱེད་ཀྱི་འདམ་ག་ཡག་ཤོས་དེ་ཡིན། དེ་ལྟར་བྱས་ན་ཁྱེད་ཀྱིས་དྲ་ཐོག་གི་ཉེན་ཁའི་རིགས་འགོག་སྲུང་བྱེད་ཐུབ་པ་ཡིན་ལ། མི་གཞན་པས་ཁྱེད་ཀྱི་གློག་ཀླད་རྩ་བ་ཉིད་ནས་སྟངས་འཛིན་བྱེད་མི་ཐུབ་པས་དྲ་ཐོག་གི་བདེ་འཇགས་ཁྱེད་ལ་དབང་ངེས་ཡིན།

གསལ་བཤད།
གལ་ཏེ་ཁྱེད་རང་གིས་དྲ་ཐོག་གི་བདེ་འཇགས་སྐོར་གྱི་གནས་ཚུལ་སྐོར་ལ་ཞིབ་ཕྲ་མཁྱེན་འདོད་ཚེ། ངོ་དེབ་ནང་(Tibet Action Institute)ཡི་དྲ་ངོས་དེར་(like)གཞུས་ན། རྗེས་སུ་ཁྱེད་ལ་དུས་བསྟུན་ཁ་གསབ་བྱེད་བཞིན་པའི་དྲ་རྒྱ་དང་ཁ་པར་སོགས་ཀྱི་བདེ་འཇགས་དང་འབྲེལ་བའི་ཤེས་བྱ་གསར་བ་ཁག་འབྱོར་ཡོང་གི་རེད་ལ། དྲ་རྒྱའི་བདེ་འཇགས་སྐོར་གྱི་དྲི་བ་སོགས་ཡོད་ཚེ་གོང་དུ་ཞུས་ཟིན་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ངོ་དེབ་དྲ་ངོས་སུ་བོད་རྒྱ་དབྱིན་གསུམ་གང་རུང་གི་ཐོག་ནས་དྲི་བ་དྲིས་དང་། ང་ཚོས་དུས་ཐོག་ཏུ་ཁྱེད་ཀྱི་དོགས་གཞི་ཁག་གཙང་སེལ་བྱེད་ངེས་ཡིན།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༧ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༨ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༡༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese