མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཆེན་པོའི་རང་ཐག་རང་གཅོད།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

རང་དབང་རང་ངོར་འཕྲོད་པ་དང་། གྲོང་གསེབ་རང་སྐྱོང་ནས་བོད་ཆེན་པོའི་རང་ཐག་རང་གཅོད་བར།

ཞའོ་ཅིང་གིས་བརྩམས། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བསྒྱུར།

མི་ལོ་དྲུག་ཅུ་ལྷག་ལ་བོད་པས་རྒྱ་མི་བཙན་འཛུལ་པར་ཁ་གཏད་སྣ་ཚོགས་བཅག་པ་དང་། མི་སེར་སྤེལ་བའི་དབང་བསྒྱུར་ལ་འགོག་རྒོལ་གྱི་རྣམ་པ་ཡན་གར་བ་ཞིག་གྲུབ་ཅིང་བརྩམས། དེ་ལྟ་ནའང་གྲོང་གསེབ་རང་སྐྱོང་གི་འདེམས་བསྐོའི་དབང་ཆར་རྩོད་ལེན་བྱ་རྒྱུ་ནི་མི་སེར་སྤེལ་མཁན་ལ་རྒོལ་བའི་ཐབས་མཆོག་ཅིག་དང་། མི་རིགས་ཤིག་གིས་རང་ཐག་རང་གཅོད་ལག་ལེན་བསྟར་སྐབས་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཀྱང་ཡིན་པས། འདེམས་དབང་རྩོད་ལེན་དང་། གྲོང་གསེབ་རང་སྐྱོང་གི་མཉམ་སྤྱོད་འདེམས་བསྐོ་ (平行的选举)  གཉིས་ངེས་པར་ལག་ལེན་ལ་འཁེལ་ཐུབ་པ་དགོས།

དང་པོ། ༢༠༡༠ ལོར་ << ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་ཨུ་ཡོན་རྩ་འཛུགས་ཁྲིམས་ཡིག >> (གཤམ་ནས་<< རྩ་འཛུགས་ཁྲིམས་ཡིག >>  ཞེས་བསྡུ་རྒྱུ) དང་།  གཞན་པ་<< ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་དང་ས་འཐུས་འདེམས་བསྐོ་ཁྲིམས་ཡིག >> (གཤམ་ནས་<<འདེམས་བསྐོ་ཁྲིམས་ཡིག >>  ཞེས་བསྡུ་རྒྱུ) གཉིས་པོར་ཁུངས་གཏུག་གིས། བོད་ཁུལ་གྱི་སྡེ་དཔོན་དང་སྡེ་དམངས་རྒྱུན་ཨུ་སོགས་འདེམས་དགོས་ལ། དེ་ཡང་གཞུང་གིས་བཀོད་སྒྲིག་བྱས་པའི་འདེམས་སྒམ་ནང་འོས་ཤོག་བླུགས་ནས་འདེམས་དགོས།   

གཉིས་པ། མཉམ་སྤྱོད་འདེམས་བསྐོ་ནི༼འདེམས་བསྐོ་བྱེད་སྟངས་གཤམ་ནས་ངོ་སྤྲོད་བྱ་རྒྱུ་ཡིན ༽དམངས་ཁྲོད་འདེམས་བསྐོ་རྩ་འཛུགས་ཀྱི་གཙོ་སྐྱོང་འོག  གཞུང་གི་འོས་དམིགས་དང་ཆ་མཉམ་པའི་འོས་གཞིའི་འདེམས་ཤོག་དམངས་ཁྲོད་དུ་དགྲམ་རྒྱུ་དང་། དེ་ཡང་དམངས་ཁྲོད་ནས་གོ་སྒྲིག་བྱས་པའི་འདེམས་སྒམ་ནང་འོས་འཕེན་དགོས།  

   རེད་དེ། རྒྱ་གཞུང་གི་<< རྩ་འཛུགས་ཁྲིམས་ཡིག >>  དང་<<འདེམས་བསྐོ་ཁྲིམས་ཡིག >> གཉིས་ཀྱི་གང་ཡིན་རུང་། ཁྲིམས་བཟོའི་དབང་ཚད་དང་འགྲེལ་བརྗོད་དབང་ཆ་གཉིས་པོ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྟངས་འཛིན་འོག་ཡོད་པ་ཞིག་དང་། ཁྲིམས་ཡིག་དེ་གཉིས་གཟབ་ནན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་ལ་ཁུངས་སྣེ་གཏུགས་མེད་སྟབས། ནང་དོན་ཁ་གསལ་མེད་པ་དང་། དོན་ཚན་རེ་གཉིས་ཡུལ་མིའི་ཐོབ་ཐང་དང་སྐྱེ་བོ་སྒེར་བཅས་ལ་སྐབས་བསྟུན་སྟངས་འཛིན་བྱེད་པའི་རྒྱུ་རུ་གྱུར་ཡོད། མ་གཞི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་ཏང་གི་སྟངས་འཛིན་འོག་ཡོད་པ་དང་། རྒྱ་ནག་གི་<< ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས >> ཟེར་བས་ནང་། ཏང་གིས་སྲིད་འཛིན་ཁྱབ་ཁོངས་ཀྱི་དབང་ཤུགས་སྒེར་སྡོམ་ཆོག་པ་འགན་སྲུང་བྱས་ཡོད་པས། གོང་གསལ་ཁྲིམས་ཡིག་གཉིས་ལག་བསྟར་སྐབས། ཏང་གི་སྒེར་གཅོད་དབང་ཆར་དོ་ཕོག་མི་འགྲོ་བ་རིམ་པ་ཁག་གི་སྲིད་འཛིན་ཚན་པས་ཁག་ཐེག་དགོས་སྟབས། ལོ་ངོ་ ༣༠ རིང་གཞི་རིམ་ཀྱི་དང་བླངས་འོས་མི་རྣམས་ལ་སྟངས་འཛིན་དང་གནོན་ཤུགས་ཚད་ལས་བརྒལ་བ་སྤྲད་ཡོད།༼དང་བླངས་འོས་མི་དང་དམངས་བསྐོས་འོས་མི་༽ཟེར་བ་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ཚུན་ཆད་ལ་ཚད་བཀག་བྱས་པ་རེད། དེ་བས་འདེམས་བསྐོ་འདི་ལག་ལེན་བསྟར་སྐབས་ཏང་གི་ཁྱོན་ཡོངས་ཀྱི་སྟངས་འཛིན་ལས་བརྒལ་ས་མེད་སྟབས། དང་བླངས་འོས་མི་རྣམས་འདེམས་བསྐོའི་ཁྲོད་དངོས་སུ་ཞུགས་སྐབས་ཁྱོན་ཡོངས་ནས་སུན་གཙེར་སྣ་ཚོགས་ཡོད་ཁར། འདི་ལྟ་བུའི་འདེམས་བྱ་དང་འདེམས་དམངས་ཀྱི་ཁྱབ་ཚད་ཀྱང་སྡེ་དམངས་རིམ་པ་ཁོ་ན་སྟེ་༼ སྲིད་འཛིན་ཁྱབ་ཁོངས་ཀྱི་རིམ་པ་གང་ལའང་སླེབས་ཐུབ་མེད༽དཔེར་ན། ས་ཁུལ་དང་རྫོང་རིམ་པ་བཅས་ཀྱི་འདེམས་བསྐོའི་ནང་གོང་རིམ་ནས་དེ་བས་སྟངས་འཛིན་ནན་མོ་ཡོད་སྟབས། འདེམས་བསྐོ་ཁྲིམས་སྒྲིག་འདི་གཉིས་ཀྱིས་རང་སྐྱོང་གི་མངོན་འདོད་མཐར་ཐུག་དེ་སྒྲུབ་ཐུབ་རྩ་བ་ནས་མེད་སྟབས།  བོད་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་དང་།  << འཛམ་གླིང་གི་མི་དོན་བསྒྲགས་གཏམ >> དེ་བཞིན་<<མི་སེར་གྱི་ཆབ་སྲིད་དབང་ཆའི་སྤྱི་ཆིངས >> དང་<< དཔལ་འབྱོར་དང་། སྤྱི་ཚོགས་རིག་གནས་ཀྱི་དབང་ཆའི་སྤྱི་ཆིངས >>  གཞིར་བཟུང་གིས། མ་འོངས་པར་འདེམས་བསྐོ་ལམ་ལུགས་གཞན་ཞིག་སྐུལ་སྤེལ་གཏོང་དགོས། 

 ༡༩༨༩ ལོའི་རྗེས་ནས་ས་ཁུལ་དང་རྫོང་རིམ་པའི་དམངས་འཐུས་དང་། སྡེ་དཔོན་འདེམས་བསྐོ་སྐབས་དང་བླངས་འོས་མི་རྣམས་ལ་མང་ཚོགས་ཀྱིས་གང་འཚམ་རྒྱབ་སྐྱོར་དང་དམིགས་འདོན་བྱས་ཐོག གཞུང་བཙུགས་འོས་མི་དང་གཞུང་གི་རྒྱབ་རྩ་ཡོད་མཁན་ཚོར་ཁ་གཏད་འགྲན་སློང་བརྒྱུད། འདེམས་དམངས་ཀྱི་ངོ་ཚབ་མཚོན་ཐུབ་པར་གྱུར་བས། ཁོ་ཚོར་གཞུང་གིས་དུས་རྟག་ཏུ་གནོན་ཤུགས་དང་སུན་གཙེར་བཏང་ཞིང་། མ་གཞི་འདེམས་བསྐོའི་འགན་འཁུར་མཁན་གྱི་སྒྲིག་འཛུགས་ཁག་སྟེ་༼འདེམས་དབང་ལྷན་ཚོགས་དང་། འདེམས་བསྐོ་གཞུང་ལས་ཁང་། འདེམས་ཁུལ་དབང་ལྡན་ཚོགས་ཆུང་༽ཚང་མ་གཞུང་གི་སྟངས་འཛིན་འོག་ཡོད་སྟབས། གལ་སྲིད་དང་བླངས་འོས་མི་རྣམས་ལ་འདེམས་དམངས་མང་ཆེ་བས་རྒྱབ་སྐྱོར་བྱས་པའི་དབང་དུ་བཏང་ཡང་། འདེམས་བསྐོ་གོ་རིམ་ལ་ཟུར་དབང་མེད་སྟབས། མང་ཆེ་བ་ཞིག་གཞུང་ཕྱོགས་འོས་མིར་རྒྱལ་ཁ་ཐོབ་ཀྱིན་ཡོད། གང་སྲིད་དང་བླངས་འོས་མི་ཞིག་ལ་འདེམས་བསྐོའི་ཁྲོད་མ་བསམ་ས་ནས་རྒྱལ་ཁ་ཐོབ་པ་ཡིན་ན། དེ་དང་ཆབས་ཅིག་གནོན་ཤུགས་སྤྲོད་པ་དང་། ཟུར་ཕུད་ཀྱིས་རྗེས་མར་འདེམས་བསྐོའི་དབང་ཚད་འཕྲོག་པ་སོགས་ཀྱི་གནས་སྟངས་འབྱུང་གི་ཡོད།

དེ་བས། གཞུང་གི་སྒྲིག་སྲོལ་འོག  དང་བླངས་འོས་མི་ལང་རྒྱུར་སྐུལ་འདེད་དང་། ཡང་ན་མཉམ་སྤྱོད་ཀྱི་འདེམས་བསྐོ་ལས་རིམ་གསར་གཏོད་བྱས་པ་གང་ཡིན་རུང་། དེང་ཐོག་མངོན་གསལ་མེད་པའི་ཐོག་ནས་དམངས་ཁྲོད་འདེམས་བསྐོ་ལྷན་ཚོགས་ཀྱི་རྒྱུན་ཨུ་འདེམས་དགོས་པ་དང་།  འདེམས་སྒྲུག་དེའི་རྒྱུན་ཨུའི་ཆ་རྐྱེན་ནི་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ༼གཙོ་བོ་ཏང་ཡོན་དང་། གཞུང་གི་རྒྱབ་རྩ་ཅན་མ་ཡིན་པ་གཙོ་འདོན༽གྱིས། མང་ཚོགས་ནང་གུས་བརྩི་ཅན་གྱི་མི་སྣ་འདེམས་དགོས་ཤིང་། མི་སྣའི་བདེ་འཇགས་ལ་འགན་སྲུང་ཆེད། འདེམས་བསྐོ་སྒྲིག་འཛུགས་དེས་སོ་སོའི་ཁུངས་མི་རྣམས་གཞུང་ལ་ཁ་གསལ་ཤེས་སུ་མི་འཇུག་རྒྱུ་དང་། མང་ཚོགས་ཀྱི་ངོས་ནས་ཀྱང་དམངས་ཁྲོད་འདེམས་བསྐོ་རྒྱུན་ཨུའི་ནང་གཞུང་གི་ཐད་བསྐོས་མི་སྣ་མི་ལེན་རྒྱུར་ཤུགས་བརྒྱག་དགོས། འོས་འདེམས་སྐེད་མཚམས་ལ་སླེབས་སྐབས། འདེམས་བསྐོའི་རྒྱུན་ཨུ་རྣམས་ངེས་པར་ལས་འགུལ་ནང་མངོན་གསལ་གྱིས་ཞུགས་རྒྱུ་དང་། ཞུགས་སྟངས་ཀྱང་སྒེར་གྱི་མིང་ཐོག་ནས་ཡིན་ན་བཟང་། གཞན་འདེམས་བསྐོ་རྒྱུན་ཨུའི་ངོས་ནས་རྒྱལ་སྤྱིའི་ཐོག་ཆ་འཇོག་འཕེལ་བའི་ཟུར་དབང་བ་དང་། དམངས་ཁྲོད་ཀྱི་གསར་འགོད་པ་སོགས་གདན་ཞུ་ཆོག་ལ།༼ འོས་འདེམས་མ་གྲུབ་གོང་བརྒྱུད་བསྒྲགས་མི་བྱེད་རྒྱུ་གལ ༽སོང་ཙང་། ད་ཆ་བོད་ནང་ཁྱོན་ཡོངས་ནས་སྡེ་དམངས་འདེམས་བསྐོ་རྒྱུན་ཨུ་མི་མངོན་པའི་ཚུལ་དུ་རྩ་འཛུགས་བྱ་གལ།

དེ་ལྟར་སྡེ་དམངས་འདེམས་བསྐོ་རྒྱུན་ཨུ་གསང་འཛུགས་ཐུབ་ན། རིམ་པའི་འོས་འདེམས་ཀྱི་བྱ་བ་མགོ་རྩོམ་ཐུབ་པ་དང་། དེ་དུས་གྲོང་སྡེ་འགའ་ཞིག་གིས་ཉིན་བརྒྱ་དུས་གཅིག་ལ་འདེམས་བསྐོ་གནང་ཐུབ་ན་ཡག་པོ་ཡོད་པ་བཤད་མ་དགོས། རིམ་པའི་དམངས་ཁྲོད་ཀྱི་འདེམས་བསྐོ་མ་ལག་དེ་བཞིན། སྡེ་བ་སོ་སོས་ཞང་གྲོང་རྡལ་དང་། དེ་ནས་རྫོང་རིམ་པའི་དབར་མཉམ་ལས་ཐུབ་ཕྱིན། རིང་པོ་མ་སོང་བར་བོད་ཁམས་ཧྲིལ་བོའི་འདེམས་བསྐོ་སྒྲིག་འཛུགས་ཤིག་གྲུབ་རྒྱུ་ཆར་བ་ཆུ་གྲོགས་ཆགས་ངེས་ཡིན། འོན་ཀྱང་། ས་ཁུལ་དང་རྫོང་ཁག་གི་འདེམས་བསྐོ་ལ་དམ་དྲག་ཆེན་པོ་ཡོད་པར་སོང་། དམངས་ཁྲོད་འདེམས་ལྷན་གྱིས་གནས་སྐབས་རིང་ལག་པའི་སྙོབ་དཀའ་ན། དེར་ཆེད་གཉེར་གྱི་མཐུན་ཕྱོགས་མ་ལག་འཛུགས་རྒྱུར་བསམ་བློ་གཏོང་ཆོག་ལ།  དཔེར་ན། “སྔོན་པྭོ་ལན” གྱི་གསང་བའི་ཚོགས་པ་བཟོ་ལས་སྐྱིད་སྡུག་ལྟ་བུ་རྩ་འཛུགས་བྱ་རྒྱུར་གྲ་སྒྲིག་དགོས། 

  ཕྱི་ལོ་ ༢༠༡༡ ནས་ ༢༠༡༢ བར་རྒྱ་ནག་ནང་ས་ནས།  རྫོང་དང་ཞང་གྲོང་རྡལ་རིམ་པ་གཉིས་ཏེ། རིམ་པ་གཉིས་ཀྱི་དམངས་འཐུས་བསྐྱར་འདེམས་དུས་ཚོད་ཡིན་པ་དང་། རྒྱ་ནག་ནང་སར་ཕྱི་ལོ་ ༡༩༨༠ ཡས་མས་ནས་དང་བླངས་འོས་མི་ལངས་བ་དང་གཞོགས་འདེགས་སྐུལ་འདེད་ཀྱི་ལས་འགུལ་མགོ་བཙུགས་ཏེ། མང་ཚོགས་ཀྱི་ཆབ་སྲིད་ཁེ་དབང་ལོངས་སུ་སྤྱོད་རྒྱུར་འབད་བརྩོན་བྱས་ཡོད་ལ། ཕྱི་ལོ་ ༡༩༨༠ – ༢༠༠༦ བར་ས་ཁུལ་ཉུང་ཤོས་ཤིག་གི་ནང་དང་བླངས་འོས་མི་དང་འདེམས་དམངས་བར་འབྲེལ་འདྲིས་གཏིང་ཟབ་བྱུང་ནས། མང་ཚོགས་ཀྱི་རྒྱབ་སྐྱོར་འོག་དང་བླངས་འོས་མིར་རྒྱལ་ཁ་ཐོབ་མྱོང་ཡོད། [1]  ཡིན་ནའང་། དང་བླངས་འོས་མི་ཚོར་གནོན་ཤུགས་སྣ་ཚོགས་བྱུང་པ་དང་། དང་བླངས་འོས་འདེམས་ཀྱི་ལས་འགུལ་དེ་བཞིན་མཉམ་སྤྱོད་ཀྱི་འདེམས་བསྐོར་ཞུགས་རྒྱུའི་བསམ་ཚུལ་བྱུང་མེད་ཁར། འོས་མི་མང་པོ་ཞིག་མང་ཚོགས་ལ་འབྲེལ་འདྲིས་ཞན་པ། རང་གིས་རང་ལ་དག་ཐེར་བྱེད་རྒྱུའི་གོམས་གཤིས་མེད་པ་སོགས་ཀྱིས། མང་ཚོགས་ཁྱོན་ཡོངས་ནས་རྒྱབ་སྐྱོར་རག་རྒྱུར་བར་ཆད་བྱུང་ཞིང་། གཞུང་ཕྱོགས་ནས་དང་བླངས་འོས་མི་ཚོར་སུན་གཙེར་གནོན་ཤུགས་སྤྲོད་སྐབས། མང་ཚོགས་སྐུལ་སློང་གིས་བསྐྱར་ལན་སློག་རྒྱུར་ནུས་པས་མ་ལྕོགས་པ། བརྒྱུད་ལམ་ནས་དང་བླངས་འོས་མིར་རྒྱབ་སྐྱོར་བྱ་རྒྱུའི་གནས་ཚུལ་མ་ལོངས་པ་སོགས་ཀྱིས། དང་བླངས་འོས་འདེམས་ཀྱི་ལས་འགུལ་ཁྱབ་རྒྱ་ཆེ་བའི་འགོག་རྒོལ་གྱི་རྣམ་པ་ཞིག་ཏུ་གྱུར་མ་ཐུབ་པ་རེད། 

  བོད་ནི་རྒྱ་ནག་དམར་ཤོག་གི་དབང་བསྒྱུར་འོག་ནས་མི་ལོ་དྲུག་ཅུ་ལྷག་ལ་གནས་དགོས་ཐུག་ཀྱང་། བོད་ཀྱི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་ཀྱི་ངོ་བོ་སོགས་ནི་ཕ་རོལ་ལ་རྒོལ་བའི་འབྱུང་རྩར་གྱུར་ཡོད། ༼རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་སྲོལ་རྒྱུན་སྒེར་གཅོད་རིག་གནས་ལ་བརྟེན་ནས། རྒྱ་མི་རིགས་ཀྱི་གྱེན་ལྡོག་བསམ་བློ་རྨོག་མེད་དུ་བཏང་ཡོད་སྟབས། ད་ཆ་རྒྱ་མི་རིགས་ལ་འགོག་རྒོལ་གྱེན་ལོག་གི་ནུས་པ་སྐྱོ་བོ་ཆགས་ཡོད༽དེ་དང་ཆབས་ཅིག་བོད་མིའི་ནང་ཁུལ་གྱི་འབྲེལ་ལམ་དེ་ཡང་རྒྱ་ནག་ནང་སར་བསྡུར་ན་ལྡབ་འགྱུར་གྱིས་ཆེ་བ་ཡོད། ཡིན་ནའང་། བོད་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་དང་། དེའི་རྒྱལ་སྤྱིར་ཐེབས་པའི་ཤུགས་རྐྱེན་བཅས་ཀྱི་ངོས་ནས་བཤད་ན། རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་དང་། བཙན་འཛུལ་རྗེས་ནས་བཙན་བཟུང་དམ་དྲག་བྱས་པ་སོགས་ཀྱི་རྒྱབ་ལྗོངས་འོག རྒྱ་ཁྲིམས་གཞིར་བཞག་གིས་དང་བླངས་འོས་འདེམས་ཀྱི་ལས་འགུལ་སྤེལ་བ་ཡིན་ན། དེ་ནི་རྒྱ་ཁྲིམས་ལ་ངེས་ལེན་གྱིས་མཚོན། དབང་བསྒྱུར་ཁྲིམས་མཐུན་ཅན་དུ་འགྱུར་བར་དོགས་གཞི་ཡོད་སྲིད། དེའི་སྟབས་ཀྱིས་བོད་ནང་སྡེ་དམངས་རིམ་པའི་འདེམས་བསྐོ་ལས་འགུལ་བྱུང་བ་གོ་ཐོས་དཀོན་པའང་དེ་དོན་ཡིན་ལས་ཆེ།

མ་གཞི་འདེམས་བསྐོ་དེ་བཞིན་མཉམ་སྤྱོད་འདེམས་བསྐོས་མཚོན་རིམ་པ་གཉིས་ལ་དབྱེ་དགོས་ཤིང་། རིམ་པ་དང་པོ་དེ་རྒྱ་ནག་གི་<< ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་དམངས་ཨུ་ཡོན་འདེམས་བསྐོ་སྒྲིག་སྲོལ  >> དང་། << ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་དམངས་འཐུས་འདེམས་བསྐོ་ཁྲིམས་ཡིག >> གཉིས་པོར་ཁུངས་གཏུགས་ཏེ། སྡེ་དམངས་ལ་ཡིད་ཆེས་ཡོད་པའི་སྡེ་དཔོན་དང་། རིམ་པའི་ཞང་ཀྲྭང་དང་། རྫོང་དཔོན་སོགས་འདེམས་དགོས་ལ་༼འདེམས་བྱའི་མི་སྣ་དེ་དག་གཞུང་གི་དམིགས་འདོན་བྱས་པ་རྣམས་ཡིན་མི་རུང་༽རྒྱ་ནག་ནང་སའི་ཉམས་མྱོང་གཞིར་བཞགས་ན། རྒྱ་གཞུང་གི་མང་ཚོགས་རང་ངོས་ནས་འོས་འདོན་དང་། ཡང་ན་དང་བླངས་ཐོན་མཁན་ཚོར་འགོག་རྐྱེན་སྣ་ཚོགས་བཟོས་ཐོག ཐ་མར་གཞུང་ཕྱོགས་ཀྱི་འོས་མི་རྣམས་ཐོབ་ཐབ་དང་། དེ་ཡང་འོས་ཤོག་གྲངས་བཤེར་གྱི་གོ་རིམ་ཁྲོད་ལྟ་སྐུལ་གྱི་ནུས་པ་མེད་པ་བཅས་ཀྱིས་ཡིན། ས་ཁུལ་རེ་གཉིས་ནས་གཞུང་ཕྱོགས་འོས་མིའི་ཁ་གཏད་དང་བླངས་པར་རྒྱལ་ཁ་ཐོབ་པའི་གནས་ཚུལ་བྱུང་མྱོང་ཡོད། [2]

   གང་ལྟར་དང་བླངས་འོས་འདེམས་ཀྱི་ལམ་ཁ་དང་པོ་ངལ་བ་འབྲས་མེད་དུ་གྱུར་རུང་། རྒྱ་ཁྲིམས་རང་ལ་ཁུངས་བཅོལ་གྱིས་མེར་ཚིག་མེར་གཏུག་གི་དཔེ་བཞིན། ཕྱོགས་གང་ས་ནས་རྒྱ་དམར་གཞུང་གི་སྟངས་འཛིན་གྱི་མ་རྩ་གཅོག་ཐབས་ལ་འབད་དགོས་ཤིང་། དེ་དང་ཆབས་ཅིག་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་དམངས་དབང་སྲུང་སྐྱོབ་མི་སྣ་སོགས་ལ་མཉམ་འབྲེལ་ཐོག རྒྱ་ནག་ནང་སའི་དམངས་དབང་སྲུང་སྐྱོབ་མཁན་ཚོས་དང་བླངས་འདེམས་བསྐོ་ལས་འགུལ་བར་གཅིག་ཕན་གཅིག་གྲོགས་བྱ་དགོས། ཡང་གཅིག་བཤད་ན། ཐེངས་དང་པོའི་འོས་འདེམས་སྐབས་ཁྲིམས་ཁུངས་རྒྱ་ལ་བཅོལ་བར་སེམས་ཁྲལ་མི་དགོས། བོད་ས་ཁུལ་ནས་མཉམ་སྤྱོད་འདེམས་བསྐོ་རིམ་པ་གཉིས་བརྒྱུད་ཆོག་ལ། རིམ་པ་གཉིས་པའི་མཉམ་སྤྱོད་འདེམས་བསྐོ་ལས་འགུལ་དེའང་། དམངས་ཁྲོད་འདེམས་བསྐོ་རྒྱུན་ཨུ་འདེམས་སྟངས་དང་འདྲ་བའི་འདེམས་ཤོག་འཕངས་པ་བརྒྱུད་༼ སྡེ་དཔོན་དང་སྡེ་དམངས་འདེམས་བསྐོ་རྒྱུན་ཨུ་འདེམས་སྒྲུག་དགོས་པ་མ་ཟད། ཞང་དང་རྫོང་གི་དམངས་འཐུས་ཀྱང་འདེམས་དགོས༽འདེམས་དམངས་ཚང་མས་རང་གི་འདེམས་ཤོག་དམངས་ཁྲོད་འདེམས་བསྐོའི་རྒྱུན་ཨུས་གོ་སྒྲིག་བྱས་པའི་འདེམས་སྒམ་ནང་འཕེན་དགོས་པ་དང་། དམངས་ཁྲོད་འདེམས་བསྐོའི་རྒྱུན་ཨུས་སོ་སོར་ཡིད་ཆེས་ཡོད་པའི་མི་སྣ་དང་། བརྒྱུད་ལམ་ལས་རིགས་ཀྱི་ངོ་ཚབ་གདན་ཞུས་ཀྱིས་འོས་འདེམས་གོ་རིམ་ལ་ལྟ་སྐུལ་བྱ་ཆོག སྐབས་དེར་གཞུང་ཕྱོགས་ནས་གཞུང་གིས་དམིགས་འདོན་བྱས་པའི་འོས་མིར་རྒྱལ་ཁ་ཐོབ་ལུགས་བསྒྲགས་སྐབས། དམངས་ཁྲོད་འདེམས་བསྐོ་རྒྱུན་ཨུ་ངོས་ནས་རང་གི་འདེམས་སྒམ་ནང་གི་འོས་ཤོག་ཁ་གྲངས་ལྟར་གཞུང་གི་འོས་མི་རྩིས་མེད་གཏོང་རྒྱུ་དང་། སྡེ་དམངས་རང་གིས་འདེམས་ཐོན་བྱུང་བའི་སྡེ་དཔོན་དང་སྡེ་དམངས་རྒྱུན་ཨུ། ཞང་དང་རྫོང་དཔོན་གི་དམངས་འཐུས་སོགས་ལ་སྲིད་དབང་སྐུར་ནས། རང་སྐྱོང་དང་རང་ས་རང་བདག་གི་འཛིན་སྐྱོང་མ་ལག་གྲུབ་ཐུབ་པ་བྱ་དགོས། 

ཕྱི་ལོ་ ༢༠༡༣ ཟླ་ ༡༠ ནང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྤྱི་ཆིངས་དང་། << འཛམ་གླིང་མི་དོན་བསྒྲགས་གཏམ >> སོགས་རྒྱ་དམར་གཞུང་གིས་བརྩི་སྲུང་བྱ་རྒྱུར་མིང་རྟགས་བཀོད་པའི་རྩ་འཛིན་ཡིག་ཆ་བརྒྱད་ལག་བསྟར་དོན་འཁྱོལ་བྱུང་ཡོད་མེད་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྱོན་ཡོངས་ནས་འདྲི་ཞིབ་དུས་ཆད་ལ་སླེབས་ཡོད་པ་དང་། ཡང་འཆར་ལོའི་ཟླ་ ༥ ནང་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས་རིག་གནས་ལས་འཛིན་ལྷན་ཚོགས་ངོས་ནས། རྒྱ་དམར་གཞུང་གིས་<< དཔལ་འབྱོར་དང་། སྤྱི་ཚོགས་རིག་གནས་དབང་ཆའི་སྤྱི་ཆིངས >> ལས་ཁས་ལེན་བྱས་རིགས་ལག་བསྟར་ཡོད་མེད་སྐོར་འདྲི་ཞིབ་བྱ་རྒྱུ་ཡིན་པར་བརྟེན། དེ་དུས་བོད་ནང་མཉམ་སྤྱོད་འདེམས་བསྐོའི་ལས་འགུལ་རྩོམ་ཐུབ་པ་ཡིན་ན། རྒྱལ་སྤྱིའི་འཁོར་ཕྱོགས་དང་བསྟུན་ནས་བོད་ནང་གི་གནས་སྟངས་ལ་འགྱུར་བ་གཏོང་རྒྱུའི་གོ་སྐབས་ཡག་ཤོས་ཡིན་པ་དང་། བོད་ནང་གནས་བབ་ལ་གཞིགས་ནས་མཉམ་སྤྱོད་འདེམས་བསྐོ་ལས་འགུལ་མགོ་འཛུགས་སྟངས་གོ་རིམ་བཞིར་དབྱེ་ཡོད།

       ལས་འགུལ་གྱི་གོ་རིམ། 

(1) ཕྱི་ལོ་ ༢༠༡༢  ལོ་མཇུག་མ་རྫོགས་སྔོན་ལ་བོད་ནང་དུའང་ཞང་དང་། རྫོང་རིམ་པའི་དམངས་འཐུས་ཀྱི་ལོ་དུས་ཚང་ནས་བསྐྱར་འདེམས་དུས་ཚོད་ཟིན་ཡོད་ལ།   <<འདེམས་བསྐོ་ཁྲིམས་ཡིག >> ལྟར་ན། སྐབས་དེར་བསྐྱར་དུ་འོས་མིར་ལངས་མཁན་གཞུང་ཕྱོགས་འཐུས་མི་རྣམས་ཀྱིས་གོ་གནས་རྩིས་འབུད་དགོས་པ་འཁོད་ཡོད་པ། ཁྲིམས་ཡིག་དེའི་༼ དོན་ཚན་ ༤༣ དང་ ༤༤ གཏན་འབེབས་ལ་གཟིགས ༽དེ་ན་མང་ཚོགས་ཀྱིས་སྡེ་དམངས་འདེམས་བསྐོའི་རྒྱུན་ཨུ་འདེམས་སྒྲུག་གྲུབ་མཚམས། དང་བླངས་འོས་མི་རྣམས་ཚགས་འཛུད་ཀྱིས་འོས་འགྲན་ཁྲོད་ཞུགས་རྒྱུ་དང་། སྡེ་དམངས་འདེམས་ཨུའི་ངོས་ནས་མཉམ་སྤྱོད་འདེམས་བསྐོ་ལག་བསྟར་དང་གཞུང་ཕྱོགས་ཀྱི་འདེམས་བསྐོར་ལྟ་སྐུལ་བཅས་གཅིག་གོ་ཉིས་ཆོད་བྱས་ཏེ། མང་ཚོགས་ལ་འདོད་མོས་ཡོད་པའི་སྡེ་དཔོན་དང་། སྡེ་དམངས་རྒྱུན་ཨུ་འདེམས་དགོས།

   (2)  ཕྱི་ལོ་ ༢༠༡༡ གཞུང་ནས་འཐུས་མི་བརྗེ་སྤོར་བྱས་ཟིན་པ་བསྒྲགས་ཚར་བའི་བོད་ཁུལ་གྱི་རྫོང་ཁག་ནང་། ཞང་གྲོང་གི་དམངས་འཐུས་བསྐྱར་ཏུ་འདེམས་པ་ལ། རྒྱ་གཞུང་གི་ <<ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གནས་འཕྲིན་ཕྱི་བསྒྲགས་གྲོས་ཆོད >> ཟེར་བ་དེར་ཁུངས་གཏུག་གིས། ས་ཁུལ་དང་རྒྱལ་ཡོངས་དམངས་འཐུས་འདེམས་སྐབས་མང་ཚོགས་ལ་རྒྱུ་མཚན་གང་གིས་གནས་འཕྲིན་ཕྱི་བསྒྲགས་མ་བྱས་པ་རེད་ཟེར་ནས་བརྡ་འདེད་དང་སྦྲགས། <<འདེམས་བསྐོའི་ཁྲིམས་ཡིག >> ཟེར་བའི་༼ དོན་ཚན་ ༤༣ དང་ ༤༤༽མང་ཚོགས་ལ་གང་གིས་འདེམས་བསྐོ་བྱས་པའི་འཐུས་མི་རྩིས་མེད་གཏོང་རྒྱུའི་ཐོབ་ཐང་ཡོད་སྐོར་འཁོད་པ་ལྟར། ༼རང་གི་མངོན་འདོད་ལྟར༽འདེམས་པ་ཡིན་མིན་ཉིས་ཆ་རྩིས་མེད་གཏོང་དགོས་ལ། རྩིས་མེད་གཏོང་ཕྱོགས་ནི་འདེམས་དམངས་མི་གྲངས་ ༥༠ ནས་ ༣༠ བར་གྱིས་མཉམ་འབྲེལ་ཐོག རྫོང་རིམ་པ་དང་ཡང་ན་ཞང་དམངས་འཐུས་རྒྱུན་ཨུ་ལ་ཡིག་ཐོག་ནས་གཏུག་གཤེར་བྱ་ཆོག གཞུང་ཕྱོགས་ནས་མང་ཚོགས་ཀྱིས་གོང་གསལ་ཁྲིམས་ཡིག་གཉིེས་གཞིར་བཟུང་གིས་ཞུ་གཏུག་བྱས་རིགས་ལ་རྒྱུན་དུ་རྩིས་མེད་དང་སུན་གཙེར་གཏོང་རྐྱང་ཡིན་མོད། གཞུང་གི་ལས་སྟངས་དེ་ནི་རང་གི་ཁྲིམས་ལ་རང་གིས་རྩིས་མེད་བྱས་པ་ཞིག་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཆིངས་ཀྱི་གཏན་འབེབས་ལྟར་ཁྲིམས་ཐོག་ནས་བརྡ་འདེད་གཏོང་ཆོག་ལ། གཞུང་བསྐོས་འཐུས་མི་གནས་དབྱུང་དང་གནས་འཕྲིན་ཕྱི་བསྒྲགས་དགོས་པའི་ཁ་མཆུ་གཉིས་པ་མཉམ་སྤྱོད་འདེམས་བསྐོ་དང་ལྷན་དུ་ལག་བསྟར་བྱ་ཆོག  མང་ཚོགས་ཀྱིས་སྡེ་དམངས་འདེམས་བསྐོའི་རྒྱུན་ཨུ་འདེམས་སྒྲུག་བྱས་ཏེ། རང་ཉིད་ལ་འདོད་པ་ཡོད་པའི་འོས་མི་འདེམས་བསྐོའི་ཁྲོད་ཞུགས་རྒྱུར་སྐུལ་སློང་གིས། ཞང་དང་རྫོང་ཁག་གི་གྲོས་ཚོགས་ཀྱི་དམངས་འཐུས་འདེམས་བསྐོ་བྱ་དགོས་ཤིང་། སྡེ་དཔོན་དང་སྡེ་དམངས་རྒྱུན་ཨུ་འོས་འདེམས་བྱས་མེད་པའི་ས་ཁུལ་ནས། <<ཀྲུང་ཧ་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་སྡེ་དམངས་རྒྱུན་ཨུད་རྩ་འཛུག་ཁྲིམས་ཡིག >>ཟེར་བར་ཁུངས་གཏུག་འོག་གཞུང་གི་དམིགས་འཛུགས་བྱས་པའི་སྡེ་དཔོན་དང་སྡེ་དམངས་རྒྱུན་ཨུ་མཉམ་པོར་གནས་དབྱུང་གིས། མང་ཚོགས་ངོས་ནས་དང་བླངས་འོས་མི་རྣམས་ཚགས་འཛུད་ཀྱིས་འོས་འགྲན་ཁྲོད་ཞུགས་རྒྱུ་དང་། མང་ཚོགས་ལ་འདོད་མོས་ཡོད་པའི་སྡེ་དཔོན་དང་སྡེ་དམངས་རྒྱུན་ཨུ་འདེམས་དགོས།

   (3)  ཡང་ཕྱི་ལོ་ ༢༠༡༡ གཞུང་ནས་འཐུས་མི་བརྗེ་སྤོར་བྱས་ཟིན་པ་བསྒྲགས་ཚར་བའི་བོད་ཁུལ་གྱི་རྫོང་ཁག་ནང་། ཞང་གྲོང་གི་དམངས་འཐུས་བསྐྱར་ཏུ་འདེམས་པ་ལ། རྒྱ་གཞུང་གི་ <<ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གནས་འཕྲིན་ཕྱི་བསྒྲགས་གྲོས་ཆོད >> ཟེར་བ་དེར་ཁུངས་གཏུག་གིས། ས་ཁུལ་དང་རྒྱལ་ཡོངས་དམངས་འཐུས་འདེམས་སྐབས་མང་ཚོགས་ལ་རྒྱུ་མཚན་གང་གིས་གནས་འཕྲིན་ཕྱི་བསྒྲགས་མ་བྱས་པ་རེད་ཟེར་ནས་བརྡ་འདེད་དང་སྦྲགས། གོང་གི་<<འདེམས་བསྐོའི་ཁྲིམས་ཡིག >> གཉིས་པོ་མཉམ་སྤྱོད་ཀྱིས། གཞུང་གིས་དམིགས་འཛུགས་བྱས་པའི་འཐུས་མི་ཁག་རྩིས་མེད་བཏང་ཐོག མང་ཚོགས་ཀྱིས་སྡེ་དམངས་འདེམས་བསྐོའི་རྒྱུན་ཨུ་འདེམས་སྒྲུག་བྱས་ནས། རང་ཉིད་ལ་འདོད་པ་ཡོད་པའི་འོས་མི་འདེམས་བསྐོའི་ཁྲོད་ཞུགས་རྒྱུར་སྐུལ་སློང་གིས། ཞང་དང་རྫོང་ཁག་གི་གྲོས་ཚོགས་ཀྱི་དམངས་འཐུས་འདེམས་བསྐོ་བྱ་དགོས་ལ། སྡེ་དཔོན་དང་སྡེ་དམངས་རྒྱུན་ཨུ་འོས་འདེམས་འགྲོ་བཞིན་པའི་ས་ཁུལ་ཁག་ནས་འདེམས་བསྐོ་གྲུབ་མཚམས། དང་བླངས་འོས་མི་རྣམས་ཚགས་འཛུད་ཀྱིས་འོས་འགྲན་ཁྲོད་ཞུགས་རྒྱུ་དང་། སྡེ་དམངས་འདེམས་ཨུ་ངོས་ནས་མཉམ་སྤྱོད་ཀྱི་འདེམས་བསྐོ་ལག་བསྟར་དང་། གཞུང་ཕྱོགས་ཀྱི་འདེམས་བསྐོར་ལྟ་སྐུལ་བཅས་གཅིག་གོ་ཉིས་ཆོད་ཀྱིས། མང་ཚོགས་ལ་འདོད་མོས་ཡོད་པའི་སྡེ་དཔོན་དང་། སྡེ་དམངས་རྒྱུན་ཨུ་འདེམས་དགོས།

     (4) ཕྱི་ལོ་ ༢༠༡༢  ལོ་མཇུག་གི་སྔོན་ལ་བོད་ནང་དུའང་། ཞང་དང་། རྫོང་རིམ་པའི་དམངས་འཐུས་ཀྱི་ལོ་དུས་ཚང་ནས་བསྐྱར་འདེམས་དུས་ཚོད་ཟིན་ཡོད་ལ།   <<འདེམས་བསྐོ་ཁྲིམས་ཡིག >> ལྟར་ན། སྐབས་དེར་བསྐྱར་དུ་འོས་མིར་ལངས་མཁན་གཞུང་ཕྱོགས་འཐུས་མི་རྣམས་ཀྱིས་གོ་གནས་རྩིས་འབུད་དགོས་པ་འཁོད་ཡོད་པ། ཁྲིམས་ཡིག་དེའི་༼ དོན་ཚན་ ༤༣ དང་ ༤༤ གཏན་འབེབས་ལ་གཟིགས ༽དེ་ན་མང་ཚོགས་ཀྱིས་སྡེ་དམངས་འདེམས་བསྐོའི་རྒྱུན་ཨུ་འདེམས་སྒྲུག་གྲུབ་མཚམས། དང་བླངས་འོས་མི་རྣམས་ཚགས་འཛུད་ཀྱིས་འོས་འགྲན་ཁྲོད་ཞུགས་རྒྱུ་དང་། སྡེ་དམངས་འདེམས་ཨུ་ངོས་ནས་མཉམ་སྤྱོད་འདེམས་བསྐོ་ལག་བསྟར་དང་གཞུང་ཕྱོགས་ཀྱི་འདེམས་བསྐོར་ལྟ་སྐུལ་བཅས་གཅིག་གོ་ཉིས་ཆོད་བྱ་རྒྱུ་དང་། སྡེ་དཔོན་དང་སྡེ་དམངས་འདེམས་བསྐོ་རྒྱུན་ཨུ་འདེམས་མེད་པའི་ས་ཁུལ་ནང་། <<འདེམས་བསྐོ་ཁྲིམས་ཡིག >> གཞིར་བཟུང་གཞུང་ཕྱོགས་ཀྱི་རྒྱབ་རྩ་ཡོད་པའི་སྡེ་དཔོན་དང་སྡེ་དམངས་རྒྱུན་ཨུ་གནས་དབྱུང་གིས། མང་ཚོགས་ལ་འདོད་མོས་ཡོད་པའི་དང་བླངས་འོས་མི་དམིགས་འདོན་གྱིས་སྡེ་དཔོན་དང་། སྡེ་དམངས་རྒྱུན་ཨུ་འདེམས་དགོས།

   མཐའ་དོན། བོད་ནང་གི་མང་ཚོགས་ཀྱིས་འདེམས་བསྐོ་རིམ་པ་འདི་གཉིས་བརྒྱུད། གྲོང་གསེབ་རང་སྐྱོང་དང་། མི་སེར་རང་སྟེང་གི་ནུས་པ་མཐོར་འདེགས་བཏང་ཐོག གྷན་ངྷི་ཡིས་དབྱིན་ཇིས་དབང་བསྒྱུར་འོག་རྒྱ་གར་མི་མང་གི་ནང་ཁུལ་འབྲེལ་ལམ་སྲ་བརྟན་བཏང་ནས་གྲོང་གསེབ་རང་སྐྱོང་རྩོད་ལེན་བྱས་ཡོད་ལ། ཕྱོགས་མཚུངས་དམག་ཤུགས་ཀྱི་གཉའ་གནོན་ཡོད་བཞིན་པའི་པྭོ་ལན་ནང་བཟོ་ལས་མནའ་འབྲེལ་གྱིས་གསང་བའི་མ་ལག་རྒྱ་བསྐྱེད་དང་། སྤྱི་ཚོགས་ཐོག་གི་རིམ་པ་འདྲ་མིན་ནང་ལག་འབྲེལ་དམ་ཟབ་ཀྱིས་འབྲེལ་ལམ་བཙུགས་རྗེས། མངོན་གསལ་ངོ་རྒོལ་བྱེད་རྒྱུའི་མགོ་བཙུགས་ཤིང་ཕན་ཚུན་གཅིག་རྒྱབ་གཉིས་ལངས་ཀྱིས། དབང་བསྒྱུར་ཤོག་ཁག་གི་ནུས་པ་གཅོག་པ་དང་ཞན་སར་རྒོལ་བ་སོགས་བྱས་ཡོད། 

མདོར་ན། དང་བླངས་པའི་མཉམ་སྤྱོད་འདེམས་བསྐོ་དང་མཉམ་སྤྱོད་ཆབ་སྲིད་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་གི་སྤྱི་ཆིངས་དང་། << འཛམ་གླིང་མི་དོན་བསྒྲགས་གཏམ >> གཉིས་ཀྱིས་བསྩལ་བའི་དབང་ཆ་ཡིན་ལ།  སྐྱེ་བོ་སྒེར་ལ་མཚོན་ན། ལས་འགུལ་དེ་ནི་མིག་རྒྱང་ལྡན་པའི་ངང་ད་ལྟའི་གནས་སྟངས་ལ་འགྱུར་བ་གཏོང་རྒྱུའི་གསར་གཏོད་ཀྱི་གོ་རིམ་ཡང་ཡིན། 

ཟུར་མཆན།

 [རྒྱ་རིགས་རྩོམ་པ་པོ་ཞའོ་ཅིང་ལགས་ནི། (༡༩༨༩)ལོའི་པེ་ཅིན་སློབ་མའི་ལས་འགུལ་གྱི་ཇུས་འདོན་པ་དང་ལས་འགུལ་པ་གཙོ་གྲས་ཤིག་ཡིན་ལ། སྐབས་དེར་འཛིན་བཟུང་བཙོན་འཇུག་བྱས་ཡོད། ཕྱིས་སུ་ཁོང་བཙན་བྱོལ་ལ་ཕེབས་པ་དང་དེང་སྐབས་དབྱིན་ཇི་རྒྱལ་ས་ལོན་ཌོན་དུ་གཏན་བཞུགས་ཀྱིས་ལས་འགུལ་སྣ་ཚོགས་ནང་མཉམ་ཞུགས་དང་། བོད་དོན་ཐད་རྒྱུན་དུ་དོ་ཁུར་གནང་མཁན་ཞིག་ཡིན་པ་བཅས། ____བསྒྱུར་མཁན་གྱི་གསལ་བཤད ] 



 དཔྱད་གཞིའི་རྒྱུ་ཆ། 
<< འཛམ་གླིང་མི་དོན་བསྒྲགས་གཏམ >> http://www.un.org/zh/documents/udhr/

《མི་སེར་དང་ཆབ་སྲིད་དབང་ཆའི་སྤྱི་ཆིངས》http://www.un.org/chinese/hr/issue/ccpr.htm

《དཔལ་འབྱོར་དང་།སྤྱི་ཚོགས་ཀྱི་རིག་གནས་དབང་ཆའི་སྤྱི་ཆིངས》http://www.un.org/chinese/hr/issue/esc.htm

《 ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་དམངས་རྒྱུན་ཨུད་ཀྱི་རྩ་འཛིགས་སྒྲིག་ཁྲིམས》http://www.gov.cn/flfg/2010-10/28/content_1732986.htm

《ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་དང་ས་ཁུལ་འཐུས་མིའི་འདེམས་བསྐོས་ཁྲིམས་ཡིག》http://www.gov.cn/flfg/2010-03/14/content_1555450.htm

[1] རྒྱ་ནག་གི་འདེམས་བསྐོ་ལྟ་ཞིབ参考参考 SHAO,

Jiang, Minkan in China: 1949–89, 188-207,

http://westminsterresearch.wmin.ac.uk/10184/1/Jiang_SHAO.pdf

[2] དཔྱད་ཁུངས་ རྒྱ་ནག་གི་འདེམས་བསྐོ་ལྟ་ཞིབ 参考2011-12年中国选举观察http://wqw2010.blogspot.co.uk/search/label/%E5%9F%BA%E5%B1%82%E9%80%89%E4%B8%BE?updated-max=2012-09-20T22:15:00%2B08:00&max-results=20&start=20&by-date=false

ཡང་ན་དཔྱད་ཁུངས་འདིར་གཟིགས 也看 SHAO, Jiang, Minkan in China: 1949–89, 188-207,

http://westminsterresearch.wmin.ac.uk/10184/1/Jiang_SHAO.pdf

མཆན། 5

  1. ཕུན་ཚོགས ། says:
    ལོ་ 10 སྔོན།

    དཔྱད་གཞི་འདི་རིན་ཐང་ལྡན་པར་སེམས། ལྷག་དོན་ཨ་ཚོགས་ལགས་ཀྱིས་་འདི་ལྟར་མུ་མཐུད་མང་ཙམ་བསྒྱུར་སྤེལ་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། ང་ཚོས་ཁ་ཆུ་མ་སྐམ་བར་ཅིག་བཤད་བསྡད་པ་ལས། མཚམས་ལན་རེར་དཔྱད་གཞི་ཆེན་པོ་རེ་དང་། དོན་སྙིང་ལྡན་པའི་དཔྱད་བརྗོད་ཡག་པོ་རེ་སྤེལ་ཐུབ་ན་ལོ་རྒྱུས་ཀྱི་རིན་ཐང་ཡོད་གི།

    Reply
  2. ཀླུ་མཁར་བྱམས། says:
    ལོ་ 10 སྔོན།

    རེད་ཡ། མཆན་བ་མི་ཆུང་གིས་བརྗོད་པ་ལྟར། ལས་འགུལ་གྱི་རྣམ་གྲངས་བཞི་བོ་ཞིབ་དུ་ཀློག་ནས་དབྱེ་ཞིབ་དགོས་ཀྱིན་འདུག ཁྱེད་ལ་ཁག་མེད་ང་བསྒྱུར་མཁན་ལའང་དོག་པ་བྱུང་། དེ་བས་ངས་ཡང་སྐོར་དང་བསྐྱོར་སྐོར་གྱིས་ལྟས་ཡོད་ལ། དོན་ཚན་བཞི་བོ་དེའི་མ་ཡིག་འདིར་ཡོད། བྱུང་ན་དེ་གཞིར་བཞགས་གིས་ཁ་གསལ་བཟོ་རོགས། ངའི་ལག་ནས་དེ་ཙམ་ཞིག་མ་གཏོགས་མ་ཡོང་བ་རེད།
    ༼ 在2012年底前仍在进行换届的区县、乡镇两级人民代表选举的藏区,根据《选举法》罢免所有连任的官方代表( 参看第四十三条、四十四条的规定 ),选民完成选举民间选举委员会后,独立候选人开始进入竞选,民间选举委员会组织平行独立选出藏区乡镇议会和县级议会同时监督官方的选举;正在进行村长和村民委员会选举的地方,村民完成选举民间选举委员会后,独立候选人开始进入竞选,民间选举委员会组织平行选举和监督官方的选举,村民直接选举自己的村长和村民委员会。
    在2011-现在官方已经宣布完成换届的区县、乡镇两级人民代表选举的藏区,要求 《中华人民共和国政府信息公开条例》地方人大和全国人大信息公开为何没有公布选举信息, 根据《选举法》第四十三条、四十四条的规定,选民有权罢免自己选出的代表(或自己选区),不是自己选出的代表,应全部罢免。罢免方法是原选区选民50人以上联名或30人联名,可以分别向县级或乡级人民代表大会常务委员会书面提出罢免县或乡级人大代表的要求,官方对民间运用上述两个法律,经常打压、拖延分化,因此对官方违背自己的法律和违反国际人权公约应记录在案。要求信息公开和提出罢免要求应与平行独立选举同时开始:选民在完成选举民间选举委员会后,独立候选人开始进入竞选,直接选举镇县议会议员。在没有村长和村民委员会选举的地方,同时按照《中华人民共和国村民委员会组织法》;罢免官方指定的村长和村民委员会,独立候选人开始进入竞选,村民直接选举自己的村长和村民委员会。
    在2011-现在官方已经宣布完成换届的区县、乡镇两级人民代表选举的藏区,要求 《中华人民共和国政府信息公开条例》地方和全国人大信息公开为何没有选举信息,同时使用《选举法》同2的方法,罢免所有指定的人大代表, 选民完成选举民间选举委员会后,独立候选人开始进入竞选,直接选举镇县议会议员;正在进行村长和村民委员会选举的地方,村民完成选举民间选举委员会后,独立候选人开始进入竞选,民间选举委员会组织平行选举和监督官方的选举,村民直接选举自己的村长和村民委员会。
    在2012年底前仍在进行换届的区县、乡镇两级人民代表选举的藏区,根据《选举法》罢免所有连任的官方代表( 参看第四十三条、四十四条的规定 ),选民完成选举民间选举委员会后,独立候选人开始进入竞选,民间选举委员会组织平行选举和监督官方的选举; 在没有村长和村民委员会选举的地方,同时按照《中华人民共和国村民委员会组织法》,罢免官方指定的村长和村民委员会,独立候选人开始进入竞选,村民直接选举自己的村长和村民委员会。 ༽

    Reply
  3. མི་ཆུང་། says:
    ལོ་ 10 སྔོན།

    སྒྱུར་བ་པོ་ལགས། བཀའ་དྲིན་ཆེ། ཞུ་རྒྱུ་ཞིག་ལ། ལས་འགུལ་གྱི་གོ་རིམ་ཞེས་པའི་ས་བཅད་ནང་གི་དོན་ཚན་དང་པོ་དང་། བཞི་པའི་མཐའ་དོན་ཞེས་པ་ཡན་ཆད་ལ་ཁྱད་པར་ཅི་ཞིག་ཡོད་དམ།

    Reply
  4. རིན་པོ་ཆེ། says:
    ལོ་ 10 སྔོན།

    ཐོག་མར་སྡེ་བའི་སྡེ་དཔོན་ནས་མགོ་འཛུགས་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་བོད་ནང་གི་ས་ཆ་ལ་ལར་སྡེ་དཔོན་དང་ཞང་དཔོན་(ཡུལ་ཚོའི་མགོ་དཔོན)། རྫོང་གི་རྫོང་དཔོན་སོགས་ས་གནས་མ་དམངས་ལ་བདམས་པའི་དབང་ཆ་དེ་སྔོན་ནས་ཡོད་རབས་འདུག སྔར་ཡོད་པ་དེ་ཚོ་རྒྱུན་འཁྱོངས་དང་རྒྱ་སྐྱེད། སྔར་མེད་སར་གསར་གཏོད་སོགས་བྱ་དགོས།

    Reply
  5. ཀླུ་མཁར་བྱམས། says:
    ལོ་ 10 སྔོན།

    ཁྲིམས་ཁུངས་རྒྱ་ལ་བཅོལ་ན་ཐར་ས་ཞིག་གམ་འཛུལ་ས་ཞིག་ཡོད་རབས་འུ་ཚང་གི་ཆེ་ཆེ་དྲག་དྲག་ཚང་མས་བཤད་བསྡད་ཡོད་ལ། <<རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་>>འཛུལ་ནས་ཆེན་པོ་ཞིག་རག་རྒྱུ་ཡོད་སྐོར་ཡིག་ངག་གཉིས་ཐོག་ནས་ཞུས་ཤིང་བཀྲམས་ཚར་བ་དེ་ལྟར་ཡང་། ཁུངས་སྣེ་གང་ཞིག་བཟུང་ནས་རྒྱ་ཁྲིམས་འོག་འཛུལ་དགོས་པ་དང་། འཛུལ་ལུགས་འཛུལ་སྟངས་སྐོར་བཤད་དགོས་ཕྱིན། ལོ་རབས་ལྔ་བཅུ་བའི་ནང་གི་༼གྲོས་མཐུན་དོན་ཚན་བཅུ་བདུན་༽ཟེར་བ་སོགས་ལོ་རྒྱུས་ཀྱི་གད་སྙིགས་བསྐྱར་སློག་རེ་བརྒྱག་ཞོར། ཁ་ནང་ལ་འཛུབ་མོ་བཙུགས་ནས་བསྡད་ཡོད་པ་ཚང་མས་མཁྱེན་གསལ་རེད། དེས་ན་སྐུ་ཞབས་ཞའོ་ཅིང་ལགས་ཀྱི་རྩོམ་ཡིག་འདི་དེ་རིང་གི་རྒྱ་ཁྲིམས་ལ་ཁུངས་བཅོལ་གྱིས་རང་དོན་སྒྲུབ་ཀྱི་ཡིན་ཟེར་མཁན་ཚོར་སྤྱན་ཟུར་ཙམ་གཡོ་རྒྱུའི་རིན་ཐང་ཡོད་པར་མཐོང་ནས། ཁོ་བས་ཐེབས་ཆག་ཅིག་བསྒྱུར་ཁུལ་ཡིན་ན་མི་ཕན་ཡང་མི་གནོད་པའི་རེ་བ་ཡོད་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist