མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བསྲེགས་སྐོར་གྱི་གློག་བརྙན་གཟིགས་འབུལ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོ་བཞུགས་སྒར་བོད་ཀྱི་འགྲེམས་སྟོན་ཁང་ནང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རང་ལུས་མེར་བསྲེགས་སྐོར་གྱི་གློག་བརྙན་ཞིག་གཟིགས་འབུལ་གནང་སོང་།

དེ་རིང་ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཞུགས་སྒར་བོད་ཀྱི་འགྲེམས་སྟོན་ཁང་དུ། རྒྱ་གར་དང་བོད་པའི་གསར་འགོད་པ་རྣམས་གཙོས་ཕྱི་རྒྱལ་བ་དང་བོད་མི་མང་ཚོགས་བཅས་ལ།  Beyond the Numbers ཞེས་པའི་སྐར་མ་ ༢༦ ཅན་གྱི་གློག་བརྙན་ཞིག་གཟིགས་འབུལ་གནང་སོང་ལ། གློག་བརྙན་དེའི་ནང་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་དེ་སྔའི་མི་ཚེ་ལོ་རྒྱུས་དང་། ནམ་རྒྱུན་ཁོང་རྣམས་པའི་དགོངས་པ་བཞེས་སྟངས་དང་བོད་དོན་ཐད་ཀྱི་ཐུགས་རེ་སོགས་འབྲེལ་ཡོད་ལ་བཅར་འདྲི་བརྒྱུད་འགྲེལ་བརྗོད་གནང་འདུག   

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་གློག་བརྙན་དེ་བཟོ་དགོས་པའི་དམིགས་ཡུལ་སྐོར་དྲིས་པར། ཁོ་མོས་ “ང་ཚོས་འདི་འདྲ་ཞིག་བཟོ་དགོས་དོན་ནི། བོད་ནང་རང་ལུས་མེར་བསྲེགས་གནང་སྟེ་མི་མང་པོ་ཞིག་སྐུ་གྲོངས་ཡོང་དུས། ང་ཚོ་ཕྱི་ལ་ཡོད་པའི་བོད་མི་ཚོའི་ངོས་ནས་གྲངས་ཀ་ཙམ་ཞིག་རྩིས་ནས་སྡོད་རྒྱུའི་ངོ་བོར་མི་འགྱུར་པར། རྒྱལ་གཅེས་དཔའ་བོ་གྲྭ་བྷེ་ལགས་ཨང་གྲངས་དང་པོ་ནས་རྩིས་ཏེ་པང་རིམ་ལྟར་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རེ་རེར་ཨང་གྲངས་རེ་ཡོད་པ་ལྟར། ཨང་གྲངས་དེ་དག་དམིགས་སུ་བཏོན་པའི་ཐོག་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་སུ་སུ་ཡིན་མིན་སྤྱི་ཚོགས་ཁྲོད་ངོས་འཛིན་དང་། ཁོང་རྣམས་སྐུ་མ་གྲོངས་སྔོན་གྱི་ལོ་རྒྱུས་དང་ཁོང་ཚོའི་ནམ་རྒྱུན་གྱི་དགོངས་པ་བཞེས་ཕྱོགས། ཁོང་ཚོའི་རེ་བ་དང་དམིགས་ཡུལ་སོགས་ཤེས་རྟོགས་ཆེད།  རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་ཚོའི་གཉེན་ཉེ་འབྲེལ་མི་སྣར་བཅར་འདྲི་བརྒྱུད་གློག་བརྙན་དེ་སྒྲིག་བཟོ་བྱས་ཡོད་ལ། དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་ཁྲོད་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམ་པའི་གནས་ཚུལ་ཤེས་རྟོགས་དང་། ལྷག་པར་དུ་བོད་དོན་སྐོར་གྱི་གནས་ཚུལ་གང་ཡང་མི་ཤེས་མཁན་ཕྱི་རྒྱལ་པ་རྣམས་ཀྱིས་བལྟས་པ་ཡིན་ནའང་། མང་པོ་འགྲེལ་བཤད་རྒྱག་མ་དགོས་པའི་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་ཤེས་ཐུབ་པ་བཅས་ལ་དམིགས་ཏེ་བཟོས་ཡོད།” ཅེས་བརྗོད་བྱུང་།

གློག་བརྙན་དེའི་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་གཉེན་ཉེ་འབྲེལ་ཡིན་པའི་བཙན་བྱོལ་བོད་མི་སྐོར་ཞིག་ལ་བཅར་འདྲི་གནང་འདུག་ལ།  དེ་དག་ཁྲོད་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་ཕ་མ་སྤུན་མཆེད་ཡིན་པའི་ཤ་ཉེ་དང་ཨ་ཁུ། ཚ་བོ་ཚ་མོ་བཅས་འདུས་ཡོད་པ་རེད། 

ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་གནང་ཡུལ་ཉེ་འབྲེལ་ཚོར་སེམས་ཚོར་ཅི་ཞིག་ཡོང་བཞིན་ཡོད་མེད་དྲིས་པར། ཁོ་མོས་བཙན་བྱོལ་ནང་ཡོད་པའི་གཉེན་ཉེ་འབྲེལ་དག་གི་ངོས་ནས་ཕྱོགས་གཅིག་ནས་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམ་པའི་སྙིང་སྟོབས་དང་རླབས་ཆེན་གྱི་བློས་གཏོང་ལ་ཡི་རངས་གུས་བརྩི་གནང་བཞིན་འདུག་ལ།  ཡང་ཕྱོགས་གཞན་ཞིག་ནས་སོ་སོའི་ཤ་ཉེ་སྤུན་མཆེད་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་པ་དང་། ལྷག་པར་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཕལ་ཆེ་བ་ནི་དགུང་ལོ་གཞོན་གཞོན་ཆགས་ཡོད་སྟབས།   སེམས་པར་ཕངས་སེམས་ཆེན་པོ་དང་སྐྱོ་ཚོར་དྲག་པོས་མནར་བཞིན་ཡོད་སྐོར་བརྗོད་སོང་།

གཞན་ཡང་།  དགོང་དྲོའི་ཆུ་ཚོད་ ༧ པ་ཙམ་ལ་མོག་གྷན་ཉི་མ་སློབ་གྲྭའི་ནང་། བློ་བཟང་དབང་རྒྱལ་ལགས་ཀྱིས་གོ་སྒྲིག་འོག  ༼བོད་ཀྱི་ཆེད་དུ་གླུ་ལེན༽ཞེས་པའི་མྱ་ངན་གྱི་གླུ་གཞས་གཏོང་བའི་ལས་འགུལ་ཞིག་སྤེལ་སོང་ལ། བློ་བཟང་དབང་རྒྱལ་ལགས་ཀྱིས་བརྗོད་ན་དེ་ཁོས་གོ་སྒྲིག་བྱས་པའི་མྱ་ངན་གླུ་གཞས་ལས་འགུལ་ཐེངས་གསུམ་པ་ཆགས་ཡོད་པ་དང་། བོད་ནང་ཛ་དྲག་གནས་སྟངས་ཆགས་བཞིན་པའི་སྐབས་འདིར་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྤེལ་ཏེ། བོད་ནང་གི་བོད་མིར་གདུང་སེམས་མཉམ་སྐྱེད་དང་ཕྱི་ཕྱོགས་སུ་བོད་དོན་དྲིལ་བསྒྲགས་བྱེད་དགོས་སྐོར་བརྗོད་སོང་།

མྱ་ངན་གླུ་གཞས་གཏོང་བའི་ལས་འགུལ་དེར་རྒྱ་གར་གྱི་རོལ་མོ་རམ་དཀྲོལ་རུ་ཁག་གཅིག་དང་། དྷ་སར་གནས་སྡོད་ཕྱི་རྒྱལ་ལུང་པ་འདྲ་མིན་གྱི་གླུ་ལེན་པ་ཁག་ཅིག་མཉམ་རུབ་ཐོག  རང་དབང་འཐབ་རྩོད་ཀྱི་དབྱིན་ཇིའི་སྐད་ཀྱི་གླུ་གཞས་ཁག་ཅིག་དང་། དེ་བཞིན། བདེན་ཚིག་སྨོན་ལམ་གྱེར་འདོན། གཞིས་བཞུགས་གླུ་བ་ཤེར་བསྟན་གྱི་མཐུན་སྒྲིལ་ཞེས་པའི་གླུ་གཞས་སོགས་བླངས་ཤིང་།  བོད་པ་དང་རྒྱ་གར་བ། ཕྱི་རྒྱལ་བ་སོགས་མི་གྲངས་བརྒྱ་སྐོར་ཙམ་མཉམ་ཞུགས་གནང་སྟེ་ཞག་སྒྲོན་མཆོད་འབུལ་བཅས་གནང་སོང་།    

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese