མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིར་དྲག་གནོན་མཚམས་འཇོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་རང་བསྲེཊ་གནད་དོན་ལ་རྒྱབ་སྐྱོར་མཚོན་ཆེད། ཕྱི་ཚེས་ ༡༤ ཉིན་ཡུ་རོབ་སྤྱི་མཐུན་ཚོཊ་པ་དང་ཁེ་ཎ་ཌ་དང་ཨ་རིའི་སྲིད་གཞུང་བཅས་ཀྱིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་ལ་སྐྱོན་བརྗོད་དང་འབྲེལ། བོད་རྒྱ་འབྲེལ་མོལ་གང་མགྱོཊ་བསྐྱར་གསོ་དགོས་པའི་ནན་སྐུལ་ཞུས་འདུག

ད་བར་བོད་ནང་གི་བོད་མི་ ༩༥ ཙམ་གྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་གནས་སྟངས་ཧ་ཅང་ཛ་དྲག་ཅན་ཏུ་འགྱུར་བཞིན་པའི་སྐབས་ཏེ། ཕྱི་ཚེས་ ༡༤ ཉིན་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཁེ་ཎ་ཌ་དང་ཨ་རིའི་སྲིད་གཞུང་བཅས་ཀྱིས་སྔ་རྗེས་སུ། བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་ལ་སྐྱོན་བརྗོད་བསྒྲཊ་གཏམ་སྤེལ་ཏེ། བོད་རྒྱ་འབྲེལ་མོལ་གང་མགྱོགས་བསྐྱར་གསོ་བྱ་དགོས་པའི་ནན་སྐུལ་ཞུས་ཡོད་འདུག

ཡུ་རོབ་སྤྱི་ཚོགས་པའི་བསྒྲགས་གཏམ་དེའི་ནང་། ཡུ་རོབ་སྤྱི་མཐུན་ཚོགས་པའི་བདེ་འཇཊ་དང་ཕྱི་འབྲེལ་ལས་དོན་ཚན་པའི་ཆེས་མཐོའི་སྐུ་ཚབ་ལྕམ་ཁེ་ཐེ་རིན་ཨེ་ཤི་ཊོན་ (Catherine ashton) མཆོག་གིས། བོད་ནང་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པ་སྤྱི་དང་། བྱེ་བྲག་བོད་ཀྱི་མི་རབས་གསར་པའི་ཁྲོད་རང་ལུས་མེར་བསྲེགས་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པ་དེར་ཡུ་རོབ་སྤྱི་མཐུན་ཚོགས་པར་བློ་ཕམ་ཆེན་པོ་ཡོད་པ་དང་། བོད་མི་ཚོས་རང་གི་ཐུན་མ་ཡིན་པའི་ངོ་བོ་རང་དབང་ཐོག་སྲུང་སྐྱོབ་བྱ་རྒྱུར་རྒྱ་གཞུང་གིས་དམ་དྲག་བྱས་པར་བརྟེན། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་གཞུང་གི་སྲིད་བྱུས་དེར་མི་འདོད་པའི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཚུལ་དང་། ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་གི་ས་ཁྱོན་ཆིག་སྒྲིལ་ལ་གུས་བརྩིའི་ཐོག་རྒྱ་གཞུང་གིས་བོད་མིའི་དཀའ་ངལ་གྱི་རྒྱུ་རྐྱེན་གཙོ་བོ་སེལ་ཐབས་བྱས་ཏེ། བོད་མིའི་སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར། རིག་གཞུང་སོགས་ཀྱི་ཐོབ་ཐང་བཅས་ལ་བརྩི་བཀུར་ཞུ་དགོས་པ་མ་ཟད། བོད་མིའི་ཐུན་མིན་རིག་གཞུང་དང་སྐད་ཡིག ཆོས་ཉམས་ལེན་བྱ་རྒྱུའི་ཐོབ་ཐང་སོཊ་སྤྲོད་རྒྱུའི་རེ་འདུན་ཤུགས་ཆེར་ཞུ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

བསྒྲགས་གཏམ་དེར་མུ་མཐུད་འཁོད་དོན་ལ། མཉམ་འབྲེལ་རྒྱལ་ཚོགས་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་ནཱ་ཝི་པིལ་ལེ་ (navi pillay) མཆོག་གིས། ༢༠༡༢ ལོའི་ཟླ་ ༡༡ ཚེས་ ༢ ཉིན་བསྒྲགས་གཏམ་སྤེལ་བ་དེར་ཡུ་རོབ་སྤྱི་མཐུན་ཚོགས་པས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པར་མ་ཟད། ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་གཞུང་ལ་བོད་མི་ཚོར་སྨྲ་བརྗོད་དང་འདུ་འཛོམས་རང་དབང་ཐོག་དམ་དྲག་བྱ་རྒྱུར་མཚམས་འཇོག་གིས། ད་སྔ་རྒྱའི་བཙོན་ཁང་དུ་འཛིན་བཟུང་བྱས་པའི་བོད་མི་དག་གང་མགྱོཊ་གློད་གྲོལ་གཏོང་དགོས་སྐོར་བརྗོད་འདུག ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་གཞུང་ལ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ཏུ། རྒྱལ་སྤྱིའི་གཞུང་འབྲེལ་མི་སྣ་དང་རྒྱལ་སྤྱིའི་གསར་འགོད་པ་བཅས་གཏོང་དགོས་པའི་རེ་འདུན་ཞུ་རྒྱུ་དང་། ཡུ་རོབ་སྤྱི་མཐུན་གྱིས་བོད་མི་ཚོའི་འུ་ཐུག་གནས་སྟངས་ལ་བསམ་ཤེས་ཐུབ་པའི་ཐོག རང་ལུས་མེར་བསྲེགས་གཙོས་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མི་སྤེལ་བའི་འབོད་སྐུལ་ཞུས་ཡོད་ཅིང་། འབྲེལ་ཡོད་བོད་མིའི་སྤྱི་ཚོགས་དང་ཆོས་ཕྱོགས་དབུ་ཁྲིད་ཚོས་ཀྱང་། རང་ནུས་གང་ཡོད་ཐོག་རང་ལུས་མེར་བསྲེགས་ལས་འགུལ་མཚམས་འཇོག་ཡོང་ཐབས་གནང་དགོས་རྒྱུ་དང་། ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་བོད་ཕྱོགས་གཉིས་ནས་དོན་སྙིང་ལྡན་པའི་འབྲེལ་མོལ་ཞིག་བསྐྱར་གསོི་ཐུབ་པའི་ནན་སྐུལ་ཞུ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

དེ་བཞིན། ཕྱི་ཚེས་ ༡༤ ཉིན་ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚན་པའི་བློན་ཆེན་སྐུ་ཞབས་ཇོན་བྷེར་ཌི་མཆོག་གིས་ (john baird) ཀྱང་། བོད་མིས་རང་ལུས་མེར་བསྲེགས་གཏོང་བའི་གནད་དོན་ཐོག་སེམས་འཚབ་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་ཏེ། བོད་ནང་བོད་མིས་རང་ལུས་མེར་བསྲེགས་གཏོང་མཁན་མང་དུ་འགྲོ་བཞིན་པ་དེར་རྒྱ་གཞུང་གིས་གདོང་ལེན་བྱེད་ཆེད་དམ་དྲག་ཆེ་རུ་བཏང་སྟབས། གནས་སྟངས་སྔར་ལས་ཛ་དྲག་ཏུ་འགྲོ་བཞིན་པ་དེར་ཁེ་ཎ་ཌའི་གཞུང་ལ་སེམས་འཚབ་ཆེན་པོ་ཡོད་པ་དང་། ཁེ་ན་ཌ་སྲིད་གཞུང་གིས་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་གི་ཐོབ་ཐང་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པར་མ་ཟད། རང་བསྲེགས་ཀྱི་ལམ་ནས་རང་གི་མངོན་འདོད་བསྒྲུབ་ཐབས་བྱས་པ་དེས། བོད་མི་ཚོས་རང་གི་ཆོས་དང་སྐད་ཡིག རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་བཅས་གཙིགས་ཆེར་འཛིན་བཞིན་པ་གསལ་པོར་སྟོན་གྱི་ཡོད་སྟབས། ཁེ་ན་ཌའི་གཞུང་གིས་རྒྱ་གཞུང་ལ་བོད་མི་ཚོར་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་བཅས་སྤྲད་དེ། བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཡོང་ཐབས་བྱ་དགོས་རྒྱུུ་དང་། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་སྐུ་ཚབ་འཐུས་མི་དང་གསར་འགོད་པ། རྟོག་ཞིབ་པ་སོགས་འགྲོ་རྒྱུར་ཆོག་མཆན་སྤྲོད་དགོས་རྒྱུ། ༸གོང་ས་མཆོག་གམ་དང་ཁོང་གི་སྐུ་ཚབ་དང་ལྷན་དུ་གཉིས་ཕན་ཐབས་ལམ་ཐོག་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་མ་བཅས་གནང་ཡོད་འདུག

ཉིན་དེར་ཨ་རིའི་ཕོ་བྲང་དཀར་པོའི་ཉིན་རེའི་གསར་འགོད་ལྷན་ཚོགས་ཤིག་གི་སྐབསས་སུའང་། ཕོ་བྲང་དཀར་པོའི་མགྲིན་ཚབ་པའི་ལས་རོགས་སྐུ་ཞབས་པེ་ཊིཀ་ཝེན་ཊི་རེལ་ (patrich ventrell) མཆོག་གིས་གསར་འགོད་པར་ལན་འདེབས་གནང་སྟེ། ཨ་རིའི་གཞུང་གི་ངོས་ནས་ཡོངས་གྲགས་དང་ཡོངས་གྲགས་མིན་པའི་བརྒྱུད་ལམ་སྣ་ཚོགས་ཐོག རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཐུན་མིན་ངོ་བོ་བཅས་སྲུང་སྐྱོབ་ཐོག་ཉེན་ཁ་བཟོས་ཏེ་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། རྒྱ་གཞུང་གིས་སྲིད་བྱུས་དེ་དག་ལ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ཞུས་དང་ཞུ་བཞིན་ཡོད་ཚུལ་དང་། ད་ཐེངས་ཀྱང་ཨ་རིའི་གཞུང་གིས་རྒྱ་གཞུང་གིས་རང་དབང་དང་ཞི་བའི་ཐོག་འཇིགས་སྣང་མེད་པའི་ཁོར་ཡུག་འོག བོད་མི་ཚོར་རང་གི་དཀའ་ངལ་ཡོངས་གྲགས་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་ཞུ་རྒྱུ་དང་། ལངས་ཕྱོགས་འདི་ནི་ཨ་རིས་རྒྱ་གཞུང་དང་ལྷན་དུ་གྲོས་མོལ་བྱ་རྒྱུའི་ཆ་ཤས་གཙོ་བོ་ཞིག་ཆགས་ཡོད་སྐོར་སོཊ་བརྗོད་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༧ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 1

  1. ལྗགས་ནག says:
    ལོ་ 14 སྔོན།

    ༡ རྒྱལ་སྤྱིས་འབྲེལ་མོལ་བསྐྱར་གསོའི་ཐད་གང་ལ་གང་འཚམས་རེ་རྒྱབ་སྐྱོར་གནང་བཞིན་པ་ནི་བདེན།

    ༢ གཞིས་ལུས་བོད་མི་ཚོས་འཛམ་གླིང་དུ་མ་གྲགས་པའི་རང་སྲེག་ལས་འགུལ་སྤེལ་ནས་རྒྱ་ནག་གཞུང་འདུག་བཟོད་མི་བདེ་བ་ཞིག་བཟོས་པ་ཡོད་པ་ནི་བདེན།

    ༣ བཙན་བྱོལ་བོད་མི་ཚོས་འབྲེལ་མོལ་བསྐྱར་གསོར་སྒུག་པ་དང་འབྲེལ་མོལ་སྐུ་ཚབ་ལག་ཐོག་མི་དགོས་པར་བསྐོ་བཞག་གནང་རྒྱུ་ཡོད་པ་ནི་བདེན།

    ༤ ཞིས་ཅིན་ཆིན་གྱིས་སྲིད་འགན་གཙང་བཞེས་གནང་བའང་བདེན།

    ད་བདེན་པ་བཞི་ལྡན་གྱི་མཐུན་རྐྱེན་འཛོམས་དུས། སྲིད་སྐྱོང་སེང་གེས་འབྲེལ་མོལ་བསྐྱར་གསོ་གནང་མ་ཐུབ་དུས་སྲིད་སྐྱོང་མཆོག་ཚ་བ་འཕར་ནས་ཉལ་བསྡད་ཡོད་ཀྱི་རེད།། དེ་མིན་ད་ཅིག་མ་གནང་ན་ངོ་ཚ།། ༸རྒྱལ་བ་ཡིད་བཞིན་ནོར་བུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese