མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ལན་ཌི་ཙམ་མིན་པར་འགྲོ་བ་མིའི་རིཊ་སྤྱི་ཡོངས་ལ་བསམ་བློ་གཏོང་དགོས།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལིར་གོ་སྒྲིག་ཞུས་པའི་བོད་དང་ཐའེ་ལན་ཌའི་ནང་པའི་ལྟ་གྲུབ་བགྲོ་གླེང་སྟེང་། ༸གོང་ས་མཆོག་གིས་ཐའེ་བོད་ནང་པའི་དགེ་འདུན་པ་ཚོས། ཆོས་དང་མ་འདྲེས་པའི་ཐོག་ནས་འཛམ་གླིང་སྟེང་བཟང་སྤྱོད་སྤེལ་དགོས་པའི་བཀའ་སློབ་བསྩལ་འདུག

༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཕྲིན་ཁག་ལེཊ་པར་གྲུབ་ཏེ། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ནས་མགོ་འཛུཊ་ཀྱིས་དུས་ཡུན་བདུན་ཕྲག་གཉིས་ཙམ་རིང་། རྒྱལ་ས་ལྡི་ལིར་ཆོས་ཕྱོཊ་མཛད་འཕྲིན་ཁག་སྐྱོང་བཞིན་པ་ལྟར། ཕྱི་ཚེས་ ༡༥ ཉིན་༸གོང་ས་མཆོག་རྒྱལ་ས་ལྡི་ལིར་གོ་སྒྲིག་ཞུས་པའི་བསྒྲུབ་བྱ་གཅིག་ལ་སྒྲུབ་བྱའི་ཐབས་ལམ་མི་འདྲ་བ་ (Reaching the Same Goal from Different Paths)ཞེས་པའི་བོད་དང་ཐའེ་ལན་ཌིའི་བར་གྱི་ནང་པའི་ལྟ་གྲུབ་བགྲོ་གླེང་ལྷན་ཚོཊ་ཐོག་ཆིབས་བསྒྱུར་བསྐྱངས་ཡོད་འདུག

བགྲོ་གླེང་ལྷན་ཚོགས་དེར་ཐའེ་ལན་ཌིའི་ནང་པའི་དགེ་སློང་ཨ་ནིལ་ཤཀྱཱ་མཆོག་དང་པེ་སལ་ཝི་ས་ལོ། སེག་སན་པིར་ས་ཀུལ། ཀིར་ས་ན་པོང་ཀིར་ཏི་ཀ་ར། ཝི་ར་ཏི་ཤན་ཏི་པྲ་བྷུབ་བཅས་དང་། བོད་བརྒྱུད་ནང་བསྟན་ཕྱོགས་ནས་འདུལ་བ་འཛིན་པའི་དགེ་སློང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར། སྐུའི་གསུང་བསྒྱུར་ཟུར་པ་དང་ལྡི་ལི་བོད་ཁང་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་བཅས་གཙོས།  ཐའེ་ལན་ཌི་ནས་ཆེད་དུ་བཅར་བའི་ཚོགས་ཞུགས་སེར་སྐྱ་ ༣༠༠ ཙམ་མཉམ་ཞུགས་གནང་འདུག་ལ།  ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཞུ་དགོས་དོན་གཙོ་བོ་ནང་ཆོས་ཀྱི་དད་སེམས་མུ་མཐུད་གོང་འཕེལ་གཏོང་ཐབས་དང་།ཐའེ་ལན་ཌི་དང་བོད་མིའི་མཐུན་ལམ་གོང་མཐོར་བཏང་སྟེ་གཞན་ཕན་ལས་གཞི་སྣ་མང་ལག་བསྟར་བྱེད་ཕྱོཊ་སྐོར་ཡིན་འདུག

ཉིན་དེའི་བགྲོ་གླེང་ལྷན་ཚོགས་ཐོག་ཐའེ་ལན་ཌིར་རྟེན་གཞི་བྱས་པའི་བྷུ་ངྷ་དཱ་སཱ་ཨིན་དཱ་པཱ་ནོ་ནང་པའི་བསྟི་གནས་ཁང་ (Buddhadasa Indapanno Archive)གི་སྐུ་ཚབ་ཀྱིས། ༸གོང་ས་མཆོག་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་པ་ཡོངས་ཀྱི་བསམ་བློའི་སློབ་སྟོན་པ་ཞིག་ཡིན་པ་དང་། ལྷག་པར་དུ་༸གོང་ས་མཆོག་ཐའེ་ལན་ཌིའི་ནང་པའི་དགེ་སློང་གྲཊ་ཅན་གཉིས་དང་ཆོས་གྲོཊ་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པ་མ་ཟད།ཐའེ་ལན་ཌིའི་ནང་པ་དང་བོད་བརྒྱུད་ནང་བསྟན་རྗེས་འབྲང་པའི་བར་མཐུན་ལམ་ཡུན་གནས་ཐུབ་རྒྱུའི་རེ་བ་ཡོད་སྐོར་གྱི་ངོ་སྤྲོད་གཏམ་བཤད་བཅས་གནང་འདུག

ལྷན་ཚོགས་ཐོག་༸གོང་ས་མཆོག་གིས་ཁོང་ཐེངས་འདིར་ཐའེ་ལན་ཌིའི་ནང་པའི་དགེ་སློང་གཙོས་ནང་པའི་ལྷན་ཚོགས་ཆེན་པོ་དེར་བཅར་ཐུབ་པར་ཧ་ཅང་སྤྲོ་བོ་བྱུང་ཡོད་ཚུལ་དང་། ༡༩༦༧ ལོར་ཁོང་ཐོག་མར་ཐའེ་ལན་ཌིར་གཟིགས་སྐོར་དུ་ཕེབས་སྐབས། ཡུལ་དེར་ནང་ཆོས་དར་ཁྱབ་ཆེན་པོ་བྱུང་ཡོད་པ་མཐོང་སྟེ་ངོ་མཚར་སྐྱེས་ཡོད་སྐོར་ངོ་སྤྲོད་དང་འབྲེལ། སྐབས་དེར་ཁོང་ཐའེ་ལན་ཌིའི་མཁན་པོ་དང་བཀའ་མོལ་གནང་སྐབས། མཁན་པོར་ཡི་ཤུའི་གྲྭ་བཙུན་ཚོས་སྤྱི་ཚོགས་ལས་དོན་འདྲ་མིན་ནང་མཉམ་ཞུཊ་གནང་བཞིན་ཡོད་ཀྱང་། ནང་པའི་གྲྭ་བཙུན་ཚོས་དེ་ལྟར་གནང་གི་མེད་པ་དེར་དགོངས་ཚུལ་ཅི་ཡོད་དྲིས་པར། མཁན་པོས་ནང་པའི་གྲྭ་བཙུན་ཚོས་དགོན་པའི་ནང་ཞི་གནས་ཉམས་ལེན་ཐོག་ནང་ཆོས་སློབ་གཉེར་བྱ་རྒྱུ་དེ། འདུལ་ཁྲིམས་དང་མཐུན་པ་ཞིག་ཡིན་སྐོར་བཀའ་ལན་གནང་མྱོང་ཡོད་ཚུལ་གསལ་བཤད་གནང་ཡོད་འདུག

སྐབས་དེར། ༸གོང་ས་མཆོག་གིས་མུ་མཐུད་དུ་དུས་རབས་ ༢༡ ནང་ནང་ཆོས་སྔོན་ཆད་དར་མྱོང་མེད་པའི་ཡུལ་གྲུ་ཁག་ཏུ་ནང་ཆོས་ལ་གསར་དུ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པར་མ་ཟད། ལྷག་པར་དུ་ཚན་རིག་པ་དང་མང་ཚོགས་དཀྱུས་མའི་ཁྲོད་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་སྐོར་དང་། ཐའེ་ལན་ཌིར་དར་བའི་པཱ་ལིའི་སྐད་ཀྱི་སྟོན་པའི་གསུང་རབ་རྣམས་ནང་པའི་གྲུབ་མཐའ་སྤྱིའི་རྨང་གཞི་ལྟ་བུར་ངོས་འཛིན་བྱ་ཆོག་པ་ཞིག་དང་། འདུལ་བའི་ནང་གསུངས་པའི་བསླབ་ཁྲིམས་དེ་དག་ཞི་གནས་དང་ལྷག་མཐོང་ཉམས་ལེན་བྱ་རྒྱུའི་གཞི་མ་ཆགས་ཡོད་ཀྱང་། ང་ཚོས་སྤྱི་ཚོགས་ཀྱི་བདེ་དོན་བསྒྲུབ་རྒྱུ་གལ་ཆེན་ཡིན་པ་ནམ་ཡང་བརྗེད་མི་རུང་བ་དང་། གལ་ཏེ་ང་ཚོས་བྱམས་དང་སྙིང་རྗེར་གཞི་བཅོལ་བའི་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་བཏང་སྟེ། ཞི་བདེ་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ཚེ། ཆོས་དང་མ་འདྲེས་པའི་ཐབས་ལམ་བརྒྱུད་གཞན་ཕན་བསྒྲུབ་རྒྱུ་དེ་གལ་ཆེན་པོ་ཆཊ་ཡོད་སྐོར་ནན་གྱིས་གསུངས་འདུག

ཉིན་རྒྱབ་༸གོང་ས་མཆོག་གིས་ཚོགས་ཞུགས་པ་ཚོར་༼འཛམ་གླིང་གི་དཀའ་ངལ་སེལ་རྒྱུའི་ཐབས་ལམ༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཏེ། “དེང་སྐབས་ང་ཚོར་ཁོར་ཡུག་དང་མི་འབོར་འཕེལ་རྒྱས།དབུལ་ཕྱུག་གི་ཁྱད་པར། ལྐོག་ཟ་རུལ་སུངས་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། ལྐོག་ཟ་རུལ་སུངས་ནི་སྐྲན་ནད་ལྟ་བུ་ཞིག་ཆགས་ཡོད་ལ། ན་ཚ་དེས་སྤྱི་ཚོགས་ནང་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད། སྤྱིར་ཆོས་ལུཊ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་རུང་ཆོས་ཁོ་ནས་ལྐོག་ཟའི་དཀའ་ངལ་རྣམས་སེལ་ཐུབ་ཀྱི་མ་རེད། མང་གཙོའི་ལམ་ལུགས་དང་ཁྲིམས་ཀྱི་དབང་སྒྱུར། གསར་འགོད་རང་དབང་སོགས་ཀྱིས་ལྐོག་ཟ་རུལ་སུངས་འགོག་ཐུབ་དགོས་ཀྱང་དེ་ལྟར་ལམ་ལྷོངས་བྱུང་ཡོད་པ་མ་རེད། རྒྱ་ནག་ལ་མཚོན་ན། མང་གཙོ་དང་རང་དབང་མེད་པར་དབང་ཆ་གཅིག་བསྡུ་ལམ་ལུགས་འོག་གནས་ཡོད་སྟབས། ལྐོག་ཟ་རུལ་སུངས་དར་ཁྱབ་ཆེན་པོ་བྱུང་སྟེ་སྤྱི་ཚོགས་ནང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ལ། དཀའ་ངལ་དེའི་རྒྱུ་རྐྱེན་གཙོ་བོ་མིའི་སེམས་ནང་ཡ་རབས་བཟང་སྤྱོད་ཀྱི་མ་འདང་པར་བག་མེད་ཚུལ་འཆོས་ལས་བྱུང་བ་ཞིག་རེད། བཅོམ་ལྡན་འདས་ཀྱིས་འགྲོ་བ་ཀུན་ལ་ཕན་བདེ་བསྒྲུབ་དགོས་པའི་བཀའ་བསྩལ་ཡོད་པ་ལྟར། ང་ཚོ་དེའི་ཆ་ཤས་ཤིག་ཆགས་ཡོད་སྟབས་འགྲོ་བ་མི་རིཊ་སྤྱི་ཡོངས་ཀྱི་དཀའ་ངལ་དེ་དག་མཉམ་རུབ་ཀྱི་ཐོག་ནས་སེལ་དགོས་པའི་འགན་ཚང་མར་ཡོད། ངོས་རང་བོད་མི་ནང་པ་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་རིགས་ཡོངས་ཀྱི་བདེ་དོན་ལ་བསམ་བློ་གཏོང་བཞིན་ཡོད་ལ། ཁྱེད་ཚོས་ཀྱང་ཐའེ་ལན་ཌི་དང་རྒྱལ་ས་བྷེང་ཀོག་གི་ཁོར་ཡུག་ཙམ་མིན་པར། དེ་ལས་བརྒལ་ཏེ་འགྲོ་བ་མིའི་རིཊ་སྤྱི་ཡོངས་ཀྱི་ཕན་བདེར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཆཊ་ཡོད། ”ཅེས་གསུངས་ཡོད་འདུག

སང་ཉིན་ཕྱི་ཚེས་ ༡༩ ནས་ཟླ་རྗེས་མའི་ཟླ་མགོ་བར་༸གོང་ས་མཆོག་གིས་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་དད་ལྡན་མང་ཚོགས་ལ་བཀའ་ཆོས་བསྩལ་རྒྱུ་དང་། ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་དུ་གཟིགས་སྐོར། ཚོགས་འདུར་ལྷན་ཞུགས་དང་མང་ཚོགས་ལ་བཀའ་སློབ་བཅས་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese