མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་པའི་བྱ་སྤྱོད་ཚང་མས་ཤེས་དགོས།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

ཁ་སང་དེ་རིང་རང་ལུས་མེར་བསྲེགས་ཀྱི་གཏམ་གྱི་ཡོ་ལང་དེ་འཇམ་ནས་ཏོག་ཙམ་ཕྱིན་སོང་། དཔའ་བོ་དཔའ་མོ་དགུ་ཅུ་གོ་གྲངས་ཤིག་དེ་ལྟར་བཞུད་སོང་རྗེས། ད་འུ་ཅག་གི་བཀའ་ཤག་སྲིད་གཞུང་ལ་འཆར་གཞི་ཅི་ཞིག་ཡོད་དམ། འདས་པོ་དེ་དག་གི་རེ་བ་དང་དམིགས་ཡུལ་གྱི་ཕྱོགས་ནས་འུ་ཅག་གིས་ལས་ཀ་ཅི་ཞིག་གི་མགོ་རྩོམ་གྱི་ཡོད། རེ་རེ་བཞིན་མེར་བསྲེགས་པའི་མཇུག་ཏུ་བསྔོ་བ་སྨོན་ལམ་རེ་བཏོན་ཞིང་། ཡུལ་ལུང་དང་ཕ་མའི་མིང་ཐོ་རེ་བཀོད་རྗེས་འགྲིག་སོང་བ་རེད་དམ། དགྲ་ཕྱོགས་ནས་རེ་རེ་བཞིན་གྱི་ནང་མི་དང་སྤུན་མཆེད། གྲོགས་པོ་དང་མི་མང་བཙིར་ནས་འོང་གི་འདུག ཤི་སྡུག་གི་རྗེས་ལ་མནར་སྡུག་གཏོང་གི་འདུག གནད་དོན་ཡོད་ཚད་གར་སོང་ཆ་མེད་ཀྱི་ལམ་དུ་བརྫངས་འོང་གི་འདུག ཁ་ཉིན་གྱི་ཉི་མ་རེ་རེའི་མེར་བསྲེགས་ཀྱི་གསར་འགྱུར་དེ་ད་ནི་འཛིན་བཟུང་དང་གར་སོང་ཆ་མེད་ཅེས་པར་བསྒྱུར་འདུག

ད་ནི་བོད་ཁམས་ཧྲིལ་བོར་གནས་ཚུལ་ཛ་ཇེ་དྲག་ཏུ་འགྲོ་ཡི་ཡོད་པའི་སྐབས་འདིར་བོད་རྒྱ་ཞི་མོལ་གྱི་ཚོགས་ཆུང་ཞིག་མྱུར་ཏུ་འཛུགས་རྒྱུའི་གྲ་སྒྲིག་བྱེད་ཀྱིན་པ་ནི་དགའ་འོས་ཀྱང་། དོན་དངོས་ཀྱི་གྲོས་མོལ་ཞིག་བྱ་རྒྱུའི་ལམ་ཁ་དེ་ཡོད་དམ། མགོ་སྐོར་མགོ་གཡོག་གིས་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བའི་གདེང་ཚོད་ཅི་ཞིག་ཡོད་དམ། ད་ནི་སྔོན་མ་ལྟར་གྲུབ་འབྲས་གང་ཡང་མེད་པའི་རེ་བ་ཤི་བོ་ཞིག་ལ་འཐམ་སྡོད་པའི་དུས་མ་ཡིན་པ་དེ་བཤད་ཅི་ལ་དགོས་ཨང་། གཞིས་ལུས་རྒྱ་ཆེའི་མི་མང་གིས་ཡོད་ཚད་ནས་ཡོད་ཚད་བློས་བཏང་སྟེ་བཙན་བྱོལ་གཞུང་ལ་རྒྱབ་སྐྱོར་བྱེད་པའམ་རེ་བ་རྒྱག་གི་ཡོད་ཙ་ན། འདི་ཕྱོགས་ནས་ཀྱང་མི་འཇོན་ཚེ་དེ་ལུགས་ཁ་གསལ་ནས་སྡུག་བསྔལ་ལ་མི་སྦྱོར་རྒྱུ་ཧ་ཅང་གལ་ཆེ་སྟེ། སྔོན་མ་བཞིན་ལྟ་སྐོར་ཙམ་བྱས་པས་རྣམ་འགྱུར་ཡག་རབས་དང་རེ་བ་ཆེ་རབས་ཟེར་གྱིན་མི་མང་རྨོངས་པར་བཅུག་ན་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ངེས་པ་ཤེས་གསལ་ལྟར་ཡིན།

ངས་རང་རེའི་གཞུང་ལ་རེ་བ་མེད་པའི་སྐད་ཆ་འཆད་ཀྱི་མེད། ཡིད་ཆེས་ཆེ་དྲགས་པས་འཁང་ར་ཙམ་ཤོར་བ་ཡིན། དཔེ་ཞིག་བཞག་ན། བཙན་བྱོལ་སྤྱི་ཚོགས་ཁྲོད་རང་དོན་ཡལ་བར་དོར་ནས་བོད་སྤྱི་བའི་ལས་དོན་ཁོ་ནར་མི་ཚེ་གཏོང་མཁན་གྱི་དཔོན་རིགས་ཅི་ཙམ་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་གིས་རང་སྲོག་བཏང་ནས་ང་ཚོ་ལ་བཤད་བདེ་གནང་བདེ་བཟོ་ཡི་ཡོད་ཀྱང་། ང་ཚོའི་དབུ་ཁྲིད་ཚོས་ཨང་དང་བོར་རང་དོན་བཟོས་ནས་རང་ཉིད་སྐྱིད་ས་བདེ་ས་ཞིག་ལ་ འཚང་རྗེས་གཞི་ནས་ལས་མགོ་རྩོམ་གྱི་ཡོད་པའི་སྣང་བ་ཤར་མྱོང་། དེའི་སྟབས་ཀྱིས་མཚམས་ལན་རེར་བོད་དོན་ཟེར་བ་དེ་རྩེད་ཆས་ཙམ་གྱི་ཚད་དུ་འཛིན་གྱི་མེད་འགྲོ་ཡང་དྲན་མྱོང་། རྒྱུ་མཚན་ནི་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ད་བར་དུ་གྲོས་མོལ་རིམ་པ་བརྒྱད་དགུ་ཙམ་གྱི་རིང་རེ་བ་ཆེ་རབས་དང་རྣམ་འགྱུར་ཡག་རབས་བཤད་ནས། ད་ལོར་རེ་བ་རྦད་དེ་བྲལ་རབས་བཤད་ནས་དགོངས་པ་ཞུས་སོང་། འདིའི་ཐད་ནས་ད་བར་དུ་མགོ་སྐོར་བཏང་སོང་བའི་རྣམ་པ་ཞིག་རང་བཞིན་གྱིས་སེམས་ལ་མི་དྲན་ནམ། ( འདིའི་ཐད་ནས་ད་ལོར་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་བློ་བཟང་སེང་གེ་ལ་ཡི་གེ་ཞིག་བཏང་བ་དེར་ལྟ་རོགས།)

རང་གི་ཁེ་ཕན་གཙོ་བོར་གཉེར་བའི་འུ་ཅག་གི་དབུ་ཁྲིད་དག་གིས་ད་ནི་ཁ་གསང་བའི་དུས་ལ་བབ་ཡོད། དེ་མིན་བདག་གི་བློས་ཐུབ་ཀྱི་གྲོགས་པོ་ཞིག་བོད་དུ་སོང་ནས་ཟླ་བ་འགར་བསྡད་རྗེས་ཕྱིར་ལོག་ཡོད། ཁོས་བཤད་ན། དེང་སང་གཞིས་ལུས་མི་མང་གི་སྙིང་སྟོབས་དེ་ཧ་ལས་ཤིང་ཧོན་འཐོར་དགོས་པ་ཞིག་འདུག་ལ། ཇ་ཁ་ཆང་ཁ་སོགས་ནས་བོད་དོན་དང་༸རྒྱལ་བ་རིན་པོ་ཆེ་གླེང་ཞིང་། ད་དུང་དེ་བས་ཀྱང་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ལ་མེར་བསྲེགས་བཏང་བ་འདིས་བོད་དོན་ལ་ཕན་གྱི་ཡོད་མེད་སྐོར་མང་དུ་འདྲི་ཡི་འདུག་ཟེར་ལ། གཞོན་སྐྱེས་མང་བོས་བཙོན་དུ་ཚུད་ནས་སྡུག་བསྔལ་མྱོང་རྒྱུ་དང་མེར་བསྲེགས་བཏང་ནས་ཚེ་སྲོག་གཏོང་རྒྱུ་ནི་འོས་འགན་ཞིག་ཏུ་བསམ་འདུག་ཟེར། ང་ཚོའི་ངོས་ནས་ཁོང་དག་གི་སྙིང་སྟོབས་དེ་གོ་དུས་སེམས་ལ་ཚོར་བ་ཅི་ཞིག་འདུག་གམ། ཁོང་ཚོའི་རེ་བ་འཆང་སའི་ཕྱི་ལོགས་ཀྱི་བཙན་བྱོལ་བ་དག་གིས་མུ་མཐུད་དུ་སྐྱབས་བཅོལ་འཕར་མ་ཞིག་ལ་འབད་ནས་རང་གི་མ་འོངས་པའི་འཚོ་བ་གཅིག་བུར་སྙེག་གིན་པ་འདིས་ཁྱེད་ལ་བློ་བདེ་བག་ཕེབས་ཤིག་ཡོང་གི་འདུག་གམ།

ད་དུང་ཁ་སང་དེ་རིང་རྒྱ་ནག་གིས་རང་ལུས་མེར་བསྲེགས་སྐོར་གྱི་བརྙན་འཕྲིན་ཐུང་ངུ་རེ་དང་དེང་སང་བཙོན་དུ་ཚུད་པ་དག་ལ་བཅར་འདྲི། ད་དུང་བླ་མ་ཁག་ཅིག་གི་བཀའ་སློབ་བཅས་དྲ་རྒྱའི་ནང་དུ་བཀོད་ཡོད་པ་དང་། དེ་ཡི་ཞོར་དུ་ཡུལ་ངོས་ཀྱི་གནས་ཚུལ་སོགས་བླངས་འདུག དེ་དག་གིས་ཅི་ཞིག་གསལ་སྟོན་བྱེད་ཀྱི་ཡོད་དམ་ཞེ་ན། བོད་ཀྱི་ཆོས་ལུགས་དང་མི་མང་ནང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པ་དེ་རེད། ད་དུང་དེ་བས་ཀྱང་ཛ་དྲག་པོ་ཞིག་ནི། བོད་ཡུལ་གྱི་ས་གནས་གང་སར་དྲག་པོའི་འཐབ་ར་བཙུགས་ཏེ་ཉེས་པ་མེད་པའི་བོད་རིགས་སུ་འདྲ་ཞིག་ཡིན་ཡང་དྲག་ཆས་ཀྱི་སོ་བར་ནས་འགྲོ་དགོས་པ་དེ་ཡིན། མདོར་བསྡུས་ན། དེང་སང་བོད་ཡུལ་སྟོད་སྨད་བར་གསུམ་བཙོན་ཁང་དུ་གྱུར་ནས་ཧ་ཅང་ཡ་ང་བ་ཞིག་ཆགས་ཡོད།

༢༠༡༢ ། ༡༢ ། ༢༦ བྲིས།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༠ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 2

  1. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ། ཡག་པོ་ཞེ་བོ་བཤད་བྱ། ངས་ཀྱང་དེ་ག་རང་བཤད་ན་འདོད། བོད་ནང་གི་བོད་མིའི་སེམས་ཤུགས་དང་རེ་བ་མེར་སྲེག་སོགས་གོ་ཐེངས་རེར་སྙིང་ལ་ཚ་ཤར་རེ་རྒྱག་གི་འདུག ཡིན་ན་ཡང་ད་བོད་གཞུང་གི་ཅིག་གནང་གི་རེད་བསམས་ཀྱང་མཆོད་འབུལ་བྱས་པ་ཙམ་ལས་ཅི་ཡང་གོ་རྒྱུ་མི་འདུག ང་ལའང་བོད་གཞུང་ལ་རེ་འདོད་ཆེན་པོ་ཡོད། ང་རང་ངེས་ནས་གང་ཡང་མི་འཇོན་མོད། བཙན་བྱོལ་གཞུང་གི་ནང་ཤེས་འཇོན་པ་མང་པོ་ཡོད་པས་གཞུང་ཕྱོགས་ནས་ཀྱང་གང་ཡང་བྱས་རྒྱུ་མེད་པ་ཨེ་ཡིན་ནམ། དབུ་མའི་ལམ་མ་འགྲིག་པ་མ་རེད། སྐུ་ཚབ་དེ་དག་མ་འཇོན་པ་དང་རྒྱ་གཞུང་ལ་གྲོས་མོལ་བྱེད་འདོད་མེད་པས་འབྲས་བུ་མ་ཐོན་པ་རེད། དེང་དབུ་མའི་ལམ་གྱི་མིང་འཁྱེར་ནས་ལྟོ་རྒྱབ་འཚོལ་མཁན་ཁ་ཤས་ཀྱིས་དབུ་མའི་ལམ་ཡང་འཕྲོ་བརླག་ལ་གཏོང་འདོད་ཡོད་པ་འདྲ། དེ་དག་གི་ཁ་ལ་འཁྱེར་བའི་དབུ་མའི་ལམ་དེ་གང་ཡིན་མི་ཤེས། ཆུ་ངོགས་གཏམ་རྒྱུད་ནང་ཡོད་པའི་གོང་མའི་ཕོ་ཉའི་མཉམ་དུ་ཀོ་ཆིག་གི་གཡོག་པོ་གཉིས་བཏང་ཡོད་པ་དེའི་བྱ་སྤྱོད་དེ་ག་རང་འཁྲབ་བཞིན་པ་འདྲ་བོ་མཐོང་གི་འདུག

    Reply
  2. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    མིག་མི་འཛུམ་པའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་འབྲེལ་གླེང་སློང་གང་ཡང་བྱས་སོང་བས་ཐུགས་རྗེ་ཆེ་གྲངས་མེད་ཞུ། གཞན་ཡུལ་གྱར་བོད་མི་འདི་ཚོ་ཁ་ནང་ལ་ས་བཏང་ན་ཕུ་འདེབས་མི་ཤེས་བའི་ངང་ཚུལ་སྟོན་གྱིན་འདུག གང་ལྟར་མགོ་གང་ལ་སྤས་རུང་གདོང་དེ་ཚ་ལམ་ལམ་ཡིན་པ་ཐག་གིས་ཆོད། འོན་ཀྱང་། དཀའ་ངལ་འཕྲད་མཁན་དག་གཞིས་ལུས་ཡུལ་མི་དག་ཡིན་ཙ་ན། མུ་མཐུད་ནས་ལ་འདེད་ལུང་འདེད་མི་བྱེད་ཐབས་མེད་རེད། ཁ་སང་དེ་རིང་གི་གཞིས་ལུས་མི་མང་གི་གནས་བབས་ནི་དོན་དངོས་ཐོག་གཤིན་རྗེ་འཕྲང་ལམ་དང་འདྲ་བར་ལྕགས་སྒྲོག་མཁྲེགས་པོ་དང་རྒྱུགས་པ་སྤོམ་པོ་བར་ན་ཐར་རེ་དཀའ་བས་ན། བོད་གཞུངས་འབངས་འདི་གཉིད་མི་སད་ཚེ་གཉིད་མི་སློང་ཐབས་མེད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese