མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་རིག་གཞུང་ལྷ་མོ་དང་བཀྲ་ཤིས་ཞོལ་པ་འཁྲབ་རྒྱུ་ཁོ་ན་མ་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ལྡི་ལི་བོད་སྒར་གཞིས་ཆགས་ཏེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོ་ཞིག་བསམ་ཡས་གླིང་ཉིན་སློབ་ཏུ་ཚོགས་ཡོད་ཅིང་། མཛད་སྒོའི་ཐོག་༧གོང་ས་མཆོག་གིས་ཁོང་རང་ལོ་ ༧༦ བར་ཧུར་ཐག་གནང་སྟེ། ད་ཆར་འགྱོད་པ་རྩ་བ་ནས་མེད་པ་དང་། མ་འོངས་པར་འགྲོ་བ་མིའི་བདེ་སྐྱིད་དང་ཆོས་ལུགས་འཆམ་མཐུན་ཐོག་འབད་རྒྱུ་ཡིན་སྐོར་གསུངས་འདུག

ཁ་སང་ཕྱི་ཚེས་ ༢༦ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་ངྷ་རམ་ས་ལ་གཉིས་གཞིས་ཆགས་ཏེ། ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་དེ་གའི་བོད་ཁྱིམ་ཉིན་སློབ་ནང་ཚོགས་ཡོད་འདུག མཛད་སྒོ་དེར་༧གོང་ས་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དེ་བཞིན། རྒྱ་གར་གྲོས་ཚོགས་འཐུས་མི་པཱར་ལ་ཏི་སེངྒ་སོ་ནེ་(Shri Pralhad Singh Sawhney)ལགས་དང་། གྲངས་ཉུང་མི་རིགས་ཚོགས་ཆུང་གི་ཚོགས་གཙོ་ཝ་ཇཧ་ཌ་ཧུབ་ལ་ (Mr Wajahad Habibullah)བཅས་ཕེབས་ཡོད་འདུག

བསམ་ཡས་གླིང་ས་གནས་མགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས་ཀྱིས་༧གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་གྲུབ་རྗེས། སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ཀྱིས་རང་ཁ་རང་གསོ་ཐུབ་པ་དེ་རྒྱ་གར་གཞུང་གི་བཀའ་དྲིན་ཡིན་སྐོར་དང་། ནང་སྲིད་བཀའ་བློན་མཆོག་གིས་དེ་སྔོན་བསམ་ཡས་གླིང་ཁྲིམས་ཐུན་བརྟན་འཇགས་བཟོ་རྒྱུའི་ཐད་ལྡི་ལི་མངའ་སྡེའི་བློན་ཆེན་ཞཱེ་ལ་ཌསི་ཊི་མཆོག་གིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

མཛད་སྒོའི་ཐོག་༧གོང་ས་མཆོག་གིས་སྐུ་མགྲོན་རྣམ་པར་འཚམ་འདྲི་དང་འབྲེལ་བཀའ་སློབ་བསྩལ་དོན། “ངོས་རང་ལོ་བཅུ་དྲུག་ལ་སླེབས་སྐབས་འགན་ཁུར་བླངས་ཏེ་རང་ལོ་ ༧༦ བར་འགན་ཁྱེར་བ་ཡིན། དེའི་རིང་ལ་ཧུར་ཐག་འབད་ཐག་བྱས་པ་ཡིན། འགྱོད་པ་རྩ་བ་ནས་མེད། བསམ་བློ་རྒྱ་ཆེ་དང་ཕུགས་རྒྱང་རིང་ས་ནས་བཏང་སྟེ་ཐབས་ཤེས་གང་ཡོད་བྱས་པ་ཡིན། འགྱོད་པ་རྩ་བ་ནས་མེད། འོན་ཀྱང་། ངོས་རང་ནམ་འཚོའི་བར་དུ་ཕྱོགས་གཅིག་ནས་ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ལ་དཀའ་ངལ་ཉུང་དུ་དང་བདེ་སྐྱིད་ཡོང་ཐུབ་བྱ་རྒྱུ་དང་། དེ་བཞིན། མིས་བཟོས་པའི་དཀའ་ངལ་དེ་ཡང་མིས་བསམ་བློ་གཏོང་སྟངས་མ་འགྲིག་པའི་དབང་གིས་བཟོས་པ་ཞིག་རེད། ཕྱོགས་ཡོངས་མ་མཐོང་བར་སོ་སོ་ཁེར་རྐྱང་དང་བསམ་བློ་རྒྱ་ཆེན་པོ་གཏོང་མི་ཐུབ་པར་འཕྲལ་སེལ་སོ་སོའི་འདོད་དབང་ཐོག་ཕྱིན་ནས་སྐྱོན་ལྷག་ཡོད་པ་ཧ་ཅང་གསལ་པོ་རེད། དེ་བཞིན། རིམ་པ་དང་པོ། ངོས་རང་མི་ཞིག་ཡིན་པའི་ཆ་ནས་མི་ཚང་མ་བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་ཡོང་རྒྱུའི་རྩ་བ་སེམས་ལ་ཐུག་ཡོད། སོ་སོའི་བསམ་བློ་གཏོང་སྟངས་དེ་རང་རྒྱལ་གཞན་ཕམ་བསམ་བློ་བཏང་ན་སྐྱིད་པ་ཡོང་རྒྱུ་མེད། རང་རྒྱལ་གཞན་ཕམ་གྱི་བསམ་བློའི་ཐོག་ནས་རེ་དོགས་ལུ་གུ་བརྒྱུད་སྐྱིད་པ་གང་ཡང་ཡོང་གི་མ་རེད། 

རིམ་པ་གཉིས་པ་ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་སྒྲིལ་བཟོ་རྒྱུ་དེ་ཡིན། འཛམ་གླིང་འདིའི་སྟེང་རྙོག་གྲ་བཟོ་རྒྱུའི་རྒྱུ་རྐྱེན་མང་པོ་ཡོད། དཔལ་འབྱོར་དང་ཆབ་སྲིད་ཀྱི་རྙོག་གྲ་ཆགས་ཡོད་པ་དེ་དག་ཆོས་ལུགས་ཐོག་ནས་ཕྲན་བུ་སེལ་ཐུབ་རྒྱུ་དང་ཉུང་དུ་གཏོང་རྒྱུ་ཞིག་བྱེད་དགོས་པ་རེད། འོན་ཀྱང་ཆོས་ལུགས་མི་འདྲ་དེ་དག་འཐེན་འཁྱེར་དང་འཁྲུག་པ་རྒྱག་རྒྱུ་ཆགས་སྐབས་ཧ་ལས་པའི་ཐབས་སྐྱོ་པོ་རེད། ནད་གཞི་དྲག་ན་བསམ་ནས་སྨན་ཟ་གི་ཡོད། སྨན་གྱིས་ན་ཚ་སྣོལ་མ་བཟོས་ན་ཆོ་མི་འདུག དེར་བརྟེན་ཆོས་ལུགས་མཐུན་སྒྲིལ་ཐོག་ངོས་ཀྱིས་འབད་བརྩོན་གཙོ་བོ་བྱེད་ཀྱི་ཡོད། དེ་གཉིས་ངོས་རང་མ་འཆི་བར་དུ་བྱེད་ཀྱི་རེད། ནང་པའི་གཞུང་ནས་གསུངས་པའི་སེམས་ཀྱི་ཚན་རིག་སྐོར་དེ་འཛམ་གླིང་ཀུན་ལ་ཁྱབ་རྒྱུ་ཞིག་རེད། ལྟ་གྲུབ་དེ་(Holistic View)ཡོང་རྒྱུར་རྟེན་འབྱུང་གི་ལྟ་བ་དེ་ཧ་ལས་པའི་འབྲེལ་བ་འདུག དེ་དག་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་སྟབས། ངོས་ཀྱིས་འཛམ་གླིང་གི་གཅེས་ནོར་རེད་ཅེས་བརྗོད་ཀྱི་ཡོད” ཅེས་སོགས་གསུངས་འདུག

ཁོང་གིས་མུ་མཐུད་དུ། ” ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བཤད་ནའང་། གང་ལྟར་མི་རིགས་ཀྱི་ལྟ་བ་ཞེས་པ་དེ་བྱབ་ཆུང་གི་ལྟ་བ་འཁྱེར་ན་ནོར་འཁྲུལ་རེད། རྒྱུ་མཚན་ལྡན་པའི་ཐོག་ནས་མི་རིགས་ཀྱི་ཞེན་ཁོག་དང་མི་རིགས་ཀྱི་སྤོབས་སེམས་འཁྱེར་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་ཐ་སྙད་ནང་ང་རྒྱལ་དང་སྤོབས་པ་ཁ་ཁ་རེད། ང་དང་ང་ཚོ་ཧ་ལས་པ་ཡིན་ཞེས་པ་དེ་ང་རྒྱལ་རེད། དེར་སྐྱོན་ཡོད་པར་བརྟེན་མིར་མཐོང་ཆུང་བྱེད་ཀྱི་རེད། རྒྱུ་མཚན་ལྡན་པའི་ཐོག་ནས་ངས་ཐུབ་པ་དང་ནུས་ཞེས་པ་དེ་སྤོབས་པ་ཡིན་པས་དགོས་ངེས་ཤིག་ཆགས་ཡོད། སྤོབས་པ་ཡོང་རྒྱུར་རྒྱུ་མཚན་ཤེས་དགོས། དངོས་པོ་ཡར་རྒྱས་ཐོག་ང་ཚོ་བོད་པས་ཁབ་དང་གཟེར་མ་ཞིག་ཀྱང་བཟོ་ཤེས་ཀྱི་མེད། བསམ་བློའི་སྐོར་དཔེ་ཆའི་ནང་ཡོད་པ་དེར་སློབ་སྦྱོང་བྱས་ཡོད་པ་དེ་འཛམ་གླིང་སུ་གཅིིག་ལ་སྨོན་མི་དགོས་པ་ཞིག་རེད། ངོས་ཀྱིས་རྒྱ་གར་བ་ཚོར་རྟག་པར་ཁྱེད་རང་ཚོ་ང་ཚོའི་གུ་རུ་རྗཱེ་རེད། ཅེས་བརྗོད་ཀྱི་ཡོད། གུ་རུ་རྗཱེ་སོ་སོའི་གཅེས་ནོར་དེ་དག་གང་ཙམ་ལྷོད་གཡེང་ཕྱིན་ནས་དེ་ཙམ་གསལ་པོ་མེད། དེར་བརྟེན། ངོས་ཀྱིས་རྩེད་མོ་བརྩེས་ནས་རྒྱ་གར་གྱི་གྲོགས་པོ་ཚོ་ཆོས་ལ་དད་པ་ཡོད་པ་དང་ལེགས་སྦྱར་ཤོ་ལོ་ཀ་བཏོན་པ་དང་ཆབས་ཅིག་སྤོས་སྤར་ཏེ་མེ་ཏོག་ཕུལ་གྱི་ཡོད། ལེགས་སྦྱར་འདོན་གྱི་ཡོད་ཀྱང་དོན་དག་ཤེས་ཀྱི་མེད།

ང་ཚོ་བོད་པ་མང་དག་ཅིག་གིས་འདོན་པ་འདོན་གྱི་ཡོད་ཀྱང་དོན་དག་མ་ཤེས་མཁན་མང་པོ་འདུག དེར་བརྟེན་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་རིག་གཞུང་ཞེས་བརྗོད་ན་སངས་པའི་ཆོས་དང་སངས་རྒྱས་པའི་ལྟ་གྲུབ་དང་འབྲེལ་བའི་རིག་གཞུང་ཆགས་ཡོད། དེར་བརྟེན། བོད་ཀྱི་རིག་གཞུང་བདག་པོ་རྒྱོབས་ཞེས་པ་དེ་ལྷ་མོ་དང་བཀྲིས་ཞོལ་པ་འཁྲབ་རྒྱུ་དེ་ཁོ་ན་མ་རེད། ང་ཚོ་བོད་ཀྱི་རིག་གཞུང་དེ་བསམ་བློའི་ནང་གཏིང་རིང་པོ་ཞིག་གི་རིག་གཞུང་རེད་མ་གཏོགས། དེ་ལྟ་བུའི་ཞབས་བྲོ་དང་འབག་འདྲ་མིན་གྱོན་པ་དེས་རིག་གཞུང་དང་སངས་རྒྱས་ཀྱི་ཆོས་ངོས་འཛིན་གྱི་མེད། ཞབས་བྲོ་འཁྲབ་རྒྱུ་དེ་དག་རིག་གཞུང་གི་ཆ་ཤས་ཤིག་རེད་ཀྱང་གཙོ་བོ་མིན། གཙོ་བོ་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཡོད་པ་དེའི་ནང་བཤད་ཡོད་པ་དེ་ང་ཚོས་རྡོག་སྒྲུག་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད” ཅེས་སོགས་ཀྱི་བཀའ་བསྩལ་ཡོད་འདུག  

བོད་སྒར་བསམ་ཡས་གླིང་ནི་ཕྱི་ལོ་ ༡༩༦༣ ལོར་གསར་འཛུགས་བྱས་ཤིང་། བསམ་ཡས་གླིང་ཞེས་པའི་གཞིས་ཆགས་ཀྱི་མིང་ནི་༸གོང་ས་མཆོག་གིས་བསྩལ་བ་ཞིག་ཡིན་འདུག ཉེ་ཆར་ལྡི་ལིའི་མངའ་སྡེའི་བློན་ཆེན་ལྕམ་སྐུ་ཤི་ལ་དིག་ཤི་ཏི་མཆོག་གིས་གཞིས་སྒར་འདི་བཞིན་ཁྲིམས་མཐུན་གཏན་འཇགས་ཆགས་རྗེས་( New Aruna nagar)ཞེས་མིང་རྟགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

མཆན། 2

  1. མང་ཐོས། says:
    ལོ་ 13 སྔོན།

    འགྲོ་བ་མིའི་བདེ་དོན་ཆེད་ཕྱག་ལས་གནང་རྒྱུ་ཡིན་གསུངས་དུས། བོད་པའི་རྩ་དོན་ནང་དུ་འདུས་ཚར་བ་རེད། འགྲོ་བ་མིའི་དབང་རང་གང་ན་རྡོག་རིལ་གཏོང་གིན་ཡོད་ན། དེ་ལ་རང་དབང་དང་མང་གཙོ་ཐོབ་པར་ཕྱག་ལས་གནང་རྒྱུ་ཡིན་གསུང་གི་ཡོད་པ་རེད། ཁོང་གིས་བོད་ཀྱི་རྩ་དོན་དུས་ནམ་ཡང་ཐུགས་ནས་འདོར་ནི་མ་རེད། སེམས་བདེ་མོ་བྱོས།

    Reply
  2. བསམ་པ་དོན་གྲུབ། says:
    ལོ་ 13 སྔོན།

    སྔོན་མ་༧གོང་ས་མཆོག་གིས་ངོས་རང་ལ་ལས་འགན་གསུམ་ཡོད། དང་པོ། ང་མི་ཞིག་ཡིན་པས་འགྲོ་བ་མིའི་རིན་ཐང་གོང་སྤེལ་ཐོག་ལས་ཀ་བྱ་རྒྱུ་ཡིན། གཉིས་པ། ང་ཆོས་ལུགས་པ་ཞིག་ཡིན་པས་འཛམ་གླིང་ཆོས་ལུགས་འཆམ་མཐུན་ཐོག་ལས་ཀ་བྱ་རྒྱུ་ཡིན། གསུམ་པ། ང་བོད་པ་ཞིག་ཡིན་པས་བོད་དོན་ཐོག་ལས་ཀ་མུ་མཐུད་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ད་ཐེངས་ཁོང་གིས་འགྲོ་བ་མིའི་བདེ་དོན་ཆེད་དང་ཆོས་ལུགས་མཐུན་ལམ་སྐོར་ལ་མུ་མཐུད་ཕྱག་ལས་གནང་རྒྱུ་ཡིན་གསུངས་འདུག དེ་སྔོན་གྱི་འགན་འཁྲི་མཐའ་མ་དེ་བོད་དོན་སྐོར་གསུངས་མཚམས་བཞག་འདུག གཅིག་བྱས་ན་ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་ཡོད་པས་རྒྱུ་མཚན་གྱིས་ཡིན་སྲིད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese