མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིཊ་ཤེས་ལྡན་པ་སྐོར་ཞིག་གིས་ཆབ་སྲིད་བཅོས་བསྒྱུར་གྱི་དགོས་འདུན་བཏོན་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་ནང་གི་ཤེས་ལྡན་པ་ ༧༡ གིས་མཉམ་འབྲེལ་ཐོག་༼བཅོས་བསྒྱུར་སྤྱི་མོས་གྲོས་གཞིའི་ཡིག་ཆ༽ཟེར་བ་ཞིག་བཏོན་ཏེ། རྒྱ་གཞུང་གིས་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་བྱ་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་། ཡིག་ཆ་དེ་དེང་སྐབས་རྒྱ་ནག་མི་མང་ཁྲོད་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་འདུག

ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་པེ་ཅིན་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲང་ཆན་ཧྥན་དང་པེ་ཅིན་གྱི་སྐད་གྲགས་ཆེ་བའི་ཁྲིམས་རྩོད་པ་ཀྲང་སི་ཀྲི་སོགས་རྒྱ་རིགས་ཤེས་ལྡན་པ་ ༧༡ གིས་མཉམ་འབྲེལ་ཐོག་༼བཅོས་བསྒྱུར་སྤྱི་མོས་གྲོས་གཞིའི་ཡིག་ཆ༽ཞེས་པ་ཞིག་ཡོངས་བསྒྲགས་བྱས་ཏེ།  རྒྱ་དམར་གཞུང་གི་ད་ལྟའི་ཆབ་སྲིད་སྒྲོམ་གཞིར་བཅོས་བསྒྱུར་གཏོང་དགོས་པའི་དགོས་འདུན་བཏོན་འདུག

ཡིག་ཆ་དེ་ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་པེ་ཅིན་དུ་བཅོས་བསྒྱུར་དཔྱད་གླེང་ཚོགས་འདུ་ཞིག་ཚོགས་པའི་སྟེང་། རྒྱ་ནག་གི་ཤེས་ལྡན་པ་དང་གསར་འགོད་པ་སོགས་མི་སྣ་ ༨༠ ལྷག་མཉམ་ཞུགས་ཐོག་སྤྱི་མོས་ངོས་འཛིན་བྱུང་བ་ཞིག་ཡིན་འདུག་ལ། ཡིག་ཆ་དེ་ཟིན་བྲིས་སུ་འདེབས་མཁན་གཙོ་བོ་པེ་ཅིན་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲང་ཆན་ཧྥན་ཡིན་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་སྒེར་གྱི་དྲ་རྒྱའི་ཟིན་བྲིས་ནང་མིང་རྟགས་འགོད་མཁན་རྒྱ་རིགས་ཤེས་ལྡན་པ་ ༧༡ ཙམ་གྱི་མིང་དང་ལྷན་དུ་བཀོད་འདུག   

ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་གཞུང་ཕྱི་འབྲེལ་སྡེ་ཁག་གི་གསར་འགོད་ལྷན་ཚོགས་ཐོག རྒྱ་གཞུང་གི་མགྲིན་ཚབ་མ་ཧྭ་ཁྲོན་ཡཱུན་གྱིས་གནས་ཚུལ་དེའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། རྒྱ་གཞུང་གིས་གསར་འགྱུར་རང་དབང་ལ་བཀག་སྡོམ་མི་བྱེད་པའི་རྣམ་འགྱུར་ཙམ་ལས། ཡིག་ཆ་དེའི་ཐད་སྐད་ཆ་གང་ཡང་བཤད་མི་འདུག ཡིན་ནའང་། ཀྲང་ཆན་ཧྥན་གྱི་ཟིན་བྲིས་ངོས་ཀྱི་ཡིག་ཆ་དེ་ད་དུང་རྒྱ་གཞུང་གིས་བཀག་སྡོམ་བྱས་མེད་སྟབས། དྲ་ལམ་བརྒྱུད་རྒྱ་ནང་གི་མི་མང་ཁྲོད་ཁྱབ་བརྡལ་ཤུགས་ཆེན་འགྲོ་བཞིན་ཡོད་འདུག

ཡིག་ཆ་དེར་གཙོ་བོ་ཕྱོགས་དྲུག་ནས་ད་ལྟའི་རྒྱ་དམར་གཞུང་གི་ཆབ་སྲིད་སྒྲོམ་གཞིར་བཅོས་བསྒྱུར་གཏོང་དགོས་པའི་སྐུལ་འདེད་བཏང་ཡོད་པ་དང་། དེ་དག་ནི་ཁྲིམས་ལྟར་སྲིད་སྐྱོང་བ་དང་དམངས་གཙོའི་འོས་འདེམས་ལག་བསྟར་དགོས་པ། མི་མང་གི་མངོན་འདོད་གསལ་སྟོན་རང་དབང་ལ་བརྩི་མཐོང་། ཁྲོམ་རའི་དཔལ་འབྱོར་གཏིང་ཇེ་ཟབ་ཏུ་གཏོང་དགོས་པ། ཁྲིམས་འཛིན་སྡེ་ཚན་རང་དབང་ཅན་དུ་བསྒྱུར་དགོས་པ། བཅའ་ཁྲིམས་ཀྱི་ནུས་པ་འགན་སྲུང་དགོས་པ་བཅས་རེད།

ཡིག་ཆ་དེ་ཟིན་བྲིས་སུ་བཀོད་མཁན་དགེ་རྒན་ཆེན་མོ་ཀྲང་ཆན་ཧྥན་གྱིས། “འདི་ནི་དོན་དངོས་ཐོག་ཧ་ཅང་ཞི་བའི་ལས་འགུལ་ཞིག་ཡིན། ཡིག་ཆ་དེ་སྲིད་གཞུང་གིས་ངོས་ལེན་གནང་ཐོག  གཞུང་དང་མི་མང་བར་གླེང་མོལ་གྱི་སྒོ་ཕྱེས་ཏེ་གྲོས་མོལ་གནང་རྒྱུའི་རེ་བ་ཡོད” ཅེས་བརྗོད་དེ།  བཅོས་སྒྱུར་ལ་བརྟེན་ནས་ད་གཟོད་སྤྱི་ཚོགས་དྲང་སྙོམས་མིན་པ་དང་། སྲིད་གཞུང་གི་དབང་ཤུགས་སྒེར་སྤྱོད་དང་དཔོན་ཤོག་རུལ་སུངས་ཅན་དུ་འགྱུར་བཞིན་པ་སོགས་སྤྱི་ཚོགས་ཀྱི་གནད་དོན་སྣ་ཚོགས་ལེགས་བཅོས་བྱེད་ཐུབ་པ་དང་། གལ་སྲིད་བཅོས་བསྒྱུར་མ་བྱས་ཚེ་རྒྱ་ནག་ནང་གསར་བརྗེ་དང་ཟིང་འཁྲུག་གི་ཉེན་ཁ་ཡོད་པ་བསྟན་ཡོད།

དེ་བཞིན། ཡིག་ཆར་མིང་རྟགས་འགོད་མཁན་རང་ལོ་ ༨༥ ཡིན་པའི་ཁྲིམས་རྩོད་པ་ཀྲང་སི་ཀྲི་ཡིས་ཀྱང་གསར་ལམ་ཁག་ཏུ།  ཡིག་ཆ་དེར་དགོས་དོན་གཙོ་བོ་གཉིས་ལྡན་ཡོད་ཅིང་། གཅིག་གྲོས་གཞི་འདོན་མཁན་གྱི་སྤྱི་མོས་ངོས་འཛིན་ཡིན་པ་དང་། གལ་སྲིད་མི་ ༥༠ ཡི་མིང་རྟགས་བཀོད་པ་ཡིན་ན་མི་ ༥༠ སྤྱི་མོས་ངོས་འཛིན་ཆགས་ཀྱི་ཡོད་པ། དགོས་དོན་གཞན་ཞིག་ནི་རྒྱ་ཆེའི་མང་ཚོགས་ཀྱིས་སྤྱི་མོས་ངོས་འཛིན་ཡོང་ཐུབ་པ་དགོས་རྒྱུ་དེ་ཡིན་སྐོར་གསལ་བཤད་དང་སྦྲགས།  “རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོར་མཚོན་ན། ཡིག་ཆ་དེའི་ནང་དོན་གསར་པ་གང་ཡང་མིན་པ་ཁོ་ཚོས་གསལ་བོ་ཤེས་ཀྱི་ཡོད། གནད་དོན་གཙོ་བོ་ཁོ་ཚོས་ལག་ལེན་ལ་བསྟར་མིན་དེ་རེད” ཅེས་བརྗོད་འདུག 

དེ་བཞིན། ཀྲང་སི་ཀྲི་ཡིས་ཉེ་ཆར་རྒྱ་གཞུང་གི་དཔོན་རིགས་གསར་རྙིང་བརྗེ་སྒྱུར་གྱི་བར་བརྒལ་དུས་སྐབས་ལ་ཁེལ་ཡོད་སྟབས། ལོ་རྗེས་མའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་། རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་གཉིས་མ་ཚོགས་སྔོན་ལ།  རྒྱ་གཞུང་གི་སྒྲོམ་གཞིའི་ཕྱི་ནང་གི་མི་སྣ་ཚང་མས་སེམས་གནད་ལ་ཕབ་སྟེ་བཅོས་བསྒྱུར་དང་འབྲེལ་བའི་གནད་དོན་ཐད་བསམ་གཞིགས་བྱས་ཏེ། དེང་སྐབས་རྒྱ་ནག་ནང་འགལ་བ་སྣ་ཚོགས་ཧ་ཅང་རྣོ་ངར་ཅན་དུ་འགྱུར་བཞིན་པའི་གནས་སྟངས་འོག ཡིག་ཆ་དེའི་དགོས་འདུན་ཁག་གཞི་རྩར་བཟུང་སྟེ་ཆབ་སྲིད་བཅོས་བསྒྱུར་བྱ་མ་ཐུབ་ཚེ། གོ་སྐབས་ཡག་པོ་ཞིག་ལག་ནས་ཤོར་བའི་ནོར་འཁྲུལ་ཆེན་པོ་འབྱུང་རྒྱུ་ཡིན་པས།  རྒྱ་ནག་གི་མགོ་ཁྲིད་གསར་པ་ཚོས་ཆབ་སྲིད་ཀྱི་བློ་ཁོག་བསྐྱེད་པའི་དུས་ལ་བབ་ཡོད་སྐོར་བརྗོད་འདུག

བཅོས་བསྒྱུར་སྤྱི་མོས་གྲོས་གཞིའི་ཡིག་ཆ་དེ་ནི། སྤྱི་ཚོགས་ཁྲོད་ཀྱི་དྲང་སྙོམས་མིན་པའི་གནད་དོན་ཁག་ལ་མི་དམངས་ཚོས་སྡང་སེམས་དྲག་པོ་སྐྱེ་བཞིན་ཡོད་ནའང་། དྲང་སྙོམས་མིན་པའི་སྒྲོམ་གཞི་དེ་ཇི་ལྟར་བཅོས་བསྒྱུར་དགོས་མིན་ཐད་ངོས་ཟིན་གསལ་བོ་མ་ཐུབ་སྟབས་མང་ཚོགས་ཀྱི་བཅོས་བསྒྱུར་སྐུལ་འདེད་གྱི་ནུས་ཤུགས་ཁ་བྲལ་དུ་གྱུར་པ།  སྲིད་གཞུང་གི་སྒྲོམ་གཞིའི་ཕྱི་ལོགས་སུ་བཅོས་བསྒྱུར་གནོན་ཤུགས་མེད་པ་དང་། སྒྲོམ་གཞིའི་ནང་ལོགས་སུ་བཅོས་བསྒྱུར་སྒུལ་ཤུགས་མེད་པ་བཅས་ལ་ཐུག་ཡོད་པའི་ངོས་འཛིན་ཐོག་ཡིག་ཆ་དེ་ཡོངས་བསྒྲགས་བྱས་པ་ཞིག་ཡིན་འདུག 

གཞན། ༢༠༠༨ ལོར་ཀྲང་ཙུའུ་ཧྭ་དང་ལིག་ཞོ་པའོ་གཙོས་རྒྱ་ནག་གི་ཤེས་ལྡན་པ་ཁག་ཅིག་གིས་མིང་རྟགས་བསྡུ་རུབ་ཀྱིས།  ༼༠༨ ལོའི་ཁྲིམས་གཞི་རྩ་འཛིན་ཡིག་ཆ༽ཞེས་པ་དེ་བཏོན་ཏེ། རྒྱ་གཞུང་གི་ཆབ་སྲིད་སྒྲོམ་གཞི་དམངས་གཙོ་ཅན་དུ་བསྒྱུར་དགོས་པ་དང་། ཀྲུང་ཧྭ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་མཚོ་ངོགས་གཉིས་དང་མི་རིགས་གནད་དོན་བཅས་ཐག་གཅོད་དགོས་པའི་འབོད་སྐུལ་གནང་ཡོད་ཀྱང་། རྒྱ་གཞུང་གིས་ཡིག་ཆ་དེ་འདོན་མཁན་མི་སྣ་གཙོ་གྲས་ལིག་ཞོ་པའོ་སོགས་འཇུ་བཟུང་འཇུག་བྱས་ཏེ། ཤེས་ལྡན་པ་དེ་དག་གི་དགོས་འདུན་རྩིས་མེད་བཏང་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

སྐར་མ ༣ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༢༢ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢༤ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥

མཆན། 7

  1. འཇམ་གཅེས ། says:
    ལོ་ 13 སྔོན།

    ལོ་ཤས་སྔོན་ནས་མཐོ་རིམ་དཔོན་རིགས་དང་ཤེས་ཡོན་པ་ཚོས་ནང་ནས་གོང་གསལ་བཞིན་རྒྱ་ནག་གིས་སྲིས་ཇུས་ལ་བཅོས་བསྒྱུར་གཏོང་དགོས་པའི་བསམ་ཚུལ་བཤད་མཁན་མང་རུ་མང་རུ་འགྲོ་བཞིན་པ་འདི་ང་ཚོས་ངོས་ནས་ཀྱང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་ངོས་འཛིན་བཟོ་དགོས་ངེས་རེད། ལག་ལེན་ ཐུབ་མིན་ཡང་འཆར་ལོའི་ནང་ཡོང་རྒྱུར་བསྡད་ཡོད་པའི་དཔོན་རིགས་ཚོས་འགོ་བཙུགས་ནས་རིན་བཞིན་གོམ་པ་རིམ་སྤོ་སྒོས་པ་ལས་ལམ་སེང་འགྱུར་ཆོག་ཆོག་གཅིག་ག་ལ་ཡིན། དེ་ལས་ཀྱང་སྟོང་བསམ་འདྲ་མིན་དང་་་་རེ་སྨོན་འདྲ་མིན་ནི་བྱིས་པའི་བསམ་སྤྱོད་ཙམ་ལས་གནས་ལུགས་དང་རྒྱུ་མཚན་གང་ཡང་མི་འདུག། མི་ཉག་བཙན་པོའི་ཉམ་ཞིབ་ཡག་པོ་གནང་འདུག །ཁྱེད་ཀྱི་མཆན་འདི་ངས་ངོ་དེབ་ནང་འདྲེན་བཀོད་ཆོག་པ་ཞུ་རྒྱུ་ཡིན་་་་་དེ་བཞིན་འབྲེལ་ཡོད་དུས་བབ་ཚང་ལ་ཡང་དེ་བཞིན་གནངངང་བ་གནང་རོགས་ཞུ་རྒྱུ་ཡིན། །

    Reply
  2. མི་ཉག་བཙན་པོ says:
    ལོ་ 13 སྔོན།

    ཕྱི་ལོ་༢༠༡༢ལོའི་ནང་སྲིད་སྐྱོང་མཁས་དབང་བློ་བཟང་སེང་མཆོག་གིས་གཙོས་པའི་བཀའ་ཤག་ལྷན་རྒྱས་དང་བོད་མི་དམངས་ཀྱི་དངོས་ཚབ་སྤྱི་འཐུས་རྣམས་ཀྱིས་བོད་མའི་དཀའ་སྡུག་རྣམས་རྒྱལ་སྤྱིའི་གླེང་སྟེགས་ཐོག་བསྐྱལ་ཐུབ་པ་ལ་བརྟེན་ནས་གཤམ་དུ་འཁོད་པའི་གནས་ཚུལ་བཟང་པོ་རྣམས་བྱུང་དང་བྱུང་བཞིན་པ་དང་།མ་ཟད་
    འཛམ་གླིང་གང་སར་རྣོ་ངར་ལྡན་པའི་ལས་འགུལ་སྣེ་མང་སྤེལ་དང་སྤེལ་བཞིན་པ་མངོན་གསལ་རེད།དེ་དག་ལ་བློ་གཟུ་བོར་གནས་པ་རྣམས་དང་མཁྱེན་ལྡན་པ་དག་
    གིས་ཡི་རང་དང་བསྔགས་བརྗོད་ལོས་ཡོད།
    འདི་ནས་གཟིགས་དང་།
    ༡༽ཕྱི་ཚེས་ ༡༩ ཉིན་ཧྥ་རན་སིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་བོད་དོན་ཐོག་གསལ་བསྒྲཊ་ཤིག་སྤེལ་ཏེ། ཧྥ་རན་སིའི་རྒྱལ་ཁབ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོག་བརྩི་བཀུར་ཞུ་མཁན་ཞིག་ཡིན་སྟབས། རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་ལ་བརྩི་བཀུར་ཞུ་རྒྱུར་མགོ་འཛུགས་དགོས་ཚུལ་དང་། དེའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོར་༸གོང་ས་མཆོག་དང་ལྷན་དུ་འབྲེལ་མོལ་གནང་སྟེ། བོད་རྒྱའི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོའི་ཐབས་ལམ་ཞིག་འཚོལ་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་། མ་འོངས་པར་ཧྥ་རན་སི་དང་རྒྱ་གཞུང་གཞུང་བར་ཆབ་སྲིད་འབྲེལ་ལམ་བརྒྱུད་བོད་ཀྱི་གནད་དོན་གླེང་སློང་བྱ་རྒྱུ་ཡིན་པར་མ་ཟད། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྲོས་མོལ་གནང་སྐབས་ཀྱང་བོད་ཀྱི་གནད་དོན་མུ་མཐུད་གླེང་སློང་བྱ་རྒྱུ་ཡིན་ཚུལ་འཁོད་འདུག
    ༢༽གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ ༥༨ ཀྱིས་སྲིད་འཛིན་ཨོ་བྷ་མར་བོད་དོན་ཐོག་ཨ་རིའི་སྣེ་འཁྲིད་ཀྱི་ནུས་པ་འདོན་དགོས་པའི་འབོད་སྐུལ་གནང་འདུག
    ཕྱི་ཚེས་ ༢༠ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ ༥༨ གྱིས་ས་རྟགས་བཀོད་དེ། སྲིད་འཛིན་ཨོ་བྷ་མར་བོད་ཀྱི་གནད་དོན་ཐད་སྣེ་འཁྲིད་རང་བཞིན་གྱི་ནུས་པ་འདོན་དགོས་པའི་འབོད་སྐུལ་གནང་ཡོད་ལ། འབོད་སྐུལ་ཞུ་མཁན་གྲོས་ཚོགས་འཐུས་མིའི་ཁྲོད་དུ་ཨ་རིའི་གྲོས་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་(Tom Lantos Human Rights Commission)ཀྱི་ཚོགས་གཙོ་རྣམ་གཉིས་ཏེ། མའེ་ཁི་ཇོ་སྦིར་(Rep. James McGovern)དང་ཝོ་ཧྥུ་(Rep. Frank Wolf )གཉིས་གཙོས། ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་རྣམས་མི་ཚུད་ཡོད་འདུག
    ༣༽ཉེ་ཆར་རྒྱ་ནང་གི་ཤེས་ལྡན་པ་ ༧༡ གིས་མཉམ་འབྲེལ་ཐོག་༼བཅོས་བསྒྱུར་སྤྱི་མོས་གྲོས་གཞིའི་ཡིག་ཆ༽ཟེར་བ་ཞིག་བཏོན་ཏེ། རྒྱ་གཞུང་གིས་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་བྱ་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་། ཡིག་ཆ་དེ་དེང་སྐབས་རྒྱ་ནག་མི་མང་ཁྲོད་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་འདུག

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    རྒྱ་ནག་གི་ཆབ་སྲིད་བཅོས་བསྒྱུར་གཏོང་དགོས་ཚུལ་དེ་སྐད་ཆ་གསར་པ་གང་ཡང་མ་རེད། དེ་སྔོན་མཐོ་རིམ་དབང་འཛིན་ཤོག་ཁག་ནང་ནས་ཡང་བཅོས་བསྒྱུར་བྱེད་དགོས་ཚུལ་བཤད་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་རེད་ལ། བཅོས་བསྒྱུར་རང་བཞིན་གྱི་བསམ་བློ་ཡོད་མཁན་ཉུང་ཉུང་མ་རེད། འོན་ཀྱང་འགག་རྩ་ག་པར་ལུས་འདུག་བཤད་ན་ཆབ་སྲིད་བཅོས་བསྒྱུར་ཆེན་པོ་ཞིག་གཏོང་བར་ཏང་གི་དམར་ཤོག་དབང་འཛིན་ཤོག་ཁག་གི་བདེ་བསྲུང་ལ་འགན་ལེན་ཐུབ་ཀྱི་མེད་པ་རེད་ལ་ཏང་ཡོན་ཕལ་ཆེ་བ་ཁྲིམས་རྭར་སླེབས་རྒྱུའི་ཉེན་ཁ་ཡོད་པ་རེད།
    དེ་ལྟ་བས་ན་མི་དམངས་གྱེན་ལོག་རང་བཞིན་གྱིས་གུང་ཁྲན་ཏང་དམར་ཤོག་སྲིད་གཞུང་མགོ་རྟིང་མ་བསློག་བར་དུ་དོན་ཕན་ལྡན་པའི་ཆབ་སྲིད་བཅོས་བསྒྱུར་ཞིག་ཡོང་མི་སྲིད་པ་ཞིག་རེད། ལར་ནས་རྒྱ་རིགས་ཤེས་ལྡན་མི་སྣས་ཆབ་སྲིད་བཅོས་བསྒྱུར་བྱེད་དགོས་པ་བཤད་པ་ཙམ་གྱིས་ལམ་སེང་རྒྱ་ནག་གི་ཆབ་སྲིད་འགྱུར་ལྡོག་འགྲོ་རྒྱུའི་ངེས་པ་གཏན་ནས་མེད་ལ། མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་ངན་ལྷན་འབྱར་འོག་ནས་བོད་མཚོན་པའི་གྲངས་ཉུང་མི་རིགས་ཁག་ལ་ལྟ་སྟངས་དང་འཛིན་སྟང་སྤྱོད་སྟངས་ནམ་ཡང་འགྱུར་གྱི་མ་རེད་ལ་རེ་བ་ཆེ་མདོག་ག་ཚོད་བསྟན་ཀྱང་རེ་སྟོང་རང་རེད་དོ།

    Reply
  4. ལྷག་བསམ says:
    ལོ་ 13 སྔོན།

    ངས་བསམ་ཚུལ་བྱས་ན་གཞུང་གི་རྒྱ་དཔོན་ཕྱུག་བདག་ཚོས་རྒྱུ་འགོ་ཐོན་ཆེད་དུ་རྒྱ་ནག་སྒོར་གྱི་དམངས་གཙོ་ཞིག་ལ་བསྒྱུར་ན་ལམ་འགྲོ་རྒྱུགས་མདོག་ཁ་པོ་རེད། ཕྱུག་བདག་ལྐོག་ཟ་རུལ་སུངས་ཚོའི་རྒྱུ་འགོ་ཐོན་མདོག་ཁ་པོ་རེད།
    དེ་མིན་རྒྱ་དཔོན་ཕྱུག་པོ་འདི་ཚོས་བློ་གཏོང་མི་ཐུབ་པ་ནི་ལྐོག་ཟ་བྱས་པའི་སྒེར་རྒྱུར་གྱུར་པའི་དཔལ་འབྱོར་རེད། ཏང་གི་དཔོན་པོ་ཚོས་སྲོག་ལས་ཀྱང་རྩ་བ་ཆེ་བ་འདི་ལ་བརྩི་གི་རེད། ཏང་གི་དཔོན་པོ་ཚོའི་དཔལ་འབྱོར་ལ་ཉེན་ཁ་མེད་ན་དམངས་གཙོ་ལ་བསྒྱུར་ཨེ་ཐུབ་བལྟ་གིན་རེད་འདོད། དེ་མིན་པར་དཔལ་འབྱོར་དང་གོ་གནས་ལ་ཉེན་ཁ་འབྱུང་ན་དྲག་པོའི་དམག་གིས་བཙན་བཟུང་བྱེད་པ་ལས་དུས་ནམ་ཡང་དམངས་གཙོ་སྤྲོད་མི་སྲིད། དེ་ནས་གསར་བརྗེ་བསྒུག་གྱི་ལས་གཞན་ཐབས་ཤེས་མེད་ནི་ ཡུམ་དམ་པ་མ་རེད་ན

    Reply
  5. ལྷག་བསམ says:
    ལོ་ 13 སྔོན།

    རྒྱའི་ཤེས་ལྡན་པ་ཚོས་བྱས་སྟངས་ལྟར་བོད་པའི་ཤེས་ལྡན་པ་ཚོས་ཡང་བོད་ཀྱི་ཆབ་སྲིད་ལམ་ཕྱོགས་བཅོས་སྒྱུར་བྱེད་དགོས་པ་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ཏུ་དོན་ཕན་ལྡན་པའི་བཀག་འགོག་བྱེད་དགོས་པའི་དུས་ལ་བབ་འདུག་འདོད། རྒྱ་ཕྱོགས་ནས་གུན་ཁྲན་ཏང་གི་དཔོན་ངན་ལྐོག་ཟ་རུལ་སུངས་ཚོས་རྒྱ་ནག་མི་དམངས་ཀྱི་གཞུང་རྒྱུར་ལྐོག་ཟས་བྱས་པ་མ་ཟད་དམངས་གཙོའི་རང་དབང་ལ་རྡུང་རྡེག་བཏང་གི་ཡོད་རེད། བོད་ཕྱོགས་ནས་རྡ་སའི་ལྐོག་ཟ་རུལ་སུངས་ཚོས་བརྒྱ་ཁ་གཅིག་གཅོད་ཀྱིས་བཙན་བྱོལ་མི་དམངས་ཀྱི་བསམ་ཚུལ་དང་འདོད་འདུན་ལ་བརྩི་བཀུར་མེད་པར་སྒེར་གཅོད་བྱས་དང་བྱེད་བཞིན་པ་རེད།
    གནད་དོན་འདི་དག་གི་ཐོག་ཏུ་བོད་ཀྱི་ཤེས་ཡོན་ཅན་ཚོས་བཅོས་སྒྱུར་བྱེད་ཐུབ་པའི་རེ་བ་ཡོད།་

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    གསར་འགོད་པས་དྲ་འབྲེལ་དེ་དག་འཇོག་ཐུབ་ན་སྟབས་བདེ་ཡོང་ས་རེད།།

    Reply
  7. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    རྒྱ་རིགས་ཤེས་ལྡན་པ་ཚོས་བཏོན་པའི་དོན་ཚན་དེ་རྣམས་ཅི་འདྲའི་ཡིད་དུ་འོངས་པ་ལ། བོད་མི་ཚོར་རང་དབང་དགོས་པ་ཅི་བཞིན། རྒྱ་ནག་མི་མང་ལའང་རང་དབང་ལོས་དགོས། རང་དབང་དེའང་གནད་ཡོད་ཤེས་ལྡན་པ་འདི་དག་བརྒྱུད་ན་ལོས་ཐོབ། ཞི་བའི་ལམ་ནས་སྤེལ་བའི་བཅོས་བསྒྱུར་བསྒྲགས་གཏམ་འདི་རིགས་ཀྱིས་བོད་རྒྱ་མི་མང་ལ་མཉམ་གནས་ཞི་མཐུན་རང་དབང་གི་འཚོ་བ་ཞིག་བསྐྲུན་རྒྱུར་སྤོབས་པའི་ཁེངས་འདུག རང་རེའི་ཤེས་ལྡན་པ་རྣམས་ནས་ཀྱང་རྒྱ་ནག་མི་མང་ལ་རང་དབང་མེད་པ་དེ་སྲིད་དུ་བོད་མི་ཚོའང་རང་དབང་ཡོང་ཐབས་མེད་པ་འདི་གསལ་བཏོན་གྱིས། བོད་མིའི་རང་དབང་བསྐྱར་གསོ་རྒྱ་ནག་མི་མང་གི་རང་དབང་དང་ལག་ཟུང་སྦྲེལ་ཏེ་ཤེས་ལྡན་འདི་དག་གི་བཅོས་བསྒྱུར་དགོས་འདུན་རྣམས་ལག་བསྟར་ཡོང་བར་གཞོགས་འདེགས་བྱེད་དགོས་པ་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese