མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་མེད་ཐོག་མིག་གཤག་བཅོས།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༢༨ ནས་ཉིན་ལྔའི་རིང་ཉི་ཧོང་ཨེ་ཤ་ཡའི་མིག་ནད་བརྟད་དཔྱད་ཚོཊ་པས། ངྷ་ས་བདེ་ལེཊ་སྨན་ཁང་དུ་བོད་མི་དང་རྒྱ་གར་ཡུལ་མི་ཚོར་རིན་མེད་ཐོག་མིག་གཤག་བཅོས་བྱེད་མགོ་བཙུཊ་འདུག

བོད་མིའི་སྒྲིག་འཛུགས་བདེ་ལེགས་སྨན་ཁང་དང་ཉི་ཧོང་ཨེ་ཤ་ཡའི་མིག་ནད་བརྟག་དཔྱད་ཚོགས་པ་གཉིས་མཉམ་འབྲེལ་ཐོག ལོ་རེའི་ཡེ་ཤུའི་འཁྲུངས་སྐར་གྱི་གུང་གསེང་སྐབས་ཉི་ཧོང་ནས་མིག་ནད་ཆེད་མཁས་སྨན་པ་ཁག་ཅིག་ངྷ་སར་ཡོང་སྟེ། བོད་མི་དང་རྒྱ་གར་ཡུལ་མི་བཅས་ལ་རིན་མེད་ཐོག་མིག་ནད་བརྟག་དཔྱད་དང་མིག་གི་སྐྱ་འགྲིབ་གཤག་བཅོས་ཀྱི་ཞབས་ཞུ་བསྒྲུབས་ཀྱིན་པ་ལྟར།དེ་རིང་ཕྱི་ཚེས་༢༨ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠།༠༠ཡས་མས་སུ། ཧི་མ་ཅཱལ་མངའ་སྡེའི་ཀཱང་ར་རྫོང་ཉེན་རྟོག་སྐོར་སྲུང་སྤྱི་ཁྱབ་སྐུ་ཞབས་ཞི་བཱ (Shi va) ལགས་ཀྱིས། མིག་ནད་བརྟག་དཔྱད་ཁང་དང་གཤག་བཅོས་ཁང་བཅས་དབུ་འབྱེད་གནང་སོང་ལ།དེར་བདེ་ལེགས་སྨན་ཁང་འགན་འཛིན་དང་རོ་ཁྲི་རེ་ ( Rotery Club) ཚོགས་པའི་ཚོགས་མི།ཉི་ཧོང་ནས་ཕེབས་པའི་སྨན་པ་དང་ལས་བྱེད་བཅས་དང་།བོད་མི་དང་རྒྱ་གར་ཡུལ་མི་བཅས་འཛོམས་འདུག

ཉི་ཧོང་ཨེ་ཤ་ཡའི་མིག་ནད་བརྟག་དཔྱད་ཚོགས་པའི་ཐེངས་འདིའི་སྣེ་འཁྲིད་པ་སྐུ་ཞབས་ཨཱ་ཀེ་ལཱ་ཨོ་ཀཱ་ངྷ་ལགས་ཀྱིས་གསར་འགོད་པ་བརྗོད་དོན་ལྟར་ན། ཉི་ཧོང་ཨེ་ཤ་ཡའི་མིག་ནད་བརྟག་དཔྱད་ཚོགས་པ་དང་བདེ་ལེགས་སྨན་ཁང་མཉམ་འབྲེལ་གྱི་ལས་གཞི་འདིའི་དམིགས་ཡུལ་གཙོ་བོ། བོད་དང་ཉི་ཧོང་གི་མཐུན་ལམ་ཡར་རྒྱས་དང་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་མིག་ནད་བྱུང་བའི་རིགས་ལ་ཞབས་ཞུ་བསྒྲུབ་ཆེད་ཡིན་འདུག་ལ། ལས་གཞི་འདི་ཕྱི་ལོ་༢༠༠༠ལོ་ནས་བཟུང་མགོ་འཛུགས་གནང་སྟེ་ད་རེས་ཐེངས་ ༡༣ པ་ཆགས་ཡོད་ཅིང་།  ཐེངས་འདིར་ཉི་ཧོང་ནས་སྣེ་ཁྲིད་པ་ ༡ དང་མིག་ནད་ཆེད་མཁས་སྨན་པ་ ༨ ། ནད་གཡོག་དང་རོགས་པ་བྱེད་མཁན་བཅས་ཁྱོན་མི་ ༡༦ བསླེབས་འདུག ཉིན་ལྔའི་རིང་ཁོང་ཚོས་མིག་གི་འགོས་ནད་དང་མི་ཤུགས་སྐྱོ་བོ་ཡིན་པའི་རིགས་ལ་བརྟག་དཔྱད་སྨན་བཅོས་དང་། ལོ་ན་མཐོ་བའི་དབང་དང་ཉི་འོད། བརྡབ་སྐྱོན། ན་ཚ་གཞན་པའི་དབང་གིས་ཡོང་བའི་མིག་གི་སྐྱ་འགྲིབ་ཀྱི་རིགས་ལ་གཤག་བཅོས་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པས་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་སུ། ལོ་ ༡༣ རིང་གི་མིག་ནད་བརྟག་དཔྱད་དང་སྨན་བཅོས་ཀྱིས་བོད་པའི་སྤྱི་ཚོགས་ལ་ཕན་འབྲས་གང་འདྲ་བྱུང་ཡོད་མེད་དྲིས་པར་ཁོང་གིས།  “ ད་ལྟའི་བར་བདེ་ལེགས་སྨན་ཁང་གི་མཐུན་འགྱུར་རོགས་རམ་འོག མིག་ནད་བརྟག་དཔྱད་ཚོགས་པས་བོད་པའི་སྤྱི་ཚོགས་ཀྱི་ནད་པ་མང་པོ་ཞིག་ལ་མིག་ནད་སྨན་བཅོས་དང་བཤག་བཅོས་ཐོག་ཕན་ཐོགས་ཆེན་པོ་བྱུང་སྟབས། ཐེངས་ ༡༠ བའི་སྐབས་སུ་༸གོང་ས་མཆོག་གིས་སྨན་པ་ཚོར་དམིགས་བསལ་མཇལ་ཁ་གནང་སྟེ་བསྔགས་བརྗོད་ཀྱང་གནང་ཡོད་ལ། ང་ཚོ་མི་སྒེར་བ་ཞིག་གིས་མིག་བཤག་བཅོས་བྱ་དགོས་ཚེས་ཉུང་མཐར་སྒོར་སྟོང་ཕྲག་ ༢༠ ལྷག་འགྲོ་གི་ཡོད། ཡིན་ནའང་། ད་ལྟའི་བར་ཁོང་ཚོས་རིན་མེད་ཐོག་བརྟག་དཔྱད་བྱས་མཐར་ད་ཆར་བོད་མི་ནད་པ་རེ་ཟུང་ལས་མང་ཆེ་བ་རྒྱ་གར་ཡུལ་མི་རེད། ད་རེས་བོད་པ་ཁག་ཅིག་དང་རྒྱ་གར་ཡུལ་བཅས་ཁྱོན་མི་ ༥༠༠ ཡས་མས་ཤིག་བསླེབས་འདུག  དེའི་ནང་ནས་ནད་པ་ ༢༠ ལྷག་ལ་བཤག་བཅོས་གནང་རྒྱུ་རེད། མ་འོངས་པར་ང་ཚོའི་ངོས་ནས་ཁོང་རྣམ་པར་མཐུན་འགྱུར་གང་ཐུབ་གནང་སྟེ། མིག་ནད་བརྟག་དཔྱད་དང་བཤག་བཅོས་ཀྱི་ལས་གཞི་རྒྱུན་འཁྱོངས་གནང་འཆར་ཡོད། ” ཅེས་བརྗོད་བྱུང་།

དེ་རིང་ཉིན་གཅིག་རིང་སྨན་པ་ཚོས་མིག་ནད་ཀྱི་རིགས་ལ་བརྟག་དཔྱད་གནང་རྒྱུ་ཡིན་འདུག་ལ། སང་ཉིན་ནས་བོད་མི་དང་རྒྱ་གར་ཡུལ་མི་ནད་པ་ཚོར་མིག་གི་སྐྱ་འགྲིབ་གཤག་བཅོས་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༦ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese