མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་སྐུ་གྲོངས།

བོད་ཀྱི་དུས་བབ།
༢༠༡༢/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པའི་ཆུ་ཚོད་ ༤།༣༠ སྟེང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག བཞུགས་སྒར་ངྷ་རམ་ས་ལའི་ཉེ་འཁྲིས་ནོར་བུ་གླིང་ཁའི་གཟིམ་ཤག་ཏུ་སྐུ་གཤེགས་ཡོད་འདུག

བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་ལ་འདས་པའི་ལོ་གཅིག་ཙམ་གྱི་གོང་ནས་སྐུ་ཡི་སྙུང་གཞི་ཞིག་ཕོག་ཡོད་པ་དང་། འདས་པའི་ཟླ་འགའི་སྔོན་ནས་རིམ་བཞིན་ཇེ་སྡུག་ཏུ་ཕྱིན་ཏེ་ནང་མི་ཚོས་རྒྱ་གར་དང་བོད་པའི་སྨན་ཁང་དང་སྨན་པ་མང་པོར་བསྟན་གཏུག་བྱས་ཀྱང་། དགུང་ནའི་བབ་དང་ནད་གཞིའི་དབང་གིས་དྲེག་སྐྱེད་མ་བྱུང་བར། མདང་དགོང་ཐོ་རངས་ཆུ་ཚོད་ ༤།༣༠ སྟེང་ནོར་བུ་གླིང་ཁའི་གཟིམ་ཤག་ནས་སྐུ་ཚེའི་ཕེན་པ་རྫོགས་པའི་གནས་ཚུལ་བྱུང་འདུག

ད་ལོ་ཁོང་དགུང་གྲངས་ ༧༧ ལ་ཕེབས་ཡོད་པ་དང་། ཤུལ་དུ་བུ་མོ་གསུམ་དང་སྐུ་ཟླ་བཅས་ཡོད་འདུག ཁོང་སྐུ་གཤེགས་པའི་གནས་ཚུལ་དེ་བྱུང་རྗེས་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གཙོས་པའི་གནད་ཡོད་མི་སྣ་རྣམས་འདས་པོའི་སྐུ་ཕུང་ལ་མཇལ་དར་སྒྲོན་འབུལ་དུ་བཅར་ཡོད་འདུག

བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་ནི་ ༡༩༣༥ ལོར་ཡབ་སྟག་ར་གཤིས་ཀྱི་མཛེས་བཅུ་དཔོན་ཀུན་བཟང་ཚེ་བརྟན་དང་། ཡུམ་ཨ་ཡག་ལྷ་མོ་གཉིས་སུ་སྲས་སུ་ཁམས་ཆབ་མདོ་རི་ཐུང་དུ་ཡུམ་ཨ་ཡག་གི་ནང་ཁྱིམ་ཆབ་མདོ་ཚང་དུ་སྐུ་འཁྲུངས་ཤིང་། རང་ལོ་ ༧ ལ་སོན་སྐབས་བོད་ཡིག་འབྲི་ཀློག་སློབ་མགོ་བཙུགས་ཤིང་། རང་ལོ་ ༡༢ ལ་ཕེབས་སྐབས་བྲག་གཡབ་རྟག་ར་གཤེས་རང་ཁྱིམ་མཛེས་བཅུ་ཚང་དུ་ཕྱིར་ཕེབས་ཏེ། བོད་ཡིག་སློབ་སྦྱོང་མཇུག་སྐྱོང་དང་། རང་ལོ་ ༡༦ ཐོག་བྲག་གཡབ་བླ་བྲང་གི་རྩེ་སྐོར་གྱི་མགྲོན་ལས་སུ་བསྐོ་བཞག་གནང་ཡོད་འདུག ༡༩༥༣ ལོའི་མཇུག་ཏུ་བྲག་གཡབ་འདབས་མགོན་རིན་པོ་ཆེ་ལྷ་སར་ཆོས་ཞུགས་ཆིབས་བསྒྱུར་སྐབས་ཆིབས་ཞབས་སུ་བཅར་ཏེ། མཉེས་ཐང་བདེ་བ་ཅན་ནམ་ར་སྟོད་གྲྭ་ཚང་དུ་ཆོས་སྒོར་ཞུགས་ཏེ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་མ་ཕེབས་བར་མཚན་ཉིད་ཀྱི་གཞུང་ལ་ཐོས་བསམ་གནང་ཡོད་འདུག

༡༩༦༠ ལོར་རྒྱ་གར་བྱང་རྒྱུད་ཝ་ར་ཎ་སི་ལེགས་སྦྱར་མཐོ་རིམ་སློབ་གྲྭར་ལོ་ ༣ རིང་ལེགས་སྦྱར་སྐད་ཡིག་སློབ་སྦྱོང་གནང་ཡོད་པ་དང་། ༡༩༦༣ ལོར་བོད་གཞུང་ཆོས་དོན་ལས་ཁུངས་ཀྱི་བཀའ་འབྲེལ་འོག་ཝ་ར་ཎ་སི་ཧིན་རྡུའི་སློབ་གཉེར་ཁང་(Banaras Hindu University)དུ་ནང་པའི་སྐུ་ཟོར་འགྲེལ་བཤད་ཧིན་བསྒྱུར་དང་། བོད་ཡིག་འཛིན་གྲྭ་གཉེར་ཏེ་ ༡༩༦༧ ལོའི་བར་བཞུགས་ཡོད་འདུག དེའི་རྗེས་དགོངས་པ་ཞུས་ཏེ་ངྷ་རམ་ས་ལར་ཕེབས་ཤིང་། ༡༩༦༨ ཟླ་ ༨ པ་ནས་བཟུང་བཀྲས་མཐོང་བསྟན་འཛིན་དགེ་བྱེད་དང་སྐུ་མཆེད་བསྟན་འཛིན་རྣམ་རྒྱལ་གཉིས་དང་མཉམ་དུ་༼ཤེས་བྱ་གསར་དེབ ༽ཀྱི་བོད་ཡིག་རྩོམ་སྒྲིག་གི་ཕྱག་ལས་གནང་ཡོད་འདུག

༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་གནང་མཁན་གྲས་ཡིན་པ་དང་། ༡༩༧༡ ལོར་ཤེས་བྱ་གསར་དེབ་དེ་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་སུ་ཟླ་སྒྲིལ་བཏང་རྗེས་ཁོང་དྲིལ་བསྒྲགས་ལས་ཁུངས་ཀྱི་དྲུང་གཞོན་དུ་བསྐོ་བཞག་དང་། ༡༩༧༣ ལོར་དྲིལ་བསྒྲགས་དྲུང་ཆེ་ལ་གནས་སྤར་གནང་ཡོད། ༡༩༧༧ ལོའི་མཇུག་ཏུ་བཀའ་དྲུང་ལས་འཕར་དུ་བསྐོ་བཞག་དང་། ༡༩༨༠ ལོར་བསྐྱར་དུ་དྲིལ་བསྒྲགས་དྲུང་ཆེ་ལ་བསྐོ་བཞག ༡༩༩༡ ཟླ་ ༩ པ་ནས་བཀའ་ཤག་ཁྱབ་ཁོངས་ཀྱི་ཆབ་སྲིད་ཚོགས་ཆུང་གི་རྒྱུན་ལས་དྲུང་ཆེ་གནང་ཞིང་། ༡༩༩༣ ཟླ་ ༧ ཚེས་ ༣༡ ནས་བཀའ་བློན་དུ་འདེམས་ཐོན་གྱིས་ཕྱག་ལས་གནང་ཡོད།

༡༩༩༥ ཟླ་ ༥ པར་སྐབས་དེའི་བཀའ་བློན་ཁྲི་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་ལས་གནས་ནས་དགོངས་པ་ཞུས་རྗེས། དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་དོན་ཚན་ ༡༠།༡༡།༡༢ བཅས་ཀྱི་དགོངས་དོན་འོས་འདེམས་ཞུས་དོན་ལྟར་བཀའ་བློན་ཁྲི་པར་བསྐོ་བཞག་བྱུང་ཡོད་ཅིང་། ༢༠༠༡ ཟླ་ ༨ པའི་ནང་བཀའ་བློན་ཁྲི་པའི་དུས་ཡུན་རྫོགས་རྗེས་བགྲེས་ཡོལ་གྱི་ཚུལ་དུ་ནོར་གླིང་མཛད་རྣམ་སྡེ་ཚན་དུ་༧གོང་ས་མཆོག་གི་མཛད་རྣམ་༼ མཛད་རྣམ་རྒྱ་ཆེན་སྙིང་རྗེ་རོལ་མཚོ། ༽ཞེས་པ་འབྲི་རྩོམ་གྱི་ཕྱག་ལས་གནང་སྟེ་དམ་པ་ཁོང་གིས་མི་ཚེ་ཧྲིལ་བོ་བོད་སྤྱི་བའི་དོན་དུ་ཕུལ་ཡོད།

གསར་འགོད་པ། དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 14

  1. ཡུལ་གྱར་བ། says:
    ལོ་ 12 སྔོན།

    སྐུ་གཤེགས་བཀའ་ཟུར་མཆོག་དགོངས་པ་རྗོགས་པར་མྱ་ངན་གུས་འདུད་ཞུ། ཚང་མས་ཁོང་བཟང་རབས་མང་ཙམ་བཤད་འདུག་ཀྱང་བཀའ་བློན་སྐབས་ཆང་རག་དང་ཤོ་བག་ལ་དབུ་འཁོར་ཏེ་གཞུང་གི་ལས་དོན་ལ་མཐུས་ཤོར་མང་པོ་བཏང་བའི་ལོ་རྒྱུས་གོ་རྒྱུ་འདུག་ལ་ཇི་ལྟར་ཁོང་ལ་དག་མིན་གསལ་པོ་མ་ཤེས་པའི་ས་ཆ་ཡང་ཆེན་པོ་ཞིག་ཡོད་སྐད་འདུག འོན་ཀྱང་འཚོ་བཞུགས་སྐབས་གླེང་དགོས་པ་ལས་ད་ཕྱི་དྲག་འདུག་སྙམ།

    Reply
  2. གནས་ཚང་། says:
    ལོ་ 12 སྔོན།

    དཔལ་ལྡན་བཀའ་ཁྲི་ཟུར་བ་བསོད་ནམ་སྟོབས་རྒྱལ་མཆོག་ལགས་དགོངས་པ་རྫོགས་པར་མྱ་ངན་དང་། ནང་མིར་འཚམས་འདྲི་ཡོད།

    Reply
  3. དོན་འགྲུབ་བཀྲ་ཤིས། says:
    ལོ་ 12 སྔོན།

    དྲ་གྲོགས་རྒྱ་མཚོ་ལགས། སྤྱིར་བཏང་༼ ཞོགས་པ ༽དང་ ༼ ཐོ་རངས ༽ གཉིས་ལ་སྔ་ཕྱིའི་ཁྱད་པར་ཏོག་ཙམ་མེད་འགྲོ་བསམ་པའི་ཐེ་ཚོམ་ང་ལའང་ཡོད། དཔེར་ན། སྐྱ་རེངས་མ་བཀྱགས་སྔོན་ཙམ་ལ་ཐོ་རངས་དང་། སྐྱ་རེངས་བཀྱགས་པའི་རྗེས་མ་ཐག་ལ་ཞོགས་པ་ཞེས་བོས་ན་དོན་ལ་ཅུང་འབྱོར་པོ་མེད་འགྲོ་སྙམ།
    ཡིན་ནའང་འདིའི་སྐོར་གྱི་ཐ་སྙད་སྦྱོར་སྟངས་རིགས་སྐར་རྩིས་དང་ནག་རྩིས་སོགས་སུ་ཡོད་ཤས་ཆེ་ཡང་ལྟ་རྒྱུའི་གོ་སྐབས་མ་བྱུང་མོད། དག་ཡིག་གསར་བསྒྲིགས་ནང་། ༼ ཞོགས་པ ༽ཀྱི་འགྲེལ་ལ”ནམ་ལང་ཁའི་དུས་ཀྱི་མིང་” ཞེས་དང་། ༼ ཐོ་རངས ༽ཀྱི་འགྲེལ་ལའང་གོང་བཞིན་”ནམ་ལང་ཁའི་དུས་ཀྱི་མིང” ཞེས་འགྲེལ་སྟངས་གཅིག་པ་ཡིན་པར་གཞིགས་ན། ཐ་སྙད་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་དང་། ནམ་མ་གསལ་སྔོན་ཙམ་གྱི་དུས་ཚོད་ཅིག་ལ་འཇུག་པ་མིན་འགྲོ་སྙམ།

    Reply
  4. རྒྱ་མཚོ། says:
    ལོ་ 12 སྔོན།

    གསར་འགྱུར་སྤེལ་བ་ཐུགས་རྗེ་ཆེ། གཤམ་གྱི་འདི་གཉིས་ཀྱི་གང་དག་པ་ཡིན་ནམ།

    སྒང་ན།

    ༼དེ་རིང་ཞོགས་པའི་ཆུ་ཚོད་ ༤།༣༠ སྟེང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག བཞུགས་སྒར་ངྷ་རམ་ས་ལའི་ཉེ་འཁྲིས་ནོར་བུ་གླིང་ཁའི་གཟིམ་ཤག་ཏུ་སྐུ་གཤེགས་ཡོད་འདུག༽ཅེས་བྲིས་འདུག

    འོག་ན།

    ༼མདང་དགོང་ཐོ་རངས་ཆུ་ཚོད་ ༤།༣༠ སྟེང་ནོར་བུ་གླིང་ཁའི་གཟིམ་ཤག་ནས་སྐུ་ཚེའི་ཕེན་པ་རྫོགས་པའི་གནས་ཚུལ་བྱུང་འདུག༽ཅེས་བྲིས་འདུག

    Reply
  5. འཇམ་གཅེས ། says:
    ལོ་ 12 སྔོན།

    ཧ་ཧ་་་་སྤྱིར་བཀའ་ཟུར་ཁོངས་བཙན་བྱོལ་ནང་གི་ལས་བྱེད་རྒན་གྲས་དང་། ལྷག་བསམ་ཅན་ཞིག་ཡིན་མོད། ཡིན་ན་ཡང་། སྐྱོན་མེད་ཡོན་ཏན་ཅན་གྱི་མི་དཀོན། །ཟེར་སྲོལ་བཞིན་ཁོངས་ཉིད་འཇིག་རྟེན་འདིར་འཚོ་བཞུགས་སྐབས་སུ་མི་མང་པོའི་ཁོང་ལ་སྐྱོན་འཛུག་བཟོས་པ་ཉུང་ཉུང་གཏན་ནས་མིན་ག་སྐྱོན་ཡང་ཡོད་པ་ཡིན། ད་ནི་འཇིག་རྟེན་ཕྱི་མའི་ལམ་དུ་གཤེགས་ཟིན་རྗེས་སུ་སྐྱོན་མེད་ཡོན་ཏན་ཅན་གྱི་མི་ལ་ངོས་འཛིན་པ་འདི་ནི་ཆེས་ཕྱི་དྲག་ཐག་ཆོད་པ་རེད། འོན་ཀྱང་འདི་ནི་བོད་པ་ཚང་གི་ལུགས་སྲོལ་ཞིག་རེད་འདོད། །

    Reply
  6. ཉི་མ་རྒྱལ་མཚན། says:
    ལོ་ 12 སྔོན།

    སྐྱེས་ཆེན་དམ་པོ་ཁོང་ལ་མྱ་ངན་གུས་འདུད་གྲངས་མེད་ཞུ་བ་དང་འབྲེལ། ཁོང་ནི་བཙན་བྱོལ་བོད་གཞུང་གི་མགོ་ཁྲིད་རྒན་པ་དག་ལས་ལབ་རྒྱུ་གླེང་རྒྱུ་མེད་པ་དང་། བོད་སྤྱི་དོན་ལ་ཕྱག་རྗེས་ཆེ་ཤོས་ཀྱི་གྲས་ཤིག་ཡིན། ཁོང་ལ་ཆོལ་ཁ་ལུང་ཚན་གྱི་དུག་ནག་མ་འགོས་པར། ༧གོང་ས་མཆོག་དང་སྐྱིད་སྡུག་མཉམ་མྱོང་གིས་བོད་མི་རིགས་དང་བོད་ལུང་པའི་ཆེད་དུ་མི་ཚེ་གང་བོར་སྐུ་ངལ་སྐྱོན་མཁན་གྱི་བོད་པའི་བུ་རྒོད་ཅིག་ཡིན། ཨོཾ་མ་ཎྀ་བདྨེ་ཧོུཾ། བྱང་ཕྱོགས་བདེ་བ་ཅན་དུ་ཚེ་བསོད་འཕོ་པར་ཤོག།

    Reply
  7. བསྟན་འཛིན་ཐོག་མེད། says:
    ལོ་ 12 སྔོན།

    ཧ་ཅང་ཡིད་སྐྱོའི་གནས་ཚུལ་རེད། ཡིན་ནའང་དགུང་གྲངས་མཐོན་པོ་བཞེས་ཡོད་པ་རེད། འདུས་བྱས་ཐམས་ཅད་མི་རྟག་པ་དེའང་ང་ཚོས་མི་འདོད་བཞིན་དུ་ངོས་ལེན་མི་བྱེད་ཐབས་མེད་རེད། སྐུ་ངོ་ཁོང་ཡང་བོད་བསྟན་པ་ཆབ་སྲིད་ཐོགས་ལྷག་བསམ་རྣམ་དག་དང་༧གོང་ས་མཆོག་དང་སྐྱིད་སྡུག་མཉམ་མྱོང་གནང་མཁན་གཙོ་གྲས་ཤིག་ཡིན། ལྷག་པར་དུ་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རེས་མེད་པར་དྲང་ཚུགས་ཐུབ་ཅིང་ལངས་ཕྱོགས་བརྟན་པོ། གཞུང་རྒྱུད་དྲང་ཞིང་རྣམ་རིགས་བཀྲ་བ་ཞིག་ཡིན། དམ་པ་ཁོང་འདི་ལྟར་སྐུ་གཤཻགས་པར་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད། ཤུལ་བཞུགས་ནང་མི་ཡོངས་ལ་སེམས་གསོའི་འཚམས་འདྲི་བཅས་སེམས་ཁུངས་རུས་པའི་རྟིང་ནས་ཞུ་རྒྱུ་ཡིན་ལ། སྐུ་གཤཻགས་ཁོང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྣ་ཟིན་པའི་བསྔོ་བ་སྨོན་ལམ་ཡང་ལྷན་གཅིག་ཏུ་འདེབས་བཞིན་ཡོད།

    Reply
  8. འཇམ་གཅེས ། says:
    ལོ་ 12 སྔོན།

    ཨོམ་མ་ཎི་པདྨེ་ཧུམ་་་་་་་་་་་་་་་་་་་་་་་་་ནང་མི་ལ་གདུང་སེམས་མཉམ་སྐྱེད་ཡོད་་་་འདས་པོ་ལ་ཡིད་རངས་ཡོད་་་་

    Reply
  9. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ཁྲི་ཟུར་ཁོང་ལ་མྱ་ངན་གུས་འདུད་ཞུ་

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཤུལ་ལུས་ནང་མི་ལ་མྱ་ངན་གདུང་སེམས་ཡོད། དལ་འབྱོར་རྟེན་བཟང་མྱུར་དུ་ཐོབ་ནས་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བར་ཤོག །

    Reply
  11. ཨ་ཚེ་འབར། says:
    ལོ་ 12 སྔོན།

    བོད་བསྟན་སྲིད་ཀྱི་སླད་དུ་ཕྱག་ལས་སྣ་མང་གནང་མྱོང་བས་སྐུ་ངོ་ཁོང་དག་ཞིང་དུ་སྐྱེ་བར་སྨོན།

    Reply
  12. ཤིང་ལོ། says:
    ལོ་ 12 སྔོན།

    དུས་དང་གནས་སྐབས་སྡུག་དུས་འབད་འབུངས་གནང་ཞིང་།།
    ཐུགས་རེ་རི་ལྟར་སྤུངས་ནས་མདུན་དུ་ཕེབས་ཡོད།།
    སྙུན་གཞི་དྭངས་ཐབས་བྲལ་བ་ཆོས་ཉིད་གཞང་གིས།།
    གཟུགས་སྐུ་འདི་དང་བྲལ་བར་ཕངས་སེམས་སྐྱེས་སོང་།།

    Reply
  13. ཟླ་བ་བསོད་ནམས། says:
    ལོ་ 12 སྔོན།

    བཀའ་དྲིན་མཚུངས་མེད་ཀྱི་བཀའ་བློན་ཁྲི་བསོད་ནམས་སྟོབས་རྒྱལ་མཆོག་གིས་བོད་སྤྱི་དོན་དུ་དཀའ་ལས་བརྒྱབ་པ། བོད་གངས་ཅན་ལྷ་མི་ཡོངས་ཀྱིས་ཚེ་རབས་ནས་ཚེ་རབས་བར་དུ་རྗེས་སུ་བཟུང་ནས་དྲིན་ཀྱིས་སྐྱོངས་བར་ཤོག ཤུལ་ལུས་ནང་མི་ལ་མྱ་ངན་གདུང་སེམས་ཡོད།

    Reply
  14. ཐོས་བསམ། says:
    ལོ་ 12 སྔོན།

    ཨོཾ་མ་ཎི་པདྨེ་ཧུཾ། འདི་ནི་ཧ་ཅང་ཡིད་སྐྱོའི་གནས་ཚུལ་ཞིག་རེད། ཡིན་ནའང་དགུང་ལོ་གང་ལ་གང་འཚམས་མཐོན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese