མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྲང་བོའི་ཧམ་ཤེད་ཀྱི་མགྱོགས་བྲིས།

བོད་ཀྱི་དུས་བབ།
༢༠༡༢/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

ང་ལ་ཧམ་པ་གཞན་ལས་ཆེ་བ་ཞིག་ཡོད་ཀྱང་སྲིད། ངས་རང་གི་ཧམ་མགོ་མ་གནོན་སྟབས་ཧམ་པའི་ཤེད་ཀྱིས་འདི་ལྟར་འབྲི་དགོས་འཁེལ་བ་ཡིོན་ཡང་སྲིད། གང་ལྟར་ཆོས་ཁྲིམས་ཀྱིས་མ་ཁོག་པའི་སྐད་ཆའི་རིགས་བཤད་རྒྱུར་ཉེན་ཁ་ཚ་བོ་ཡིན་པ་ངས་སྔ་བོ་ནས་ཤེས་ནའང་། སྐབས་འདིར་བདག་གིས་ཉེན་ཁ་དང་ཧམ་པ་གཉིས་ལས་ཧམ་པ་དེ་བདམས་པ་ཡིན།
མི་ཞིག་ལ་མཚོན་ནས་བཤད་ན། ང་ཚོ་ནི་སུས་ཀྱང་མི་འདོད་པའི་ཧ་ཅང་ཉམ་ང་ཞིང་དཀའ་སྡུག་སྣ་ཚོགས་ཀྱི་དཀྱིལ་ལ་ལྷུང་ཡོད། འདི་ལས་ལྷག་གི་སྡུག་བསྔལ་བ་ཞིག་དང་དམའ་སར་འབབ་ས་མེད་པ་དེ་ཚང་མའི་སེམས་ལ་ཁྲིག་ཁྲིག་ཡིན། འོན་ཀྱང་འུ་ཅག་གི་མི་མང་བོ་ཞིག་གིས་ད་དུང་སེམས་གཙོའི་ལྟ་བུའི་སྒང་ནས་བཙན་རྒོལ་རྒྱལ་སྐྱོབ་བྱེད་ཀྱི་ཡོད། དེའི་དཔེ་མཚོན་ནི། དགྲ་བོའི་མེ་མདའ་ཚུར་ཐོད་པར་བཙུགས་ཀྱང་རང་གི་ལག་གཉིས་ཕར་ཐལ་མོ་སྦྱར་ནས་མིག་ བཙིམ་ཞིང་བྱང་ཆུབ་ཀྱི་སེམས་ཁོ་ན་སྒོམ་ནས་སྡོད་པ་དེ་ཡིན། དེ་ལྟར་བྱས་པའི་ཉེར་ལེན་གྱིས་རང་རེའི་ས་ཐོག་ལ་༼ས་ཆ་གང་ལེགས༽ཐོག་ལ་ལས་སླ་བོར་མི་སེར་སྤེལ་གྱི་ཡོད་པ་དང་། མི་སེར་སྤེལ་བའི་གོམ་སྟབས་ཀྱང་ཧ་ཅང་མགྱོགས་པོ་ཡིན།

མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་འཐབ་རྩོད་ཀྱི་ངོས་ནས་བཤད་ན། ལས་དང་རྒྱུ་འབྲས་ཀྱི་ཚངས་ཐིག་འོག་ཡིབ་སྡོད་པའི་སེམས་གཙོའི་ལྟ་བ་དེས་གཏན་ནས་ཡོང་མི་ཐུབ་པ་ནི་འཛམ་གླིང་གི་ལོ་རྒྱུས་ཀྱི་ངོས་ནས་ཚུར་ར་འཕྲོད་པ་ཡིན། དཔེར་ན་རྒྱ་ནག་གི་ལོ་ལྔའི་འཆར་གཞི་བཅུ་བའི་ནང་(༢༠༠༡____༢༠༠༥)བོད་ཤར་ཕྱོགས་ཨ་མདོ་ནས་དབུས་ཀྱི་རྒྱལ་ས་བར་དུ་ལྕགས་ལམ་བཟོས་ནས་གྲུབ་པ་རེད། དུས་འདི་ནས་བོད་ཀྱི་ས་ཐོག་ལ་མི་སེར་སྤེལ་བའི་མྱུར་ཚད་ཇེ་མགྱོགས་ལ་སོང་ཡོད་ པ་མ་ཟད། ད་ལྟའི་ཚོད་དཔག་ལྟར་ན། ལྷ་ས་གྲོང་ཁྱེར་གཅིག་པུའི་ནང་རྒྱ་མི་ས་ཡ་གཉིས་མ་ཟིན་ཙམ་ཞིག་བསླེབས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དཔེ་དེ་དང་བསྡུར་ན། དུས་རབས་གོང་མའི་ལོ་རབས་ལྔ་ཅུ་བ་ནས་ཐད་ཀར་བོད་ཀྱི་ཤར་ཕྱོགས་ཨ་མདོའི་ཁུལ་དུ་ལྕགས་ལམ་བཟོ་སྐྲུན་གྲུབ་པ་ནས་མི་སེར་སྤེལ་བའི་གྲངས་འབོར་ཧ་ལས་ཤིང་ཧོན་འཐོར་བ་བྱུང་ཡོད་པ་མ་ཟད། ད་ལྟའི་དུས་སུ་བོད་རང་གི་ས་ཐོག་ཏུ་བོད་མི་གྲངས་ཉུང་མི་རིགས་ཆགས་གྲབས་ཡོད་པ་གསལ་བོ་ཡིན།

དེ་ལྟར་བོད་ཡུལ་སྟོད་སྨད་བར་གསུམ་མི་སེར་སྤེལ་ཡུལ་དུ་གྱུར་ཡོད་པ་མ་ཟད། བོད་ཀྱི་རིན་ཆེན་སྣ་ཚོགས་ཀྱི་གཏེར་ཁ་དག་རྒྱ་ནག་གིས་སྔོག་གི་ཡོད་ལ། གཙང་བོ་དང་ཆུ་བོ་དག་ལ་གློག་མཛོད་ཀྱང་རྒྱ་ནག་གིས་རྒྱག་གི་ཡོད། བོད་ཀྱི་རང་བྱུང་ཁོར་ཡུག་འབག་བཙོག་བཟོ་བ་དང་། ཡུལ་སྐོར་ལྟེ་བ་བཙུགས་ནས་ཁེ་བཟང་ཆ་ཚང་རྒྱ་ནག་གིས་ལེན་གྱི་ཡོད། དེ་ལྟར་གོམ་པ་རིམ་སྤོ་བྱས་ནས་བོད་ཡུལ་གྱི་ཁྱབ་ཁོངས་ཚང་མ་རྒྱ་ནག་ཅན་དུ་ཆགས་པར་བྱས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་ཚང་མ་ལ་ཚད་བཀག་བྱུང་བ་དང་། སློབ་གྲྭ་ཁག་གི་སློབ་དེབ་ཀྱང་རྒྱ་ཡིག་ཅན་དུ་སྒྱུར་གྱི་ཡོད། དེའི་སྟབས་ཀྱིས་ན་ནིང་རེབ་གོང་དང་མཚོ་སྔོན་གྱི་ས་ཁུལ་མང་པོ་ཞིག་ནས་དགེ་རྒན་དང་གཞོན་སྐྱེས་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་ཡོད་པ་མ་ཟད། ད་ལྟའི་འགྲོ་བཞིན་པའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ཡང་བསྟུད་མར་འབྱུང་གི་ཡོད་པ་རེད།

རྣམ་པ་དེ་ནི་རྒྱ་ནག་ཁོ་རང་ཚོར་ཡང་“རི་ཀྲུང་རོགས་སྐྱོར་” གྱི་ལས་འགུལ་ལ་བརྟེན་ནས་ཉི་ཧོང་གིས་རྒྱ་ནག་ལ་སིམ་འཛུལ་བྱས་པ་དེ་དང་། དེའི་ཡར་སྔོན་གྱི་མན་ཇུ་སྲིད་གཞུང་མགོ་རྟིང་སློག་པ་དང་སོག་པོའི་མི་རིགས་རྒྱ་མི་ཅན་དུ་བསྒྱུར་ཏེ་ད་ལྟ་ཤུལ་མེད་ཆགས་པ་སོགས་ཉམས་མྱོང་ཕུན་སུམ་ཚོགས་པོ་བླངས་ཡོད། དེ་འདྲའི་འཇིགས་སུ་རུང་བའི་ལོ་རྒྱུས་ཀྱི་ངོས་ནས་བསམ་ན། ད་ནི་འུ་ཅག་གི་ངོས་ནས་བྱང་ཆུབ་ཀྱི་སེམས་སྒོམ་ནས་ཁ་རོག་གེར་འདུག་པའམ། དགྲ་བོའི་བཀའ་དང་དགོངས་པ་ཐམས་ཅད་ལ་བསྟུན་ནས་འགྲོ་བའི་སྲིད་ཇུས་འདི་ཧ་ཅང་གི་གཉན་འཕྲང་ཅན་ཞིག་ཏུ་མཐོང་།

བདག་གི་བསམ་ཚུལ་སྔ་གཞུག་ཚང་མར་གསལ་བ་ལྟར། འུ་ཅག་གི་ངོས་ནས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་མཁྲེགས་པོ་ཞིག་དང་སྐད་ཆ་ཡང་ཕར་ཕྱོགས་ནས་རྔ་བོ་ཇི་ལྟར་བརྡུང་བ་དེ་བཞིན་དུ་བྲོ་ཞིག་འཁྲབ་རྒྱུ་ལས། ཕར་སྐུ་ཚབ་ཡིན་ཟེར་ནས་གལ་ཆེན་དོན་ཆེན་གྱིས་བཏང་བའི་མི་ལ་དགྲ་བོས་ལྟ་སྐོར་བའི་མིང་དུ་བཏགས་ནས་ཞིང་ཆེན་རིམ་པའི་དཔོན་རིགས་རེ་གཉིས་ལས་སུ་གང་ལའང་ཐུག་ཐུབ་ཀྱི་མེད་བཞིན་དུ། ད་དུང་རྣམ་འགྱུར་ཡག་རབས་དང་རེ་བ་ཆེ་རབས་བཤད་ན་ཕན་པ་ལས་གནོད་དུ་འགྲོ་ངེས་ཡིན།

༢༠༡༢ ། ༡༢ ། ༢༨ ལ་བྲིས།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༧ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 2

  1. སྒྲོལ་མ་མེ་ཏོག says:
    ལོ་ 13 སྔོན།

    ད་ལྟའི་ཚོད་དཔག་ལྟར་ན། ལྷ་ས་གྲོང་ཁྱེར་གཅིག་པུའི་ནང་རྒྱ་མི་ས་ཡ་གཉིས་མ་ཟིན་ཙམ་ཞིག་བསླེབས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཟེར། དེ་འདྲ་རེད་དམ།

    Reply
  2. རྒྱ་མཚོ། says:
    ལོ་ 13 སྔོན།

    མིག་མི་འཛུམ་ཟེར་བ་འདིས་དང་པོར་བྲིས་ཡོང་དུས། བསམ་ཚུལ་དང་འབྲི་ཚུལ་གཉིས་ཀ་དམིགས་བསལ་ཞིག་ཡིན་སྣང་སྐྱེས་བཅུག་སོང་། ད་ནི་བྲིས་ཀྱིན་བྲིས་ཀྱིན་བསམ་ཚུལ་དེ་ཡང་དེ་ཙམ་ཞིག་རེད། འབྲི་རྩལ་དེ་ཡང་དེ་ཙམ་ཞིག་རེད་འདུག ཡིན་ནའང་། མུ་མཐུད་ནས་འབྲི་བའི་སེམས་ཤུགས་ལ་གུས་བརྩི་བྱེད་ཀྱིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese