མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོ་ཚོགས་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཐེངས་དང་པོའི་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ངྷ་ཤོད་བོད་ཁྱིམ་དུ་ཚོགས་སོང་ལ། ཉིན་གསུམ་རིང་གི་ཚོགས་འདུའི་ཐོག་ཕྱོགས་ཡོངས་དགེ་རྒན་རྣམས་ཀྱིས། ཤེས་ཡོན་དང་སློབ་མའི་ཀུན་སྤྱོད་སློབ་གསོ། སྒྲིག་ལམ་བཅས་ཡར་རྒྱས་གཏོང་ཐབས་ལ་བསམ་ཚུལ་བརྗེ་ལེན་གནང་རྒྱུ་རེད།

དེ་རིང་ཕྱི་ཚེས་ ༣ ཉིན་གྱི་ཞོགས་པར་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོ་བཞུགས་སྒར་ངྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་དབུ་འཛུགས་གནང་སོང་ལ། དབུ་འཛུགས་མཛད་སྒོར་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་དང་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་རྣམ་གཉིས་གཙོས།  བཙན་བྱོལ་བོད་མིའི་གཞི་རིམ་གོང་འོག་བར་གསུམ་གྱི་སློབ་གྲྭ་ ༧༡ དགེ་རྒན་དང་ཆོས་དགེ  སྔོན་དགེ་བཅས་མི་ ༡༤༠ དང་། ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཛིན་ ༨ ། ཤེས་ཡོན་འགན་འཛིན་ ༣། མདུན་ལམ་སློབ་སྟོན་པ་ ༢ བཅས་ཁྱོན་ཚོགས་བཅར་བ་ ༡༥༣ འདུ་འཛོམས་བྱུང་འདུག

མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་དང་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྱེར་འདོན།  བོད་རྒྱལ་ཁབ་དང་མི་རིགས་ཆེད་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་ཆེད་སྐར་མ་གཅིག་རིང་ངག་བཅད་མྱ་ངན་དང་གུས་འདུད་གནང་སོང་ལ། སྐབས་དེར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་ཚོགས་ཆེན་ངོ་སྤྲོད་ཀྱི་གཏམ་བཤད་གནང་དོན་ལྟར་ན། ཐེངས་འདིའི་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོ་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདས་པའི་ལོ་གཅིག་རིང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་། རྒྱ་གར་དང་བོད་པའི་སློབ་སྤྱི། དགེ་ཆོས། རོས་ཊར་བཅས་དང་མཉམ་དུ་སྔ་ཕྱི་ཚོགས་འདུ་སྐོང་འཚོགས་གནང་བ་ལྟར། ཐེངས་འདིར་སློབ་གྲྭ་ཁག་གི་བོད་རིགས་དགེ་རྒན་རྣམས་ལ་ཚོགས་འདུ་བསྐངས་ཏེ། དགེ་རྒན་རྣམ་པའི་ཉམས་མྱོང་དང་དགོངས་ཚུལ་བསྡུ་ལེན་བྱ་ཆེད་ཡིན་འདུག་ལ། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་བལ་འབྲུག་གསུམ་ཁུལ་གྱི་མཐོ་རིམ་དང་འབྲིང་རིམ། དམའ་རིམ། སྔོན་འགྲོ་བཅས་ཀྱི་སློབ་གྲྭ་ཁག་ ༧༡ ནས་དགེ་རྒན་ ༡༤༠  འདུ་འཛོམས་ཀྱིས་བརྗོད་གཞི་དང་པོ། གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་ (བོད་ཨིན་སྐད་ཡིག་གཉིས་དང་། ཚན་རིག ཨང་རྩིས། སློབ་ཚན་གཞན་པ་ཁག ) ཡར་རྒྱས་གཏོང་ཐབས། གཉིས་པ། སློབ་གྲྭ་ཁག་གི་ཀུན་སྤྱོད་སློབ་གསོ་དང་སྒྲིག་ལམ་ཡར་རྒྱས་གཏོང་ཐབས།  གསུམ་པ། འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཁྲིད་བརྒྱུད་ལམ་ཇི་དགེའི་སྐོར་བཅས་ཡིན་འདུག  ཚོགས་ཆུང་ཁག་བགོས་ཀྱིས་ཉིན་གསུམ་རིང་བརྗོད་གཞི་ཁག་ལ་བགྲོ་གླེང་གནང་མཐར་བསམ་ཚུལ་ཕྱོགས་བསྡོམས་གནང་རྒྱུ་དང་། ཚོགས་ཆུང་ཁག་གི་སྙན་ཐོ་གཞིར་བཟུང་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་སྐོར་གསུངས་བྱུང་།

མཇུག་ཏུ་སྲིད་སྐྱོང་མཆོག་གིས། ཁོང་ཉིད་ཆུང་དུས་རྡོར་གླིང་དང་སློབ་གྲྭ་གཞན་དུ་འགྲོ་སྐབས་དགེ་རྒན་རྣམ་པའི་སློབ་སྦྱོང་ཐོག་ཐུགས་ཁུར་དང་།  དཔལ་འབྱོར་གྱི་ཐོག་ནས་རྒྱབ་སྐྱོར་གནང་བའི་སྐོར་དང་འབྲེལ་ཏེ།  དགེ་རྒན་ནི་འཛིན་སྐྱོང་དང་སློབ་གྲྭའི་འགན་འཛིན། སློབ་མའི་བར་བཅས་ཀྱི་ཟམ་པ་ལྟ་བུ་ཡིན་པ་དང་། ཤེས་ཡོན་ཡར་རྒྱས་གཏོང་བར་འཛིན་སྐྱོང་གི་མཐུན་རྐྱེན་དང་སློབ་གྲྭའི་འགན་འཛིན་རྣམ་པས་བེད་སྤྱོད། སྤྱི་ཚོགས་དང་ཕ་མའི་རྒྱབ་སྐྱོར་བཅས་ཧ་ཅང་གལ་ཆེན་ཡིན་པ་མ་ཟད། དམིགས་བསལ་དགེ་རྒན་ཚོས་སློབ་གྲྭའི་མཐུན་རྐྱེན་ཡག་མིན་ལ་མ་ལྟོས་པར་འཛིན་གྲྭའི་ནང་སློབ་ཁྲིད་ཡག་པོ་བྱས་པ་ཡིན་ན། རང་བཞིན་གྱིས་ཤེས་ཡོན་ཡར་རྒྱས་འགྲོ་ཐུབ་པའི་སྐོར་གསུང་བྱུང་།

ཡང་འདས་པའི་སློབ་གྲྭ་ཁག་གི་གྲུབ་འབྲས་དང་ད་ལྟའི་ཤེས་ཡོན་གནས་སྟངས་ཐད། ཁོང་གིས་ཉེ་ཆར་ཁོང་གཏན་སློབ་ཀྱི་འགན་འཛིན་དང་ཐུག་འཕྲད་སྐབས། བོད་པའི་སློབ་ཕྲུག་ཚོ་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ བརྒྱ་ཆ་ ༦༠% གཡས་གཡོན་ཙམ་ལོན་མེད་ཀྱང་། རྒྱ་གར་གྱི་སློབ་གྲྭ་ཁག་གི་འབྱོར་བ་བཟང་བའི་རིགས་ཀྱིས་ཕྲུ་གུའི་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་ ༨༠% དང་ནང་མིའི་སྐྱོ་བོའི་ཕྲུ་གུའི་གྲུབ་འབྲས་བརྒྱ་ཆ་ ༧༠%  གཡས་གཡོན་ཡིན་པའི་ཧེ་བག་ཆེན་པོ་བྱུང་ཡོད་པ་མ་ཟད། སློབ་གྲྭ་མང་ཆེ་བའི་ནང་ཡིག་རྒྱུགས་གྲུབ་འབྲས་དང་དཔེ་དེབ་ཀློག་མཁན། རྩོམ་ཡིག་འགྲན་བསྡུར་ཁྲོད་ཀྱི་བྱ་དགའ་རག་མཁན་ཚང་མ་རྒྱ་གར་གྱི་སློབ་མ་ལས། བོད་པའི་སློབ་ཕྲུག་མེད་པའི་གནས་སྟངས་ཆགས་ཡོད་པ་དང་། ད་ལྟའི་བར་ལོ་རེར་རྒྱ་གར་གྱི་སློབ་ཕྲུག་སྟོང་ཕྲག་ ༩༠ དང་རྒྱ་ནག་གི་སློབ་ཕྲུག་སྟོང་ཕྲག་ ༩༧ ། བལ་ཡུལ་ནས་སློབ་ཕྲུག་ ༧༠༠༠ བཅས་ཨ་རིར་སློབ་སྦྱོང་དུ་འགྲོ་བཞིན་ཡོད་ཀྱང་། འདི་ལོར་ཤེས་རིག་བཀའ་བློན་དང་དྲུང་ཆེ་གཉིས་ཀྱིས་ལོ་རེར་ཨ་རིའི་ཉམ་ཐག་རོགས་ཚོགས་ཤིག་གིས་ཨ་རིའི་ནང་སློབ་ཕྲུག་ ༨༠༠༠ ལེན་བཞིན་པའི་ཁྲོད་བོད་རིགས་སློབ་མ་ཁག་ཅིག་འགྲོ་བར་འབད་བརྩོན་བྱས་ཀྱང་། ཕྱིས་སུ་བོད་པའི་སློབ་ཕྲུག་རྩེ་ཕུད་ ༨ ནས་ ༩ བཏང་ཁྲོད་དུ་ (SAT) གྲུབ་འབྲས་བརྒྱ་ཆ་ ༩༠% ལོན་དགོས་པ་ལས་བརྒྱ་ཆ་  ༥༡%%  ཙམ་ལས་ལོན་མེད་སྟབས། དཀའ་ངལ་གྱི་གནས་སུ་གྱར་ཡོད་ཚུལ་དང་། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ཀྱི་ཡིག་རྨོངས་སེལ་ཚད་བརྒྱ་ཆ་ ༨༤ དང་། རྒྱ་གར་ཡིག་རྨོངས་སེལ་ཚད་བརྒྱ་ཆའི་ ༧༧ ཡིན་ཚུལ་བརྗོད་ཀྱི་ཡོད་ཀྱང་། ང་ཚོར་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་མེད་པའི་དཀའ་ངལ་ཡོད་པ་དང་། དེ་དག་འཛིན་སྐྱོང་གི་མཐུན་རྐྱེན་དང་ལམ་སྟོན། སློབ་གྲྭའི་འགན་འཛིན་དང་དགེ་རྒན། ཕ་མ་སྤུན་མཆེད། སྤྱི་ཚོགས་བཅས་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་དགོས་པ་ཞིག་ལས། མཐུན་རྐྱེན་གྱི་མ་འདང་པ་ཡིན་མིན་སྐོར་གསུངས་བྱུང་།

མ་འོངས་ལས་དོན་བྱེད་ཕྱོགས་ཐད་ཁོང་གིས། “ ད་ལྟའི་ཆར་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ཏུ་གཞན་རྟེན་གྱི་བསམ་བློ་ལས།  རང་ཁ་རང་གསོ་བྱ་རྒྱུའི་བསམ་བློ་གཏོང་མཁན་དཀོན་པོ་འདུག ང་ཚོའི་ཕུགས་ཀྱི་དམིགས་ཡུལ་གཙོ་བོ་བོད་རང་དབང་སླར་གསོ་དང་བོད་མིས་དབུ་འཁྲིད་རྒྱུ།  བཙན་བྱོལ་སྤྱི་ཚོགས་ཀྱི་མ་འོངས་སོན་རྩ་བྱས་ཏེ་མགོ་འཁྲིད་རྒྱུ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་གླེང་སློང་བྱ་རྒྱུ་དེ་རེད། སློབ་གྲྭའི་སྐབས་སུ་བརྒྱ་ཆ་ ༦༠ ལས་མི་ལོངས་པ་དང་།  སློབ་ཡོན་གྱི་གྲུབ་འབྲས་བརྒྱ་ ༥༡ ལས་ལོན་གྱི་མེད་ན་རྩ་དོན་གང་འདྲ་བྱེད་དེ་རྩོད་ཀྱི་རེད་དམ།  རྒྱལ་སྤྱིའི་སྡིངས་ཆར་ཇི་ལྟར་འགྲོ་འམ། རྒྱ་ནག་ལ་གདོང་ལེན་ཇི་ལྟར་བྱ་འམ། རང་ལུས་མེར་བསྲེཊ་གནང་མཁན་བོད་མི་ ༩༥ གྱིས་ཤུལ་དུ་ཡོད་མཁན་ཚོས་བོད་རྒྱལ་ཁབ་ལ་བདག་པོ་རྒྱག་རོགས། རང་དབང་དགོས་པའི་འདོད་པ་འགྲུབ་པར་གནང་རོགས་ཤེས་བཞུད་སོང་བ་རེད།  བོད་མིའི་སྒྲིག་འཛུགས་ཀྱི་བརྒྱ་དཔོན་བཅུ་དཔོན་ཡན་གྱི་སྲི་ཞུ་བ་ཚང་མས་རྔུལ་ནག་དང་ཁྲག་གིས་བཙུགས་པའི་སློབ་གྲྭ་དང་གཞིས་ཆགས་ཁག་བདག་པོ་རྒྱག་རྒྱུ་ང་ཚོའི་ལས་འགན་རེད། ལོ་རྒྱུས་ཀྱི་ཐོག་སྤོབས་པ་སྐྱེ་དགོས་པ་ཞིག་དང་། རིག་གཞུང་དང་དབུ་ཁྲིད་ཀྱི་ཐོག་ནས་འཛམ་གླིང་ལ་ངོམ་ཆོག་པ་ཞིག་ཡོད་པ་རེད།  མ་འོངས་པར་ང་ཚོས་སློབ་གྲྭ་གཅིག་གི་ནང་ཡུལ་མིའི་ཕྲུ་གུ་ཉམ་ཐག་ལས་དམའ་བའི་བརྒྱ་ཆ་ལེན་དགོས་པའི་གནས་སྟངས་གང་ལ་ཐུག་ཡོད་པ་རེད།  དེ་ཚང་མས་མཁྱེན་པར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་རང་ལ་མཚོན་ན་ཤེས་ཡོན་ཡར་རྒྱས་འགྲོ་བར་ཡིད་ཆེས་ཡོད་ལ།  འབད་བརྩོན་ཡང་གནང་གི་ཡིན།  མ་འོངས་པར་འཛིན་སྐྱོང་གི་མཐུན་འགྱུར་གནང་བ་ལྟར། བོད་པའི་དགེ་རྒན་ཚོས་ཤ་ཞེན་ཡོད་པའི་ཐོག་འབད་པ་གནང་དགོས་པ་རེད། ” ཞེས་གསུངས་བྱུང་།

ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཐད་སྲིད་སྐྱོང་མཆོག་གིས། “ཤེས་ཡོན་སྲིད་བྱུས་གནས་མིན་ལ་འགྱུར་བ་འགྱུར་བ་གང་ཡང་ཡོད་པ་མ་རེད། སྲིད་བྱུས་དེ་གྲོས་ཚོགས་ཀྱི་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་རེད། མ་འོངས་གང་འདྲ་བྱས་ཏེ་ཡར་རྒྱས་གཏོང་མིན་ཐད་ང་ཚོས་སློབ་གྲྭ་ཁག་ཏུ་ཞིབ་འཇུག་བྱེད་བཞིན་པ་ཡིན་སྟབས། རིམ་པས་ཡོང་གི་རེད། སྲིད་བྱུས་འདིའི་ཐད་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་ང་ལ། བཀའ་ཤག་སྐབས་བཅུ་གསུམ་པའི་ཤེས་ཡོན་དང་དཔལ་འབྱོར། འཕྲོད་བསྟེན་ཕྱོགས་གང་ནས་ཀྱང་ཐེ་ཚོམ་མེད་པར་ཕྱག་ལས་གནང་དགོས་སྐོར་གསུངས་བྱུང་།  དེ་ང་རང་གི་རླབས་ཆེན་རེད་བསམ་སོང་།  མ་འོངས་པར་དེ་འདྲ་བྱུང་བ་ཡིན་ན་བགྲོ་གླེང་འདྲ་མིན་ཡོང་བའི་གཞི་རྩ་ཡོད་པ་མ་རེད། ཡར་རྒྱས་གཏོང་དགོས་པའི་གནད་དོན་དེ་ང་ཚོས་རྒྱུ་མཚན་ཁུངས་ལྡན་ཡོད་པའི་ཐོག་རིམ་པས་ཡོང་གི་རེད།  ” ཅེས་གསུངས་སོང་།  

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 3

  1. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    སྲིད་སྐྱོང་མཆོག་གིས་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།
    མ་ཚད་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལམ་སྟོན་གནང་བ་ལ་ངེས་པར་དུ་རྩི་བཀུར་གནང་དགོས་་་་་་གནང་བ་ལ་་ཡང་བསྔགས་བརྗོད་ཡོད།

    Reply
  2. བཀྲ་ཤིས་ཟླ་བ། says:
    ལོ་ 14 སྔོན།

    རིམ་བཞིན་ཁ་ཇེ་གསལ་དུ་འགྲོ་བཞིན་འདུག ཟམ་གདོང་རིན་པོ་ཆེ་ཡིས་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་འགུལ་དཀྱོག་རྒྱག་ས་མེད་པ་བཟོས་འདུག བཀའ་ཤག་གསར་པ་ཡིན་ཡང་སྲིད་ཇུས་རྙིང་པའི་ཐོག་ཤར་སྐྱོད་བྱ་དགོས་པའི་བཀའ་བརྒྱ་ཕབ་འདུག འདི་ཕྱི་ཤུན་བརྗེ་བ་ཙམ་རེད། ལྟོས་དང་། (་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་ང་ལ། བཀའ་ཤག་སྐབས་བཅུ་གསུམ་པའི་ཤེས་ཡོན་དང་དཔལ་འབྱོར། འཕྲོད་བསྟེན་ཕྱོགས་གང་ནས་ཀྱང་ཐེ་ཚོམ་མེད་པར་ཕྱག་ལས་གནང་དགོས་སྐོར་གསུངས་བྱུང་། )

    Reply
  3. རིན་པོ་ཆེ། says:
    ལོ་ 14 སྔོན།

    ཤེས་ཡོན་སྲིད་བྱིས་གསར་པ་བསྐྱར་ནན་བྱས་འདུག ངོ་མ་ཡ་མཚན་རེད། ཁུངས་འཁྱོད་ཀྱི་མེད་པའི་སྲིད་བྱས་ཤིག་གི་ཪོག་ལ་བཙན་འདེད་བྱས་ནས་ག་རེ་ཡོང་ཡ་ཡོད་ན། འདི་བཙན་བཙོན་བོད་མི་ཚོས་ཤེས་ཡོན་གྱི་ཕམ་ཁ་ཆེན་པོ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese