མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལྟ་ཀློག་དཀའ་བའི་བཅའ་ཁྲིམས་ཞིག

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཀོ་ལི་སྒ་གཞིས་ཆགས། གཞུང་པ་ཚེ་དབང་བསོ་རྣམ།

༄༅། ། སྔ་ལོ་ ༢༠༡༡ ལོར་༸གོང་ས་མཆོག་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆབ་སྲིད་ཐུགས་འགན་ཆ་ཚང་དམངས་གཙོའི་རྒྱལ་ཁབ་སྤྱིའི་ལམ་ལུགས་ལྟར། ཡུལ་མིའི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་ཐབས་སུ་མི་མང་གིས་བདམས་པའི་མགོ་འཁྲིད་ལ་རྩིས་སྤྲོད་གནང་རྗེས། ལོ་ངོ་གསུམ་བརྒྱ་དྲུག་བཅུ་ལྷག་རིང་གི་ལོ་རྒྱུས་བཙན་པོ་ཡོད་པའི་གཟི་བརྗིད་ཆེ་ལ། དོན་སྙིང་ལྡན་པའི་རླབས་ཆེན་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་གནམ་ས་ལྟ་བུའི་འགྱུར་བ་ཆེན་པོ་ཕྱིན་ཏེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལའང་ལོ་རྒྱུས་རང་བཞིན་གྱི་བསྐྱར་བཅོས་ཕྱིན་པའི་པར་སྐྲུན་གསར་པ་ཞིག་ལག་སོན་ཡོང་བརྒྱུར་རེ་སྒུག་ཆེན་པོའི་ངང་དུ་ཡོད་པའི་སྐབས་འདིར། ད་ལམ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཕྱི་ལོ་ ༢༠༡༢ གསལ་བ་དེ་དག་ལག་སོན་བྱུང་བར་དགའ་སྤྲོས་ཁེངས་ཏེ་མགོ་ཐོག་ཏུ་བླངས་ཤིང་། བོད་ཀྱི་དམངས་གཙོའི་ལམ་ལུགས་འདི་བཞིན་ཁྲིམས་ལུགས་ཀྱི་དབང་བརྒྱུར་འོག་ཏུ་ཁྲི་ལོར་བརྟན་པ་ཤོག་ཅེས་སྨོན་ལམ་བཏབས་པ་ཡིན།

ཆེད་བརྗོད་ཀློག་སྐབས་མཇུག་ཏུ་བོད་མིའི་སྒྲིག་འཛུགས་འདི་བཞིན་ཁྲིམས་ལུགས་ཀྱི་དབང་བསྒྱུར་ཐོག་བསྐྱོད་རྒྱུར་ཕན་ཐོགས་ངེས་ཅན་ཞིག་ཡོང་བའི་རེ་འདུན་དང་བཅས་གསལ་འདུག་པ་ནི། ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་དོན་དངོས་ལག་ལེན་དུ་ཁྲིམས་ཀྱི་དབང་བསྒྱུར་འོག་མུ་མཐུད་ནས་གནས་ཐུབ་པའི་ཆེད་སེམས་དང་འགན་འཁུར་དེ་དབུས་བོད་མིའི་སྒྲིག་འཛུགས་ལ་ཡོད་པའི་ངེས་པ་སྒྲེན་པོ་བརྙེད་དེ་དགའ་བསུ་དང་བཅས་དཀར་ཆགས་ནས་མར་བལྟ་ཀློག་སྐབས། ལེའུ་དང་པོ་གཞི་རྩའི་ལམ་སྟོན། དོན་ཚན་དང་པོའི་ཚབ་ཏུ། དོན་ཚན་ཉེར་ལྔ་པ་བཀའ་བློན་ཁྲི་པ་དང་། བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག་ཅེས་བསལ་འདུག་ན། རེ་ཞིག་ཐེ་འཚོམ་གྱི་ནང་དུ་ལྷག་ནས་ངོ་ཤེས་འབྲེལ་ཆགས་ཁག་ལ་ལག་ཁྱེར་ཁ་པར་བརྒྱུད་བཀའ་འདྲི་ཞུས་པར་མང་པོ་ཞིག་ལ་པར་སྐྲུན་གསར་པའི་བཅའ་ཁྲིམས་ད་སྔ་ལག་སོན་མེད་པ་དང་། འགའ་ཤས་ལ་ལག་སོན་བྱུང་ཡོད་ཀྱང་ཞིབ་བལྟ་བྱེད་ལོངས་མ་བྱུང་བ་སོགས་ཀྱིས་ང་རང་ཐེ་འཚོམ་གྱི་ས་མཚམས་དེ་ནས་བགྲོད་ཐུབ་མ་སོང་།

བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ལས་དབང་དུ་འཕྲིན་པའི་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་གནམ་ས་ལྟ་བུའི་ལོ་རྒྱུས་ཀྱི་འགྱུར་བ་ཕྱིན་པ་དང་མཉམ་དུ་བཅའ་ཁྲིམས་དཔར་སྐྲུན་པའང་ལོ་རྒྱུས་ཀྱི་འགྱུར་བ་ཞིག་གི་ཆེད་དུ་བཏང་བ་ཡིན་ན་ལས། དེ་མིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཕྱི་ལོ་ ༢༠༡༢ དཔར་སྐྲུན་བཞི་པ། དཔར་བསྐྲུན་གྱི་བདག་དབང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་ཟེར་བའི་བཅའ་ཁྲིམས་དེ་དག་ཤོག་གྲངས་བང་རིམ་དུ་མེད་པ་དང་། དོན་ཚན་ཡར་འཁྲུག་མར་འཁྲུག་མང་བ་སོགས་བལྟ་ཀློག་མ་བདེ་བས་འབྲེལ་ཡོད་ཚོགས་དྲུང་ལས་ཁུངས་ལ་ཞལ་པར་ཐེངས་གཉིས་ཕུལ་བས་ལེན་མཁན་མེད་པས། ད་ལམ་དམངས་གཙོའི་ཀ་བ་བཞི་པ་རང་དབང་ཅན་གྱི་གསར་ཤོག་གི་བརྒྱུད་ལམ་ལ་ཁ་ཕྱོགས་ནས་གང་ཟག་སྒེར་ལ་བསམ་ཚུལ་དང་མཐོང་ཚུལ་ཉམས་མྱོང་སོགས་དཀའ་ཚེགས་གང་འཕྲད་པ་དེ་འདི་གར་གསལ་སྟོན་ཞུ་རྒྱུ་ཡིན།

བཅའ་ཁྲིམས་ནི་ཇི་སྲིད་བོད་མི་གཞིས་བྱེས་གཉིས་རང་ཡུལ་དུ་མཉམ་འཛོམས་མ་ཐུབ་བར་དེ་སྲིད་དུ་བོད་མི་བཙན་བྱོལ་བའི་སྒྲིག་འཛུགས་འདི་དམངས་གཙོ་དང་། ཁྲིམས་ཀྱི་དབང་བསྒྱུར་འོག་ཏུ་གནས་ཐུབ་པའི་ལམ་སྟོན་གྱི་ཁྲིམས་ཡིག་བླ་ན་མེད་པ་དེ་ཡིན་པ་ལས་བཅའ་ཁྲིམས་ལ་མཐོང་ཆུང་དང་། སྣང་མེད་དུ་ནམ་ཡང་འཇོག་མི་ཉན་པ་ནི། བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་དུ་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་དང་ཁྱབ་ཆེ་བའི་རྒྱ་ཆེ་མང་ཚོགས་བཅས་ནས་གསལ་པོ་མཁྱེན་ཐུབ་པའི་གསལ་འདེབས་སུ།         །

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 1

  1. བཀྲ་ཤིས་དབང་ཕྱུག says:
    ལོ་ 13 སྔོན།

    སྤྱིར་བཏང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་ཐུགས་འཁུར་དང་དོ་སྣང་སྤྲད་པར་བསྔགས་བརྗོད་ཡོད། ཡིན་ནའང་བཅའ་ཁྲིམས་ནང་གི་སྐྱོན་གནས་ཐེར་འདོན་བྱས་པ་འདང་མི་འདུག བཅའ་ཁྲིམས་ལ་ཞིབ་མཇལ་གནང་མཁན་ཞིག་ཡིན་ན་མགོ་མཇུག་བར་གསུམ་ནད་སྐྱོན་དང་ནོར་འཁྲུལ། ནང་འགལ་སོགས་ཀྱིས་ཁེངས་བསྡད་ཡོད། ད་དུང་ཡིན་ནོར་དང་དོན་ནོར་ཤོད་ཀྱི་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese